ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས། དུས་རབས་གསར་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཟླ་6ཚེས་21ནས་ཚེས་22ཉིན་བར་ཁྲིམས་འཛིན་ཐིང་གིས་ཐིང་ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་ཐིང་ལས་ཁུངས་ཀྱི་ལས་འཁྱུར་ལས་བྱེད་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཀྲི་པུའུ་ཨུ་ཡོན་9དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་གྱི་འཐུས་མི་6ལས་འཁྱུར་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཀྲི་པུའུ་ཡི་འབྲེལ་གཏུག་པ(ལས་འཁྱུར་ངལ་གསོའི་ཁྲུའུ་ཡི་ལས་ཐོག་ཏང་ཡོན)བཅས་མི་5ཡོད་པ་རེད།
གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་ཕེབས་ནས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས། དེ་བཞིན《དུས་རབས་གསར་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བསམ་འཆར》དང་། 《སི་ཁྲོན་ཞིང་ཆེན་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི“རིམ་གསུམ་ལས་གནས་ལྔའི”འགན་འཁྲིའི་གསལ་ཐོ》《ཁྲིམས་འཛིན་ཐིང་ལས་ཁུངས་ཀྱི་ལས་འཁྱུར་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཀྲི་པུའུ་དང་ལས་འཁྱུར་ངལ་གསོའི་མི་སྣའི་དོ་དམ་ལམ་ལུགས》བཅས་ཀྱི་ནང་དོན་གཙོ་བོ་ལས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཇི་ལྟར་རྒྱག་རྒྱུའི་ཐད་བགྲོ་གླེང་དང་སྤེལ་རེས་བྱས་པ་རེད།
ཚོགས་འདུར་ཞུགས་མཁན་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས། ལས་བྲལ་དང་ལས་འཁྱུར་ལས་བྱེད་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་གསོ་སྦྱོང་སྒྲིག་འཛུགས་བྱས། དེའི་ཐོག་ནས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། ད་ཐེངས་ཀྱི་གསོ་སྦྱོང་དེ་དུས་ཐོག་ཏུ་འཁེལ་བ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད། སློབ་སྦྱོང་དང་ཞིབ་བསྡུར་སྤེལ་རེས་བྱས་པ་བརྒྱུད་ཚང་མས་དུས་རབས་གསར་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྒྱབ་ལྗོངས་ཀྱི་དོན་སྙིང་དང་ཞིབ་ཕྲའི་བླང་བྱར་དེ་བས་གཏིང་ཟབ་པའི་ངོས་འཛིན་དང་བསམ་ཤེས་ཐུབ་ཡོད། ཚང་མས་མགྲིན་གཅིག་ཏུ་བཤད་དོན། ཞི་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་ཕེབས་ནས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། 《དུས་རབས་གསར་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་བསམ་འཆར་》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་ཟུང་འབྲེལ། འགན་འཁྲི་ཤེས་རྟོགས་དང་། རང་ལུས་འགན་འཁུར། འགན་འཁྲི་ལག་བསྟར་བཅས་བྱས་ཏེ་མུ་མཐུད་ནས་ཚ་ནུས་ལྷག་མ་འདོན་སྤེལ་བྱས་ནས་སི་ཁྲོན་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དྲང་ནུས་བསྣན་ཐོག་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།