ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཏང་ཨུད་ཀྱིས་འཚོགས་པ། “ཁྲིམས་འཛིན་གསལ་འབྱེད་སེམས་ཀྱིས་ཏང་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་ཞུ་བའི”བརྙན་ལམ་ཚོགས་འདུ་འཚོགས་པ།

ཐོ་འགོད་དུས་ཚོད།:2022-10-08  

ཞི་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་གཟིགས་ཞིབ་ཏུ་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ། རྒྱ་ཆེའི་ཏང་ཡོན་གསལ་འབྱེད་བྱེད་མཁན་གྱིས་ལས་གནས་ཐོག་གཞི་ཚུགས་ནས་ལེགས་སྐྱེས་འབུལ་རྒྱུར་ཁྲིད་སྟོན་དང་དཔེ་སྟོན་གྱི་མིག་དཔེ་སྟོན་པར་ཁྲིད་སྟོན་སྔར་ལས་ལྷག་པ་བཅས་བྱེད་ཆེད། ཟླ་7ཚེས་1ཉིན་ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཏང་ཨུད་ཀྱིསཁྲིམས་འཛིན་གསལ་འབྱེད་སེམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའིབརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་། ཐིང་ཀྲང་གཞོན་པ། ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཐིང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཅང་ཤིན་ཆིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་ལིའུ་ཀྲི་ཁྲེང་གིས་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་ཁས་ལེན་དང་བླང་བྱ་བརྒྱུད་བསྒྲགས་གནང་བ་སྟེ། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱིས་ཐིང་གི་ཏང་ཨུ་ལོ་ལྔ་དང་གོམ་སྟབས་གསུམ་གྱི་གོང་སྤེལ་འཆར་འགོད་ལྟར། ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ་ཁྲིམས་འཛིན་གསལ་འབྱེད་ཀྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གསུམ་སྐྱོརདང་། བཞི་གོམ་མཉམཁྲིམས་འཛིན་གསལ་འབྱེད་ལམ་ལུགས་བསྐྱར་འཛུགས། ཁྲིམས་འཛིན་གསལ་འབྱེད་ཀྱི་ཡིད་རྟོན་དཔྱད་དཔོག་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་གསལ་འབྱེད་ཆ་འཕྲིན་ཅནས་ཁུལ་གཅིག་དང་སྟེགས་བུ་གསུམའཛུགས་པ། དམངས་ལ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱུགས་སྤྲོད་པའི་ལམ་བར་དུ་གསར་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་གཟིགས་ཞིབ་ཏུ་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཁྲིམས་སྐྱོང་གི་རྩ་བ་བརྟན་པོ། ཡིད་རྟོན་གྱི་རྨང་གཞི་བརྟན་པོ། ལས་གཉེར་ཚད་ལྡན་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནསཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགསདངཏང་ཡོན་གྱི་གདོང་ལེན་ལས་གཞིགཞི་རྟེན་དུ་བྱས་ནས་རྒྱ་ཆེའི་ཁྲིམས་འཛིན་གསལ་འབྱེད་པའི་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་དང་གསར་འབྱེད་ཡར་བརྩོན་བྱས་ཏེ་རང་རེའི་ཞིང་ཆེན་འདི་ཉིད་ཁྲིམས་འཛིན་གསལ་འབྱེད་ཞིང་ཆེན་ཆེན་པོ་ནས་ཁྲིམས་འཛིན་གསལ་འབྱེད་ཞིང་ཆེན་སྟོབས་ཆེན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིནཞེས་གསུངས་པ་རེད།

 

ཚོགས་འདུའི་ཐོག་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེགཅིག་བཞིའིབྱེད་སྒོ་སྤེལ་ནས་ཁྲིམས་འཛིན་གསལ་འབྱེད་དྲ་རྒྱའི་སློབ་གླིང་གི་གཡུལ་ས་གང་ལེགས་སྤྱད་དེ་རིམ་པ་བཞིན་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པ་དང་། ཤེས་རྟོགས་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་གསལ་འབྱེད་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། གཞི་རིམ་བཅོས་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ལ་ཞབས་འདེགས་ཞུ་བ། ལག་ལེན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སློབ་སྦྱོང་བྱས་པ་བརྒྱུད་ཁྲིམས་འཛིན་གསལ་འབྱེད་ཞབས་ཞུ་ལྟེ་གནས་ཀྱི་སྤྱི་ཡོངས་དང་ཟུང་འབྲེལ་བྱེད་ས་གནད་འཁེལ་འཚོལ་ཞིབ་དང་། ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱི་ཤུགས་རྒྱག་ས་གནད་འཁེལ་འཚོལ་བ། ལས་སྒོ་འཕེལ་རྒྱས་ཀྱི་འགག་སྒྲོལ་གྱི་གཞི་ཚུགས་ས་འཕྱུགས་མེད་འཚོལ་བ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་དང་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ཏང་རྩ་འཛུགས་ཀྱིསམངོན་ཡོད་ཀུན་ཁྱབཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གྲོང་ཁྱེརཀྲོའུཁྲིམས་འཛིན་ཅུས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེརཀྲོའུཁག་གི་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་དང་ཏང་རྩ་འཛུགས་བཙུགས་མེད་པའི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཟླ་8པའི་ཟླ་མཇུག་གོང་ཏང་གི་རྩ་འཛུགས་འཛུགས་དགོས་ངེས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། ཞིང་ཆེན་དང་ཐིང་གིས་གཟའ་འཁོར་ཚགས་པར་གྱི་ལམ་ལུགས་སྤྱད་དེ་ལས་ཀའི་འཕེལ་རིམ་གནས་ཚུལ་ཆེད་དོན་བརྡ་ཁྱབ་བཏང་བ་རེད།

ཚོགས་འདུའི་ཐོག་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ཏང་རྩ་འཛུགས་ཀྱིཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགསདང་ཏང་ཡོན་གསལ་འབྱེད་པའིཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ལས་གནསཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས། ཏང་ཀྲི་པུའིཚད་གཞི་བཅུའིའཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ཏང་འཛུགས་སྐྱོང་རྩ་འཛུགས་འཛུགས་པ་དང་། ལས་ཀའི་འགན་འཁྲི། དོ་དམ་ཞབས་ཞུ། སློབ་སྦྱོང་སློབ་གསོ། མང་ཚོགས་ལས་དོན་ཚད་གཞི་ཅན་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཀྲི་པུའིཚོགས་འདུ་གསུམ་དང་སློབ་ཚན་གཅིགསོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་དཔྱད་སྡོམ་སྒྲིག་གཞི་དེཕྱོགས་གཉིས་འཛུལ་དང་ཕན་ཚུན་ལས་གནས་འཁུར་བའིལས་ཀའི་ལམ་ལུགས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁྲིམས་འཛིན་གསལ་འབྱེད་ཀྱི་ཏང་འཛུགས་རིག་གནས་གཡུལ་ས་རྒྱ་སྐྱེད་དུ་གཏོང་བ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགསདངཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ལས་གནསབདམས་ནས་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ཏང་རྩ་འཛུགས་དང་ཏང་ཡོན་གསལ་འབྱེད་པའི་ཚད་གཞི་འཛུགས་པ་དང་འབྲེལ། ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ལས་སྒོའི་རྣམ་གྲངས་ཁ་སྣོན་རྒྱག་པའི་སྔོན་ལ་ཆ་རྐྱེན་ཞིག་ཏུ་བརྩིས་ནས་ཁྲིམས་འཛིན་གསལ་འབྱེད་པའི་གོ་མིང་ཞིབ་དཔྱད་གཏན་འཁེལ་གྱི་སྔོན་ལ་བྱེད་པའི་ཆ་རྐྱེན་དང་ཡིད་རྟོན་མ་ལག་ཞིབ་དཔྱད་གཏན་འཁེལ་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩིས་ནས་སྔོན་ལ་དཔྱད་བསྡུར་དང་སྔོན་ལ་དཔྱད་བསྡུར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རེད།

 

 

ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཀྱི་ཚོགས་གཙོ་ལེའང་ཝུའེ་པོ་ཡིསཞིང་ཆེན་དེ་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཐདཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས”10འདེམས་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཀྱི་གཏན་འབེབསདངཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ས་ཚིགས”30འདེམས་རྒྱུའི་སྐོར་གྱི་གཏན་འབེབསསྒྲོག་སྦྱངས་བྱས་པ་དང་ཚོགས་འདུའི་ཐོགཏང་འཛུགས་སྐྱོང་དཔེ་སྟོན་ས་གགི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། སི་ཁྲོན་ཏིང་ཁྲེང་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ལི་ཆི་དང་། ལྷོ་ནུབ་གསོ་རིག་ཚན་རིག་ཆེ་མོའི་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཆི་ཁུན། ཀྲུང་ཧོན་ཧྲུའུ་ཁོར་ཡུག་ལ་གནོད་འཚེ་བཏང་བའི་ཁྲིམས་འཛིན་གསལ་འབྱེད་སུའོ་ཡི་ཏང་ཡོན་གསལ་འབྱེད་པ་ཐང་ཅ། སི་ཁྲོན་མཉམ་འབྲེལ་ཐོག་བཙུགས་པའི་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱི་ཏང་ཡོན་གསལ་འབྱེད་པ་ཧྥན་ཤིའུ་དབྱིང་བཅས་ཀྱིས་ཚབ་མཚོན་བརྩམས་ཆོས་བཞི་གཏམ་བཤད་བྱས་པ་རེད།

 

ཚོགས་འདུའི་ཐོག་ད་དུང་ཞིང་ཨུད་རྩ་འཛུགས་པུས་ཁྲུའུ་གསུམ་གྱི་ཁྲུའུ་ཀྲང་གཞོན་པ་ཐང་ཝུའེ་སྒྲིག་འཛུགས་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་ཟུར་ཁྲིད་བྱེད་པར་གདན་དྲངས་པ་རེད། ཚོགས་འདུའི་ཐོག་བརྙན་ལམ་རྣམ་པའི་ཐོག་ནས་གྲོང་ཁྱེརཀྲོའུཁྲིམས་འཛིན་ཅུས་སུ་འཚོགས་པ་རེད། ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཏང་ཨུད་ཀྱི་ཨུ་ཡོན་དང་། ཚོགས་གཙོ་གཞོན་པ། གྲོང་ཁྱེརཀྲོའུཁག་གི་ཁྲིམས་འཛིན་ཅུས་ཀྱི་ལས་བགོས་འགོ་ཁྲིད་དང་ཁྲིམས་འཛིན་གསལ་འབྱེད་དོ་དམ་ལས་བྱེད་པ། གྲོང་ཁྱེརཀྲོའུཁག་གི་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ། ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། ཏང་འཛུགས་སྐྱོང་གི་འགན་འཁུར་བ། ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ། ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགསདང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ལས་གསའཐུས་མི། ཏང་ཡོན་གྱི་འཐུས་མི་བཅས་ཁྱོན་200ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号