12348热线

ཐོ་འགོད་དུས་ཚོད།:2020-12-07  

12348热线指引



    (
གཅིག)སྤྱི་དམངས་ཀྱི་ཡོང་འབབ།
    (
གཉིས། )སྤྱི་དམངས་ཀྱི་ཁང་པ་དང་གསོག་དངུལ། འཚོ་བའི་མཁོ་རྫས།
    (
གསུམ།) སྤྱི་དམངས་ཀྱི་ཤིང་ཆ་དང་ཕྱུགས་ཟོག
    (
བཞི།) སྤྱི་དམངས་ཀྱི་རིག་གནས་ཤུལ་དངོས་དང་དཔེ་དེབ་དཔྱད་གཞི།
    (
ལྔ། )བཅའ་ཁྲིམས་སུ་སྤྱི་དམངས་ལ་དབང་ཆོག་པའི་ཐོན་སྐྱེད་རྒྱུ་ཆ་ཚང་མ།
    (
དྲུག)སྤྱི་དམངས་ཀྱི་རྩོམ་གྱི་བདག་དབང་དང་ཆེད་ཁེའི་བདག་དབང་ཁྲོད་ཀྱི་རྒྱུ་ནོར་དབང་ཆ།
    (
བདུན། )སྤྱི་དམངས་ཀྱི་ཁྲིམས་མཐུན་གྱི་རྒྱུ་ནོར་གཞན་དག

དོན་ཚན་བཞི་པ། སྒེར་གྱིས་འགན་བླངས་ཏེ་ཐོབ་འོས་པའི་སྒེར་གྱི་ཡོང་འབབ་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཤུལ་འཛིན་བྱ་རྒྱུ། གང་ཞིག་སྒེར་གྱིས་འགན་གཙང་ལེན་བྱས་པ་བཅའ་ཁྲིམས་ལྟར་ཤུལ་འཛིན་པས་མུ་མཐུད་དུ་འགན་གཙང་ལེན་བྱེད་ན་འགན་གཙང་ལེན་པའི་གན་རྒྱ་ལྟར་བསྒྲུབ་རྒྱུ།

དོན་ཚན་ལྔ་པ། ཤུལ་འཛིན་གྱི་འགོ་བརྩམས་རྗེས་ཁྲིམས་བཀོད་ཤུལ་འཛིན་ལྟར་བསྒྲུབ་རྒྱུ་དང་། ཁ་ཆེམས་ཡོད་པ་ལ་ཁ་ཆེམས་ལྟར་ཤུལ་འཛིན་བྱ་རྒྱུའམ་ཡང་ན་ཤུལ་འཛིན་སྤྲད་རྒྱུ། གསོ་སྐྱོང་གི་གྲོས་མོལ་ཡོད་རིགས་གྲོས་མཐུན་ལྟར་སྒྲུབ་རྒྱུ།

 དོན་ཚན་དྲུག་པ། བྱ་སྤྱོད་སྤེལ་ནུས་མེད་མཁན་གྱི་ཤུལ་འཛིན་དབང་ཆ་དང་། ཁ་ཆེམས་ལྟར་རྒྱུ་ནོར་ལེན་དབང་གང་ཞིག་ཁྲིམས་བཀོད་ངོ་ཚབ་ཀྱིས་དེའི་ཚབ་ཏུ་ལག་བསྟར་བྱ་རྒྱུ།
    
བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་གྱི་ཤུལ་འཛིན་དབང་ཆ་དང་། ཁ་ཆེམས་ལྟར་རྒྱུ་ནོར་ལེན་དབང་། ཁྲིམས་བཀོད་ངོ་ཚབ་ཀྱིས་དེའི་ཚབ་ཏུ་ལག་ལེན་བསྟར་རྒྱུའམ་ཡང་ན་ཁྲིམས་བཀོད་ངོ་ཚབ་སུ་ཞིག་མོས་མཐུན་བྱུང་རྗེས་ལག་བསྟར་བྱ་བ།
    
དོན་ཚན་བདུན་པ། ཤུལ་འཛིན་པར་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཤུལ་འཛིན་བྱེད་དབང་ཤོར་བ་སྟེ།
    (
གཅིག)ཤེས་བཞིན་དུ་ཤུལ་འཛིན་པ་བསད་པ།
    (
གཉིས། )ཤུལ་བཞག་རྒྱུ་དངོས་འཕྲོག་ལེན་བྱེད་ཆེད་ཤུལ་འཛིན་པ་གཞན་དག་བསད་པ།
    (
གསུམ། )ཤུལ་འཛིན་པ་སྐྱུར་ཞིང་སྡུག་གཅོད་ཚབས་ཆེན་གཏོང་བའི་རིགས།
    (
བཞི། )ཁ་ཆེམས་རྫུན་བཟོ་དང་ཟོལ་བཅོས་བྱེད་པ།   ཁ་ཆེམས་མེད་པར་བཟོས་པའི་ཉེས་བ་ཚབས་ཆེ་རིགས་བཅས།
    
དོན་ཚན་བརྒྱད་པ། ཤུལ་འཛིན་དབང་ཆའི་རྩོད་གཞི་གཏུག་བཤེར་བྱེད་པའི་དུས་ཡུན་ནི་ལོ་གཉིས་ཡིན་ཞིང་། ཤུལ་འཛིན་པས་རང་གི་ཁེ་དབང་ལ་བཙན་གནོད་ཐེབས་པ་ཤེས་པའམ་ཡང་ན་ཤེས་ངེས་པའི་ཉིན་ནས་བཟུང་བརྩི་རྒྱུ། འོན་ཀྱང་ཤུལ་འཛིན་བྱེད་འགོ་བཙུགས་ནས་ལོ་ཉི་ཤུ་འདས་ཟིན་ན་གཏུག་བཤེར་བྱེད་མི་ཆོག
   
 ལེའུ་གཉིས་པ། ཁྲིམས་བཀོད་ཤུལ་འཛིན་སྐོར།
དོན་ཚན་དགུ་བ། ཤུལ་འཛིན་བྱེད་དབང་ཕོ་མོ་འདྲ་མཉམ།

དོན་ཚན་བཅུ་པ། ཤུལ་བཞག་རྒྱུ་དངོས་གཤམ་གསལ་གོ་རིམ་ལྟར་ཤུལ་འཛིན་བྱ་རྒྱུ་སྟེ།
    
གོ་རིམ་ཨང་དང་པོ། བཟའ་ཟླ་དང་། བུ་ཕྲུགཕ་མ།
    
གོ་རིམ་ཨང་གཉིས་པ། གཅེན་གཅུང་མིང་སྲིང་།སྤོ་བོ་རྨོ་བོ།  སྒྱུག་པོ།  སྒྱུག་མོ།
    
ཤུལ་འཛིན་བྱེད་འགོ་ཚུགས་རྗེས་གོ་རིམ་ཨང་དང་པོའི་ཤུལ་འཛིན་པས་ཤུལ་འཛིན་བྱ་རྒྱུ་དང་གོ་རིམ་ཨང་གཉིས་པའི་ཤུལ་འཛིན་པས་ཤུལ་འཛིན་མི་བྱ།   གོ་རིམ་ཨང་དང་པོའི་ཤུལ་འཛིན་པ་མེད་ན་གོ་རིམ་ཨང་གཉིས་པའི་ཤུལ་འཛིན་པས་ཤུལ་འཛིན་བྱ་རྒྱུ།
    
བཅའ་ཁྲིམས་འདིར་བཤད་པའི་ཕྲུ་གུ་ཞེས་པའི་ནང་གཉེན་བསྒྲིགས་ཏེ་སྐྱེས་པའི་ཕྲུ་གུ་དང་། གཉེན་མ་བསྒྲིགས་པར་སྐྱེས་པའི་ཕྲུ་གུ།    བུ་སྐལ།   གསོ་སྐྱོང་གི་འབྲེལ་བ་ཡོད་པའི་ཕྲུ་གུ་བཅས་ཚུད།
    
བཅའ་ཁྲིམས་འདིར་བཀོད་པའི་ཕ་མ་ཞེས་པ་ནི་སྐྱེས་པའི་ཕ་མ།   ཕ་ཡུར་དང་མ་ཡུར།  གསོས་ཤིང་བསྐྱངས་བའི་ཕ་མ་བཅས་འདུས།
    
བཅའ་ཁྲིམས་འདིའི་ནང་བཤད་པའི་གཅེན་གཅུང་མིང་སྲིང་ནི་ཕ་མ་གཅིག་པ་དང་ཕ་གཅིག་མ་ཐ་དད་པ།  ཡང་ན་མ་གཅིག་པ་ཕ་ཐ་དད་པ།  གསོ་སྐྱོང་བཅས་ཀྱི་འབྲེལ་བ་ཡོད་པ་སོགས་ཚུད་ཡོད།
    
དོན་ཚན་བཅུ་གཅིག་པ། ཤུལ་བཞག་ནོར་བདག་གི་བུ་ཕྲུག་གང་ཞིག་ཤུལ་བཞག་ནོར་བདག་གི་སྔོན་ལ་ཚེ་ལས་འདས་པ་ཡིན་ན། ཤུལ་བཞག་ནོར་བདག་གི་བུ་ཕྲུག་གི་དངོས་རྒྱུད་གཉེན་ཚན་མི་རབས་ཕྱི་མས་ཚབ་བྱས་ནས་ཤུལ་འཛིན་བྱ་རྒྱུ། ཚབ་བྱེད་ཤུལ་འཛིན་པས་སྤྱིར་བཏང་དུ་ཁོའི་ཨ་ཕའམ་ཨ་མར་ཤུལ་འཛིན་བྱེད་དབང་ཡོད་པའི་ཤུལ་དངོས་ཀྱི་ཐོབ་སྐལ་ཁོ་ན་ཤུལ་འཛིན་བྱ་དགོས།
    
དོན་ཚན་བཅུ་གཉིས་པ། ཁྱོ་ཤུག་ཟུང་ལས་འདས་པ་གང་ཞིག་གི་ཕ་མ་ལ་གང་དེའི་བཟའ་ཟླ་གསོན་ཐོག་ཏུ་ཡོད་པ་དེས་གཉོར་སྐྱོང་གི་འགན་གཙོ་བོ་ཁུར་ཡོད་ན་གོ་རིམ་ཨང་དང་པོའི་ཤུལ་འཛིན་པར་བརྩི་བ།
    
དོན་ཚན་བཅུ་གསུམ་པ། གོ་རིམ་གཅིག་པའི་ཤུལ་འཛིན་པ་རྣམས་ཀྱི་ཤུལ་བཞག་རྒྱུ་དངོས་ཀྱི་ཐོབ་སྐལ་སྤྱིར་བཏང་དུ་འདྲ་མཉམ་ཡིན་དགོས།
    
འཚོ་བའི་ཐད་དཀའ་ངལ་དམིགས་བསལ་ཀྱི་དཀའ་ཁག་དང་ངལ་རྩོལ་བྱེད་ནུས་མེད་པའི་ཤུལ་འཛིན་པར་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་སྐབས་ལྟ་སྐྱོང་བྱ་དགོས།
    
ཤུལ་བཞག་ནོར་བདག་གཉོར་སྐྱོང་གི་འོས་འགན་གཙོ་བོ་ཁུར་བའམ་འཚོ་བ་མཉམ་དུ་སྐྱེལ་མཁན་གྱི་ཤུལ་འཛིན་པར་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་སྐབས་མང་ཙམ་བགོས་ཆོག
     
ཤུལ་བཞག་ནོར་བདག་གཉོར་སྐྱོང་གི་ནུས་པ་དང་ཆ་རྐྱེན་འཛོམས་ཀྱང་གཉོར་སྐྱོང་གི་འོས་འགན་མ་ཁུར་བའི་ཤུལ་འཛིན་པར་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་སྐབས་མི་བགོ་བའམ་ཉུང་ཙམ་ལས་མི་བགོ་རྒྱུ།
    
ཤུལ་འཛིན་མཁན་མོས་མཐུན་བྱུང་ན་ཆ་སྙོམས་སུ་མ་བགོས་ཀྱང་ཆོག
    
དོན་ཚན་བཅུ་བཞི་པ། ཤུལ་འཛིན་པ་མིན་རུང་ཤུལ་བཞག་ནོར་བདག་གི་འཚོ་སྐྱོང་ལ་བརྟེན་ཅིང་ངལ་རྩོལ་བྱེད་ནུས་མེད་ལ་འཚོ་རྟེན་ཡོང་ཁུངས་ཀྱང་མེད་མཁན་ནམ་ཤུལ་འཛིན་པ་མིན་རུང་ཤུལ་བཞག་ནོར་བདག་ལ་ཞབས་ཏོག་མང་ཙམ་ཞུ་མྱོང་མཁན་ལ་ཤུལ་བཞག་རྒྱུ་དངོས་འོས་འཚམ་བགོས་ཆོག
    
དོན་ཚན་བཅོ་ལྔ་པ། ཤུལ་འཛིན་པས་ཕན་ཚུན་བསམ་ཤེས་བཟོད་བསྲན་དང་འཆམ་མཐུན་མཐུན་སྒྲིལ་གྱི་བསམ་པ་བཅངས་ནས་ཤུལ་འཛིན་གྱི་གནད་དོན་གྲོས་མོལ་ངང་ཐག་གཅོད་བྱ་དགོས། ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་པའི་དུས་ཚོད་དང་། བགོ་ཐབས། སྐལ་གྲངས་བཅས་ཤུལ་འཛིན་པས་གྲོས་མོལ་བྱས་ནས་གཏན་འཁེལ་བྱ་རྒྱུ། གྲོས་ཁ་མ་མཐུན་ཚེ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་བར་འདུམ་བྱེད་པའམ་ཡང་ན་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག

ལེའུ་གསུམ་པ། ཁ་ཆེམས་ལྟར་རྒྱ་ནོར་ཤུལ་འཛིན་དང་ཁ་ཆེམས་ལྟར་རྒྱུ་ནོར་སྤྲོད་པ།
    དོན་ཚན་བཅུ་དྲུག་པ། སྤྱི་དམངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་རང་ཉིད་ཀྱི་རྒྱུ་ནོར་ཐག་གཅོད་བྱ་རྒྱུའི་ཁ་ཆེམས་བཞག་ཆོག་པ་མ་ཟད་ཁ་ཆེམས་ལག་བསྟར་བྱེད་མཁན་དམིགས་སུ་བཙུགས་ཀྱང་ཆོག
    
སྤྱི་དམངས་ཀྱིས་ཁྲིམས་བཀོད་ཤུལ་འཛིན་པའི་མི་གཅིག་གམ་མི་འགའ་ཡིས་རང་ཉིད་ཀྱི་རྒྱུ་དངོས་ཤུལ་འཛིན་བྱེད་དུ་འཇུག་རྒྱུའི་ཁ་ཆེམས་བཞག་ཆོག
    
སྤྱི་དམངས་ཀྱིས་རང་ཉིད་ཀྱི་རྒྱུ་དངོས་རྣམས་རྒྱལ་ཁབ་དང་ཐུན་མོང་ངམ་ཁྲིམས་བཀོད་ཤུལ་འཛིན་པ་མིན་པའི་སྐྱེ་བོར་སྤྲོད་རྒྱུའི་ཁ་ཆེམས་བཞག་ཆོག
    
དོན་ཚན་བཅུ་བདུན་པ། གཞུང་དཔང་་ཁ་ཆེམས་ནི་ཁ་ཆེམས་འཇོག་མཁན་གྱིས་གཞུང་དཔང་ལས་ཁུངས་བརྒྱུད་ནས་འཇོག་དགོས།
    
རང་བྲིས་ཁ་ཆེམས་ནི་ཁ་ཆེམས་འཇོག་མཁན་གྱི་དངོས་བྲིས་ཡིན་དགོས་ལ། མིང་འགོད་དགོས་པ། ལོ་དང་ ཟླ་བ། ཚེས་པ་བཅས་གསལ་པོར་འགོད་དགོས།
    
ཚབ་བྲིས་ཁ་ཆེམས་ལ་དེ་གར་ཡོད་པའི་དཔང་མི་གཉིས་ཡན་ཡོད་དགོས་པ་དང་། དེའི་ནང་གི་མི་གཅིག་གིས་ཚབ་འབྲི་བྱ་རྒྱུ་དང་། ལོ་དང་ཟླ་བ། ཚེས་གྲངས་བཅས་གསལ་པོར་འགོད་དགོས་པར་མ་ཟད། ཚབ་འབྲི་བྱེད་མཁན་དང་དཔང་པོ་གཞན་པ་གང་ཞིག། ཁ་ཆེམས་འཇོག་མཁན་བཅས་ཀྱི་མིང་རྟགས་ཀྱང་འགོད་དགོས།
    
སྒྲ་ཕབ་ཀྱི་རྣམ་པའི་ཐོག་ནས་ཁ་ཆེམས་འཇོག་སྐབས་དེ་གར་ཡོད་པའི་དཔང་པོ་གཉིས་ཡན་ཡོད་དགོས།
    
ཁ་ཆེམས་འཇོག་མཁན་ལ་ཉེན་ཚབས་བྱུང་ཚེ་ངག་ཐོག་ནས་ཁ་ཆེམས་བཞག་ཆོག ངག་ཐོག་ནས་ཁ་ཆེམས་འཇོག་སྐབས་དཔང་པོ་གཉིས་ཡན་ཡོད་དགོས། ཉེན་ཚབས་གང་ཞིག་བཟློག་པའི་རྗེས་སུ་ཡིག་ཐོག་གམ་སྒྲ་ཕབ་ཀྱི་རྣམ་པས་ཁ་ཆེམས་འཇོག་ཐུབ་ན་ངག་ཐོག་ནས་བཞག་པའི་ཁ་ཆེམས་ལ་ཕན་དང་ནུས་པ་མེད།
    
དོན་ཚན་བཅོ་བརྒྱད་པ། གཤམ་གསལ་གྱི་མི་སྣ་ཁ་ཆེམས་བདེན་དཔང་མཁན་དུ་བཞག་མི་ཆོག་པ་སྟེ།
    (
གཅིག)བྱ་སྤྱོད་སྤེལ་ནུས་མེད་མཁན་དང་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན།
    (
གཉིས། )ཤུལ་འཛིན་པ་དང་ཤུལ་དངོས་སྤྲོད་ས།
    (
གསུམ། )ཤུལ་འཛིན་པ་དང་ཤུལ་དངོས་སྤྲོད་སའི་བར་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་བཅས་ཡིན།
    
དོན་ཚན་བཅུ་དགུ་པ། ཁ་ཆེམས་ཀྱིས་ངལ་རྩོལ་བྱེད་ནུས་མེད་ལ་འཚོ་རྟེན་ཡོང་ཁུངས་ཀྱང་མེད་པའི་ཤུལ་འཛིན་པར་ཤུལ་བཞག་རྒྱུ་དངོས་ཀྱི་ཐོབ་སྐལ་དགོས་ངེས་ཞིག་འཇོག་དགོས།
    
དོན་ཚན་ཉི་ཤུ་པ། ཁ་ཆེམས་འཇོག་མཁན་གྱིས་རང་ཉིད་ཀྱིས་བཞག་པའི་ཁ་ཆེམས་ཕྱིར་འཐེན་དང་བསྒྱུར་བཅོས་བྱས་ཆོག
ཁ་ཆེམས་ཁག་ཁ་ཤས་བཞག་ཡོད་ཅིང་། ནང་དོན་ཕན་ཚུན་འགལ་བ་ཡོད་ན་ཁ་ཆེམས་མཐའ་མ་དེ་གཞིར་འཛིན་རྒྱུ།རང་བྲིས་ཁ་ཆེམས་དང་ཚབ་བྲིས་ཁ་ཆེམས། སྒྲ་ཕབ་ཁ་ཆེམས། ངག་ཐོག་གི་ཁ་ཆེམས་བཅས་ཀྱི་གཞུང་དཔང་ཁ་ཆེམས་ཕྱིར་འཐེན་དང་བསྒྱུར་བཅོས་བྱས་མི་ཆོག

དོན་ཚན་ཉེར་གཅིག་པ། ཁ་ཆེམས་ནང་ཤུལ་འཛིན་ནམ་ཡང་ན་ཤུལ་སྤྲོད་ལ་འོས་འགན་གང་ཞིག་བསྒྲུབ་པ་ཟུར་ཏུ་བཀོད་ཡོད་ན། ཤུལ་འཛིན་པའམ་ཤུལ་དངོས་སྤྲོད་ས་ཡིས་འོས་འགན་དེ་སྔོན་ལ་སྒྲུབ་དགོས། རྒྱུ་མཚན་མེད་པར་འོས་འགན་མ་བསྒྲུབས་ན། འབྲེལ་ཡོད་ལས་ཁུངས་སམ་མི་སྒེར་གྱིས་རེ་འདུན་ཞུས་པ་བརྒྱུད་མི་དམངས་ཁྲིམས་ཁང་གིས་དེའི་ཤུལ་བཞག་རྒྱུ་དངོས་ལེན་དབང་མེད་པར་བཟོས་ཆོག
    
དོན་ཚན་ཉེར་གཉིས་པ། བྱ་སྤྱོད་སྤེལ་ནུས་མེད་མཁན་ནམ་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་གྱིས་བཞག་པའི་ཁ་ཆེམས་རིགས་ལ་ནུས་པ་དང་ཕན་ཐོགས་མེད།
    
ཁ་ཆེམས་ནང་ཁ་ཆེམས་འཇོག་མཁན་གྱི་བསམ་དོན་ངོ་མ་མཚོན་དགོས་ཤིང་། བཙན་ཤེད་དང་མགོ་སྐོར་ཐེབས་ནས་བཞག་པའི་ཁ་ཆེམས་ལ་ནུས་པ་མེད།
    
རྫུན་བཟོ་བྱས་པའི་ཁ་ཆེམས་ལ་ནུས་པ་མེད།
    
ཟོལ་བཅོས་བྱས་པའི་ཁ་ཆེམས་ཀྱི་ནང་དོན་ལ་ནུས་པ་མེད།
    ལེའུ་བཞི་པ། ཤུལ་བཞག་རྒྱུ་དངོས་བགོ་སྟངས།
    དོན་ཚན་ཉེར་གསུམ་པ། ཤུལ་འཛིན་བྱེད་འགོ་ཚུགས་རྗེས་ཤུལ་བཞག་ནོར་བདག་ཚེ་ལས་འདས་པ་ཤེས་པའི་ཤུལ་འཛིན་པས་དུས་ཐོག་ཏུ་ཤུལ་འཛིན་པ་གཞན་དག་དང་ཁ་ཆེམས་ལག་བསྟར་བྱེད་མཁན་ལ་བརྡ་སྦྱོར་བྱ་དགོས། ཤུལ་འཛིན་པའི་ཁྲོད་ནས་ཤུལ་བཞག་ནོར་བདག་ཚེ་ལས་འདས་པ་ཤེས་མཁན་མེད་པའམ་ཤེས་ཀྱང་བརྡ་སྦྱོར་བྱེད་མ་ཐུབ་ན། ཤུལ་བཞག་ནོར་བདག་འཚོ་བཞུགས་སྐབས་གནས་སའི་ལས་ཁུངས་སམ་སྡོད་གནས་གཙོ་བོའི་གྲོང་མི་ཨུ་ཡོན་ལྷན་ཁང་ངམ་གྲོང་ཚོའི་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་གཏོང་འགན་འཁུར་རྒྱུ།
    
དོན་ཚན་ཉེར་བཞི་པ། ཤུལ་བཞག་རྒྱུ་དངོས་ཉར་ཚགས་བྱེད་མཁན་གྱིས་ཤུལ་བཞག་རྒྱུ་དངོས་ཉར་ཚགས་དོ་དམ་བྱ་དགོས་པ་ལས་མི་སུ་ཞིག་གིས་ཀྱང་ལྐོག་ཟ་ཧམ་འཕྲོག་བྱེད་མི་ཆོག
    
དོན་ཚན་ཉེར་ལྔ་པ། ཤུལ་འཛིན་བྱ་བའི་མགོ་བརྩམས་རྗེས། ཤུལ་འཛིན་པས་ཤུལ་འཛིན་མི་བྱེད་པའི་གནས་ཚུལ་གང་ཞིག་བྱུང་ཚེ་ཤུལ་བཞག་རྒྱུ་དངོས་ཐག་གཅོད་མ་བྱས་སྔོན་དུ་ཤུལ་མི་འཛིན་པའི་བསམ་ཚུལ་མཚོན་དགོས། གསལ་འདེབས་མ་བྱས་ན་ཤུལ་འཛིན་དང་དུ་ལེན་པར་བརྩི་རྒྱུ།
    
ཤུལ་དངོས་སྤྲོད་ས་ཡིས་ཤུལ་དངོས་རང་ལ་སྤྲོད་པ་ཤེས་རྗེས་ཀྱི་ཟླ་བ་གཉིས་ཀྱི་ནང་ཚུན་དུ་དང་ལེན་བྱེད་མིན་གྱི་བསམ་ཚུལ་མཚོན་དགོས། དུས་བཅད་ཐོན་ཡང་བསམ་ཚུལ་མ་མཚོན་ན་དང་ལེན་མི་བྱེད་པར་བརྩི་རྒྱུ།
    
དོན་ཚན་ཉེར་དྲུག་པ། ཁྱོ་ཤུག་གཉེན་སྒྲིག་གི་འབྲེལ་བ་ཡོད་སྐབས་སུ་ཐོབ་པའི་ཐུན་མོང་གི་རྒྱུ་ནོར་གང་ཞིག་ཁ་དན་བཞག་ཡོད་པ་ཕུད། ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་དགོས་པ་བྱུང་ན། སྔོན་ལ་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་ཕྱེད་ཀ་བཟའ་ཟླར་བགོ་དགོས་པ་དང་། དེ་འཕྲོས་རྣམས་ཤུལ་འཛིན་མཁན་གྱི་ཤུལ་བཞག་རྒྱུ་དངོས་ཡིན།
    
ཁྱིམ་ཚང་ཐུན་མོང་གི་རྒྱུ་ནོར་ཁྲོད་དུ་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་སྐབས། སྔོན་ལ་མི་གཞན་པའི་རྒྱུ་ནོར་བགོ་དགོས།
    
དོན་ཚན་ཉེར་བདུན་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཤུལ་བཞག་རྒྱུ་དངོས་ནང་གི་འབྲེལ་ཡོད་ཆ་ཤས་ཁྲིམས་བཀོད་ཤུལ་འཛིན་བྱེད་ལུགས་ལྟར་བསྒྲུབ་རྒྱུ།
    (
གཅིག)ཁ་ཆེམས་ནང་གསལ་གྱི་ཤུལ་འཛིན་པས་ཤུལ་འཛིན་བྱེད་དབང་བསྐྱུར་བའམ་ཤུལ་དངོས་སྤྲོད་ཡུལ་ཀྱིས་བསྐྱུར་བའི་རིགས།
    (
གཉིས། )ཁ་ཆེམས་ནང་གསལ་གྱི་ཤུལ་འཛིན་པའི་ཤུལ་འཛིན་བྱེད་དབང་ཤོར་བའི་རིགས།
    (
གསུམ། )ཁ་ཆེམས་ནང་གསལ་གྱི་ཤུལ་འཛིན་པ་དང་ཤུལ་དངོས་སྤྲོད་ཡུལ་སུ་ཞིག་ཁ་ཆེམས་འཇོག་མཁན་གྱི་སྔོན་ལ་ཚེ་ལས་འདས་བའི་རིགས།
    (
བཞི། )ཁ་ཆེམས་ནང་ནུས་བ་མེད་པའི་ཆ་དེའི་ཁོངས་སུ་གཏོགས་པའི་ཤུལ་བཞག་རྒྱུ་ནོར།
    (
ལྔ། )ཁ་ཆེམས་ནང་ཐག་གཅོད་བྱས་མེད་པའི་ཤུལ་བཞག་རྒྱུ་དངོས་བཅས་ཡིན།
    
དོན་ཚན་ཉེར་བརྒྱད་པ། ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་སྐབས་མངལ་གནས་ཕྲུ་གུའི་ཐོབ་སྐལ་འཇོག་དགོས། མངལ་གནས་ཕྲུ་གུ་སྐྱེ་དུས་ཤི་རོ་ཡིན་ན་དེའི་ཐོབ་སྐལ་ཁྲིམས་བཀོད་ཤུལ་འཛིན་བྱེད་ལུགས་ལྟར་བསྒྲུབ་རྒྱུ།
    
དོན་ཚན་ཉེར་དགུ་པ། ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་སྐབས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་ཕན་པ་བྱ་དགོས་པ་དང་།ཤུལ་བཞག་རྒྱུ་དངོས་ཀྱི་ཕན་ནུས་ལ་གནོད་སྐྱོན་མི་གཏོང་རྒྱུ།
    
བགོ་བཤའ་རྒྱག་དཀའ་བའི་ཤུལ་བཞག་རྒྱུ་དངོས་རྣམས་སྐྱིན་ཚབ་འོས་འཚམ་འཇལ་བའམ་ཐུན་མོང་ལ་དབང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་ཆོག
    
དོན་ཚན་སུམ་ཅུ་པ། ཁྱོ་ཤུག་ཕྱོགས་གཅིག་ཚེ་ལས་འདས་རྗེས་ཅིག་ཤོས་ཀྱིས་བསྐྱར་དུ་གཉེན་སྒྲིག་བྱས་ན་སོ་སོར་དབང་བའི་ཤུལ་བཞག་རྒྱུ་ནོར་ཐག་གཅོད་བྱེད་དབང་ཡོད་པས་སྐྱེ་བོ་སུ་ཞིག་གིས་ཀྱང་ཐེ་གཏོགས་བྱས་མི་ཆོག

དོན་ཚན་སོ་གཅིག་པ། སྤྱི་དམངས་ཀྱིས་གསོ་སྐྱོང་བྱེད་མཁན་གང་རུང་དང་ཤུལ་དངོས་གཉོར་སྐྱོང་གི་དྲིན་དུ་གཟོ་བའི་གྲོས་ཆོད་བཞག་ཆོག་ལ། གྲོས་ཆོད་ལྟར་གསོ་སྐྱོང་བྱེད་མཁན་གྱིས་སྤྱི་དམངས་དེ་འཚོ་དུས་གཉོར་སྐྱོང་དང་ཤི་དུས་ལམ་འཇུག་གི་འོས་འགན་འཁུར་དགོས་ལ་ཤུལ་དངོས་རྒྱུད་འཛིན་གྱི་དབང་ཆའང་ཡོད།
    
སྤྱི་དམངས་ཀྱིས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་དང་གསོ་སྐྱོང་བྱ་རྒྱུའི་གྲོས་མཐུན་བཞག་ཆོག གྲོས་མཐུན་ལྟར་ན། ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་ཀྱིས་སྤྱི་དམངས་དེ་ནམ་འཚོའི་བར་འཚོ་སྐྱོང་དང་ཚེ་ལས་འདས་པའི་འོས་འགན་འཁུར་དགོས་པ་དང་།
    
དོན་ཚན་སོ་གཉིས་པ། ཤུལ་འཛིན་བྱེད་མཁན་མེད་ལ་ལེན་མཁན་ཡང་མེད་པའི་ཤུལ་བཞག་རྒྱུ་དངོས་རྣམས་རྒྱལ་ཁབ་ལ་དབང་རྒྱུ་དང་། འདས་པོ་འཚོ་བཞུགས་སྐབས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་ཀྱི་ཁོངས་མི་ཡིན་ན་དེ་ཉིད་གནས་སའི་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་ལ་དབང་བ་ཡིན།
    
དོན་ཚན་སོ་གསུམ་པ། བཅའ་ཁྲིམས་ལྟར་ཤུལ་བཞག་ནོར་བདག་གིས་འཇལ་དགོས་པའི་ཁྲལ་དངུལ་དང་བུ་ལོན་རྣམས་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་སྐབས་གཙང་འཇལ་བྱ་དགོས་པ་དང་། ཁྲལ་དངུལ་འཇལ་སྤྲོད་དང་བུ་ལོན་གཙང་འཇལ་བྱེད་སྐབས་དེའི་ཤུལ་བཞག་རྒྱུ་དངོས་ཀྱི་རིན་ཐང་དངོས་ལ་བརྟེན་ནས་འཇལ་དགོས། ཤུལ་བཞག་རྒྱུ་དངོས་ཀྱི་དངོས་ཐོབ་རིན་ཐང་ལས་བརྒལ་བའི་ཆ་རྣམས་ཤུལ་འཛིན་པས་རང་མོས་ཀྱིས་འཇལ་འདོད་ཡོད་ན་དེའི་ཁོངས་སུ་མི་གཏོགས།
    
ཤུལ་འཛིན་པས་ཤུལ་འཛིན་མ་བྱས་ན། བཅའ་ཁྲིམས་ལྟར་ཤུལ་བཞག་ནོར་བདག་གིས་འཇལ་དགོས་པའི་ཁྲལ་དངུལ་དང་བུ་ལོན་འཇལ་འགན་ཡང་འཁུར་མི་དགོས།
    
དོན་ཚན་སོ་བཞི་པ། ཁ་ཆེམས་འཇོག་མཁན་གྱིས་བཅའ་ཁྲིམས་ལྟར་འཇལ་དགོས་པའི་ཁྲལ་དངུལ་དང་བུ་ལོན་གཙང་འཇལ་བྱེད་པར་འགོག་རྐྱེན་བཟོས་མི་ཆོག
    ལེའུ་ལྔ་པ། ཞར་བྱུང་དོན་ཚན།
    
དོན་ཚན་སོ་ལྔ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བཅའ་ཁྲིམས་འདིའི་རྩ་དོན་ལ་གཞིགས་ནས་ས་གནས་དེ་གའི་མི་རིགས་ཀྱིས་རྒྱུ་ནོར་ཤུལ་འཛིན་བྱས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་བབ་བསྟུན་བསྒྱུར་བཅོས་སམ་ཁ་གསབ་ཀྱི་གཏན་འབེབས་བྱས་ཆོག རང་སྐྱོང་ལྗོངས་ཀྱི་གཏན་འབེབས་རྣམས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གིས་གཏན་འབེབས་བྱས་པ་གང་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་རྗེས་ནུས་པ་ཐོན་རྒྱུ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ།
    
དོན་ཚན་སོ་དྲུག་པ། ཀྲུང་གོའི་སྤྱི་དམངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ཕྱི་རུ་ཡོད་པའི་ཤུལ་བཞག་རྒྱུ་དངོས་སམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་པའི་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་སྐབས་ཉེར་སྤྱོད་ནོར་རྫས་ཡིན་ན་ཤུལ་བཞག་ནོར་བདག་གནས་སའི་བཅའ་ཁྲིམས་ལྟར་བྱ་རྒྱུ་དང་། གཏན་ཚུགས་ནོར་རྫས་ཡིན་ན་གཏན་ཚུགས་ནོར་རྫས་ཡོད་སའི་བཅའ་ཁྲིམས་ལྟར་བྱ་རྒྱུ།
    
ཕྱི་རྒྱལ་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ཤུལ་བཞག་རྒྱུ་དངོས་སམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་སྐབས་ཉེར་སྤྱོད་ནོར་རྫས་ཡིན་ན་ཤུལ་བཞག་ནོར་བདག་གནས་སའི་བཅའ་ཁྲིམས་ལྟར་བྱ་རྒྱུ་དང་། གཏན་ཚུགས་ནོར་རྫས་ཡིན་ན་གཏན་ཚུགས་ནོར་རྫས་ཡོད་སའི་བཅའ་ཁྲིམས་ལྟར་བྱ་རྒྱུ།
    
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་དང་ཆིངས་ཡིག་གམ་ཆོད་ཡིག་བཞག་ཡོད་ན་ཆིངས་ཡིག་དང་ཆོད་ཡིག་ལྟར་བྱ་རྒྱུ།
    
དོན་ཚན་སོ་བདུན་པ། བཅའ་ཁྲིམས་འདི1985ལོའི་ཟླ་10ཚེས་1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号