སི་ཁྲོན་ཞིང་ཆེན་གྱི་༢༠༢༢ལོའི་ལོ་འཁོར་ཁྲིམས་སྐྱོང་སྲིད་གཞུང་འཛུགས་བསྐྲུན་གྱི་ཐད་ལ། ལས་ཀ་གལ་ཆེན་འདི་༩ལ་ལྟོས།

ཐོ་འགོད་དུས་ཚོད།:2022-05-12  

སི་ཁྲོན་ཞིང་ཆེན་གྱི་༢༠༢༢ལོའི་ལོ་འཁོར་ཁྲིམས་སྐྱོང་སྲིད་གཞུང་འཛུགས་བསྐྲུན་གྱི་ཐད་ལ།  ལས་ཀ་གལ་ཆེན་འདི་༩ལ་ལྟོས།

         ཉེ་ཆར། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐེན་གྱིས་དཔར་འགྲེམ་བྱས་པའི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་༢༠༢༢ལོའི་ལོ་འཁོར་སྲིད་གཞུང་འཛུགས་བསྐྲུན་གྱི་གལ་ཆེའི་ལས་ཀའི་བཀོད་སྒྲིག་  གཤམ་ནས་བསྡུས་མིང་ ལས་ཀ་བཀོད་སྒྲིགཟེར། གིས་དྲང་གཞག་ཚུལ་མཐུན་གྱིས་ཁྲིམས་བསྟར་ནན་པོ་དང་ཚད་ལྡན་དུ་གཏོང་དགོས་པ་དང་།  ཁྲོན་ཡུས་ས་ཁུལ་གཉིས་ཀྱི་ཁྲིམས་སྐྱོང་མཉམ་གནས་ཇེ་དོམ་དུ་གཏོང་བ་སོགས་གལ་ཆེའི་ལས་དོན་༩དང་།  ཕྱོགས་ཡོངས་ནས་ཁྲིམས་སྐྱོངས་སྲིད་གཞུང་འཛུགས་བསྐྲུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་ངང་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་གཏན་ལ་ཕབ།

 《ལས་ཀ་བཀོད་སྒྲིག ལྟར་ན།  ད་ལོར་གཙོ་བོ་སྤྱི་ཚོགས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་སོགས་གལ་ཆེའི་ཁྱབས་ཁོངས་ལ་དམིགས་ནས། ཁྲིམས་འཛུགས་ཞིབ་འཇུག་དང་ཁྲིམས་འཛུགས་མཐུན་སྦྱོར། ཁྲིམས་འཛུགས་ཀྱི་ཉེན་ཁ་དཔྱད་དཔོག་སོགས་ཇེ་དོམ་དུ་བཏང་ནས། སི་ཁྲོན་ཐེན་ཧྥུ་གསར་ཁུལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པའི་སྲོལ་ཡིག་དང་། སི་ཁྲོན་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟེན་སྲོལ་ཡིག  སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཁེ་དབང་སྲུང་སྐྱོབ་སྲོལ་ཡིག   སི་ཁྲོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་སྲོལ་ཡིག  སི་ཁྲོན་ཞིང་ཆེན་གྱི་གཞི་གྲངས་ཆེན་མོའི་འཕེལ་རྒྱས་སྲོལ་ཡིག་སོགས་ཁྲིམས་འཛུགས་མྱུར་ཚད།

དེ་དང་དུས་མཚུངས་སུ།  འགྲུམ་འགྲེལ་ལམ་ཁུལ་དང་།  རྡོ་སོལ་དང་གཏེར་ཁའི་རིགས།  རྡོ་སོལ་དང་གཏེར་རྡོ་མིན་པའི་རིགས། ཉེན་ཆེའི་སྐེག་ཚོས་རིགས།  བཟོ་བཀོད་ཨར་ལས་རིགས། གྲོང་ཁྱེར་མེ་གསོད་མེ་འགོག་རིགས།   གྲོང་སྡེ་འབར་རླངས་རིགས་སོགས་གལ་ཆེའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཁྲིམས་བསྟར་ལྟ་སྐུལ་སོགས་ཀྱི་ཕྱོགས་ལ། བདེ་འཇགས་དོན་རྐྱེན་ཆེན་པོ་བྱུང་བར་རྩ་བ་ནས་བཀག་འགོག་བྱེད་དགོས། མུ་མཐད་དུ་གྲོང་ཁྱེར་དོ་དམ་དང་ཚོང་རའི་ལྟ་སྐུལ་དོ་དམ།  སྐྱེ་ཁམས་ཁོར་ཡུག རིག་གནས་ཚོང་ར།  འགྲུམ་འགྲེལ་སྐྱེལ་འདྲེན། མཁོ་བསྟུན་དོ་དམ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཀྱི་སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བཅོས་བསྒྱུར་སོགས་ལ་ཤུགས་རྒྱགས་དགོས།  

  《ལས་ཀ་བཀོད་སྒྲིགགིས་ནན་བཤད་བྱེད་རྒྱུར།  ཁྲོན་ཡུས་ས་ཁུལ་གཉིས་ཀྱི་ཁྲིམས་སྐྱོང་མཉམ་གནས་ཇེ་ལེགས་སུ་གཏོང་བ་དང་།    ཁྲོན་ཡུས་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་གྱི་འཛུགས་བསྐྲུན་འཆར་འགོད་རྩ་གནད། ལག་བསྟར་དོན་འཁྱོལ་བྱེད་དགོས།  ཁྲོན་ཡུས་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་གྱི་འཛུགས་བསྐྲུན་དང་འབྲེལ་ཡོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། སྤྱི་པའི་ཞབས་ཞུ་སོགས་ཁྱབས་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས།  ཆ་ཚང་བའི་སྲིད་འཛིན་ཁྲིམས་འཛུགས་རོགས་ལས་རྐྱེན་སྲོལ་འཛུགས་པ་དང་།  འགྱོགས་མྱུར་ངང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་མི་མཐུན་པའི་སྒྲིག་སྲོལ་ལམ་ལུགས་ལ་དག་བཅོས་བྱེད་པ།  མཉམ་དུ་ཟས་རིགས་དང་སྨན་རིགས། སྐྱེ་ཁམས་སྲུང་སྐྱོབ་དང་། འགྲུམ་འགྲེལ་སྐྱེལ་འདྲེན།  རིག་གནས་ལྟ་སྐོར་སོགས་ཀྱི་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་རོགས་ལས་དང་། གཅིག་མཐུན་གྱིས་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོབ་ཀྱི་རོགས་སྐྱོར་སྤེལ་པ། ཟློས་མཐོའི་སྲིད་དོན་ཞབས་ཞུའི་དོན་ཚན་  ཁྲོན་ཡུས་མཉམ་གཉེར་ལག་བསྟར་ཤུགས་ཆེན་བྱས་ཏེ།  ཁྲོན་ཡུས་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁྱལ་གྱི་སྤུས་མཐོའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།       

     ལས་ཀ་གལ་ཆེན་གྱི་རྩིས་ཕྲ།།

  ༡  ཞི་ཅིང་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལ་སློབ་སྦྱོང་དང་ལག་ལེན་གནང་པ།

ཞི་ཅིང་ཕིང་བསམ་བློ་ཡིས་ཁྲིམས་བསྒྲགས་ལས་ཀར་སྣེ་ཁྲིད་བྱེད་པ། གཞི་རིམ་ལ་ཕྱིན་ནས་ཁྱད་ཆོས་ལྡན་པ་དང་མང་ཚོགས་དང་འབྲེལ་ཆེ་བའི་ཁྲིམས་བསྒྲགས་ལས་འགུལ་སྤེལ་པ།

༢  ཁྲིམས་ལྟར་ཐབས་ཇུས་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ།    

       སྤྱི་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་འཆར་འགོད་གལ་ཆེན།  སྤྱི་པའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན། སྤྱི་པའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་སོགས་ལ་དཔང་ཉན་ཚོགས་འདུ་སོགས་སྤེལ་བའི་ཚུལ་གྱིས་མི་དམངས་མང་ཚོགས་ཀྱི་ནང་ཞུགས་ཚད་ཇེ་མཐོར་གཏོང་དགོས། 

༣  སྲིད་གཞུང་གི་ཁྲིམས་འཛུགས་སྤུས་འབྲས་ཇེ་མཐོར་གཏོང་བ།

ཁྲིམས་འཛིན་རྣམ་གྲངས་ཁུངས་སྐྱེལ་ལམ་ལུགས་ཆ་ཚང་དུ་གཏོང་བ།   གཞི་རིམ་གྱི་སྲིད་འཛིན་ཁྲིམས་འཛུགས་འབྲེལ་འདྲིས་ས་ཚིགས་དང་སྲིད་འཛིན་ཁྲིམས་འཛུགས་ཆེད་མཁས་པའི་བྱེད་ནུས་ཡོང་ཐུབ་པ་བྱེད་དགོས།      

      ༤  དྲང་བདེན་ཤེས་རིག་ཁྲིམས་འཛིན་ཚད་ལྡན་ཅན་དུ་གཏོང་བ།

   མི་དམངས་མང་ཚོགས་ཆེས་ཡིད་མི་ཚུམ་པའི་སྲིད་འཛིན་ཁྲིམས་འཛིན་གྱི་འབུར་ཐོན་གནད་དོན་བཅོས་བསྒྱུར་བྱེད་པའི་ཁས་ལེན། ལས་འགུལ་ཡུན་རིང་སྒྲིག་སྲོལ་འཛུགས་པ།

    ༥  ཁྲིམས་ལྟར་འགལ་བ་ཇེ་ཉུང་དང་རྩོད་གཞི་ཐག་གཅོད་བྱེད་པ།

    མཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་དང་། འགྲིམ་འགྲུམ་ཆག་སྐྱོན་སྐྱིན་ཚབ།  བདེ་འཇགས་དོ་དམ། ཁོར་ཡུག་འབག་གཙོག  སྤྱི་ཚོགས་འགན་སྲུང་།  ཁང་པའི་ས་ཞིང་བསྡུ་ལེན། ཤེས་བྱའི་ཐོན་དངོས་བདག་དབང་སོགས་ཁྱབ་ཁོངས་གལ་ཆེན་གྱི་སྲིད་འཛིན་འདུམ་སྒྲིག་ལས་ཀ་ལེགས་པར་བསྒྲུབ་དགོས།     

      ༦  མུ་མཐུད་དུ་ཁྲིམས་སྐྱོངས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་གཏོང་བ།

    སྡེ་ཁག་བརྒལ་བའི་ཕྱོགས་བསྡུས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་པ།  ལས་སྟེགས་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་སོགས་ལས་རྣམ་ཁྱབས་ཁོངས་གསར་པའི་དོ་དམ་ཞབས་ཞུ་ཇེ་ལེགས་དང་བཅོས་བསྒྱུར་བྱེད་དགོས། ཐེན་ཧྥུ་ཀྲུང་དབྱངས་ཁྲིམས་དོན་ཁུལ་གྱི་དུས་འབྲིང་འཛུགས་བསྐྲུན་ཇེ་མགྱོགས་སུ་གཏོང་དགོས།   

   ༧  ཁྲོན་ཡུས་ས་ཁུལ་གཉིས་ཀྱི་ཁྲིམས་སྐྱོངས་མཉམ་སྒྲུབ་ཇེ་ལེགས་སུ་གཏོང་བ།

      ཚད་ཆེན་པོའི་སྒོ་ནས་ཟློས་མཐོའི་ནོར་དོན་ཞབས་ཞུའི་དོན་ཚན་ ཁྲོན་ཡུས་མཉམ་གཉེར། ལག་བསྟར་བྱེད་པ་དང་། ཁྲོན་ཡུས་ས་ཁུལ་ཀྱི་གྲོང་གཉིས་དཔལ་འབྱོར་ཁུལ་སྤུས་ལེགས་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས།  

     ༨  ཨང་གྲངས་ཁྲིམས་སྐྱོངས་སྲིད་གཞུང་ཇེ་མགྱོགས་སུ་བཏང་ནས་འཛུགས་དགོས།

     ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་ཚད་གཞི་གཅིག་གྱུར་བྱེད་པ་དང་། དྲ་གཅིག་མཉམ་སྒྲུབ། དོན་གཅིག་ཐེངས་གཅིག་ལ་བསྒྲུབ་པ། ཁྱོན་ཡོངས་དྲ་ཐོག་གཞུང་བསྒྲུབ། སོགས་མགྱོགས་མྱུུར་ངང་ལག་བསྟར་བྱེད་དགོས།  གློག་རྡུལ་ལག་ཁྱེར་འདྲ་པར་སྟོན་བྱེད་ཉེར་སྤྱོད་མགྱོགས་པོར་ལག་བསྟར་བྱེད་དགོས།    

  ༩ ཁྲིམས་སྐྱོང་སྲིད་གཞུང་གསར་འཛུགས་ཀྱི་རྨང་གཞིའི་འོས་འགན་དངོས་གནོན་བྱེད་པ།

  ཁྲིམས་སྐྱོངས་སྲིད་གཞུང་འཛུགས་པའི་དཔེ་སྟོན་གསར་བསྐྲུན་ལས་ཀ་མགྱོགས་པོར་བསྒྲུབ་པ་དང་།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་བསྐྲུན་ཀྱི་སྔོན་ཐོན་དཔེ་སྟོན་གསོ་སྤེལ་བྱེད་དགོས།

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号