གློད་སྡོམ་ཞབས་ཞུ་བཅོས་བསྒྱུར་གཏིང་ཟབ་བྱས་ནས་ཚོང་གཉེར་ཁོར་ཡུག་བཅོས་བསྒྱུར་ལེགས་བཅོས་བྱེད་པར། ད་ལོར་སི་ཁྲོན་ཞིང་ཆེན་གྱིས་འདི་ལྟར་བསྒྲུབ།
མིག་སྔར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐེན་གྱིས་པར་དུ་བཏབ་པའི་ 《སི་ཁྲོན་ཞིང་ཆེན་གྱིས་གློད་སྡོམ་ཞབས་ཞུ་བཅོས་བསྒྱུར་གཏིང་ཟབ་བྱས་ནས་ཚོང་གཉེར་ཁོར་ཡུག་བཅོས་བསྒྱུར་ལེགས་བཅོས་བྱེད་པའི་༢༠༢༢ལོའི་ལས་ཀའི་གཙོ་གནད། 》གཤམ་ནས་《ལས་ཀའི་གཙོ་གནད》་ཞེས་བྱ། ཀྱིས་གློད་སྡོམ་ཞབས་ཞུ་བཅོས་བསྒྱུར་གཏིང་ཟབ་བྱས་ནས་ཚོང་གཉེར་ཁོར་ཡུག་བཅོས་བསྒྱུར་ལེགས་བཅོས་བྱེད་པར་ཕྱོགས་༥ནས་ཞིབ་ཕྲའི་བྱེད་ཐབས་༢༠བཏོན་ཡོད།
《ལས་ཀའི་གཙོ་གནད》གྱིས་ཐོག་མར། དྲ་གཅིག་མཉམ་བསྒྲུབ་ཀྱི་སྔོན་མའི་ཆ་རྐྱེན་འོག་ཏུ་ “ཆེས་མང་ནའང་ཐེངས་གཅིག་མ་གཏོགས་འགྲོ་མི་དགོས་པའི”་བཅོས་བསྒྱུར་ཡོངས་ཁྱབ་ཏུ་གཏོང་དགོས་ལ། ཡོངས་འབྲེལ། ཟབ་འཕྲོད། སྒྲུབ་བདེ་ཡི་རེ་ཞུའི་ཆ་རྐྱེན་འོག་ཏུ། དྲ་ཐོག་གི་སྲིད་དོན་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ལ། སྲིད་དོན་ཞབས་ཞུ་མང་པོ་ཞིག་ “དྲ་ཐོག་ནས་བསྒྲུབ་ཆོག་པ་”ནས་ “ཡོད་ཚད་དྲ་ཐོག་ནས་བསྒྲུབ་པར”་བསྒྱུར་བ། དེ་དང་དུས་མཚུངས་སུ། ཁེ་ལས་མགོ་བཙུགས་པ་ནས་ཐོ་ཁུངས་ལས་སུབ་པ། ད་དུང་མི་སྒེར་ཡང་ཐོག་མར་སྐྱེས་པ་ནས་“དེའི་རྒྱབ་ཀྱི་ཚེ་གང་བོའི་དུས་འཁོར་”སོགས་ཟློས་མཐོའི་ཞབས་ཞུའི་དོན་ཚན་ཚང་མ། དོན་གཅིག་ཐེངས་གཅིག་ལ་སྒྲུབ་པའི་འབྲེལ་ཡོད་ཀྱི་ལས་དོན་མ་ལག་ལེགས་བཅོས་བྱེད་དགོས། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་ཚུལ་མཐུན་ཅན། སྟབས་བདེ་ཅན་དུ་གཏོང་སྐབས། 《ལས་ཀའི་གཙོ་གནད་》ཀྱིས་གཤམ་གྱི་དམངས་བདེ་ཁེ་ཕན་གྱི་བྱེད་ཐབས་འདི་འདྲ་བཏོན་ཡོད། ཕྱོགས་ཡོངས་ནས་སྲིད་འཛིན་ཆོག་མཆན་ལ་མཁོ་བའི་རྒྱུ་ཆ། ལྷག་པར་དུ་བདེན་དབང་དོན་དག་དང་འབྲེལ་ཡོད་ཀྱི་ལག་ཁྱེར་སོགས་ཇེ་ཉུང་དུ་གཏོང་དགོས་ལ། རིམ་བཞིན་སྲིད་གཞུང་སྡེ་ཁག་གིས་དཔྱད་སྤྲོད་བྱས་པའི་རྒྱུ་ཆ་ཤོག་ཐོག་ནས་སྤྲོད་མི་དགོས་པ་མངོན་འགྱུར་བྱེད་དགོས། དེས་མི་ཚད་གློག་སྡུད་ལག་ཁྱེར་འདོན་སྤྲོད་བྱས་ཆོག་པར་དངོས་གཞིའི་ལག་ཁྱེར་འདོན་སྤྲོད་བྱེད་མི་དགོས་པ་དང་། ལག་ཁྱེར་མེད་པར་སྒྲུབ་པའི་དོན་ཚན་མང་པོ་འདོན་པ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱི་ཆུ། གློག རླུང་། གསར་འགྱུར། གཞུང་དཔང་སོགས་ཞབས་ཞུའི་དོན་ཚན་སྲིད་དོན་ཞབས་ཞུའི་ལྟེ་གནས་ལ་བཅའ་སྡོད་བྱས་ནས་“གཅིག་འཐུས་རྣམ་པའི”སྟབས་བདེའི་ཞབས་ཞུ་ལག་བསྟར་བྱེད་དགོས། མུ་མཐུད་དུ་ཞིང་གྲོང་དམངས་བདེ་ཞབས་ཞུ་མ་ལག་གི་འཛུགས་བསྐྲུན་ཤུགས་ཇེ་ཆེར་གཏོང་དགོས་ལ། གློད་སྡོམ་ཞབས་ཞུ་བཅོས་བསྒྱུར་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་བྱེད་དགོས། ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ད་ལོའི་ལོ་འཇུག་གི་སྔོན་དུ་སྡོད་ཁང་འཛུགས་སྐྲུན་དང་གྲོང་སྲིད་རིགས་ཀྱི་ལས་གྲྭའི་འཛུགས་བསྐྲུན་རྣམ་གྲངས་ཀྱི་བརྒྱུད་རིམ་ཡོངས་ཀྱི་ཞིབ་མཆན་དུས་ཡན་ཉིན་༩༠རུ་གཏོང་དགོས།
མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཕྱོགས་ལ། 《ལས་ཀའི་གཙོ་གནད་》ཀྱིས་བྱེད་ཐབས་༦བཏོན་ཡོད། རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་གྲོང་ཁྱེར་ཡང་ཁོངས་ལ་འདུས། ད་དུང་སི་ཁྲོན་ཞིང་ཆེན་ཚོང་གཉེར་ཁོར་ཡུག་ཚད་གཞིའི་གསར་གཏོད་ལས་ཀའི་ཇུས་གཞི་བཟོས་ནས། ལས་གཏོད་ཀྱིས་ལས་ཞུགས་ལ་རོགས་འདེགས་བྱེད་པའི་དཔེ་སྟོན་གྱི་ནུས་པ་ཇེ་མཐོར་གཏོང་དགོས། སློབ་ཆེན་སློབ་མ་དང་ཞིང་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གལ་ཆེའི་ཚོགས་སྤྱི་མི་ཁྲི༡༥་ལ་རོགས་རམ་བྱས་ནས་རང་སྒེར་གྱིས་ལས་གཏོད་དང་། ལས་ཞུགས་མི་སྣ་ཁྲི་༤༠ཡན་ཆད་ལ་སྐུལ་ཁྲིད་བྱས། དམངས་ཁྲོད་ཀྱི་མ་དངུལ་གཏོང་པའི་ཚད་ཇེ་མཐོར་གཏོང་དགོས། དམངས་ཁྲོད་ཀྱི་མ་དངུལ་འཕེལ་ཤུགས་ལ་སྐུལ་སྤེལ་བྱེད་དགོས། དམངས་ཁྲོད་ཀྱི་མ་དངུལ་ཆེད་དོན་བྱ་སྤྱོད་སྤེལ་བར་སྐུལ་སྤེལ་བྱེད་དགོས། སྒེར་ནས་ཁེ་ལས་སུ་བསྒྱུར་བ། འཕར་སྲོལ་ཆུང་ངུ་སོགས་ལ་སྤེལ་དགོས། ད་དུང་ཁེ་ལས་ལ་ཕན་པའི་ འཕར་མེད་ལོངས་སྤྱོད་ མགྱོགས་མྱུར་ངང་མངོན་འགྱུར་བྱུང་དགོས། ཕྱི་ལ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། རྒྱུན་ལྡན་གྱི་ཕྱི་ལ་ཁྲལ་སློག་བྱེད་པའི་ཆ་སྙོམས་ཀྱི་ཆུ་ཚོད་ཇེ་ཉུང་དུ་བཏང་ནས་ཉིན་༦ལ་བཏང་། གནས་ཐང་འཕར་པའི་དཔྱ་ཁྲལ་འཕེལ་ཚད་འཇོག་པའི་ཞིབ་བཤེར་གཏན་འབེབས་ཀྱི་དུས་ཚོད་ཉིན་༣ལ་བཟོས། སི་ཁྲོན་ཞིང་ཆེན་གྱི་སྤྱི་པའི་ཐོན་ཁུངས་གློག་སྡུལ་ཅན་གྱི་ཉོ་ཚོང་སྟེགས་བུ་དང་སྲིད་གཞུང་གི་ཉོ་སྒྲུབ་གཞི་གཅིག་ཅན་གྱི་སྟེགས་བུ་འཛུགས་བསྐྲུན་དང་སི་ཁྲོན་ཞིང་ཆེན་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ སྡོམ་དྲ་གཅིག་ཅན་འཛུགས་བསྐྲུན་བྱེད་པ། ད་དུང་ཉོ་ཚོང་ཁོར་ཡུག་གི་རེ་ཞུའི་ཁྲོད་ས་གནས་དང་སྲིད་གཞུང་གི་རེ་ཞུ་དང་མི་མཐུན་པའི་ཡིག་ཆ་དག་ལ་ལེགས་སྒྲིག་བྱེད་པ། ཁྲོན་ཡུས་ས་ཁུལ་ཀྱི་ཁུལ་གཉིས་དཔལ་འབྱོར་ཁུལ་གློད་སྡོམ་ཞབས་ཞུ་བཅོས་བསྒྱུར་གཏིང་ཟབ་བྱེད་པར། ལས་ཀའི་གཙོ་གནད་ཀྱིས་བཤད་རྒྱུར། ཞིང་ཆེན་ནུང་ཁུལ་གྱི་མཉམ་གཉེར་དང་ཞིང་ཆེན་བརྒལ་བའི་མཉམ་གཉེར། ཁྲོན་ཡུས་མཉམ་གཉེར་སོགས་ཀྱི་གཞི་མཐུན་མཉམ་འདྲེས་ཇེ་མགྱོགས་སུ་གཏོང་དགོས། ཟླ་༩པའི་སྔོན་དུ་ཐེངས་གསུམ་པའི་ ཁྲོན་ཡུས་མཉམ་འདྲེས་ དོན་ཚན་མངོན་འགྱུར་བྱེད་པ་དང་། ལོ་འཇུག་གི་སྔོན་དུ་ཐེངས་དང་པོའི་གློག་སྡུལ་དཔང་ཡིག་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱེད་དགོས། ཁྲོན་ཡུས་ས་ཁུལ་གཉིས་ཀྱི་བདེ་ཐང་དཔང་ཡིག་ཕན་ཚུན་འཕྲོད་པར་བྱེད་དགོས། ད་དུང་ཁྲོན་ཡུས་ས་ཁུལ་མཉམ་གཉེར་གྱི་སྒེའུ་ཁུང་འཛུགས་བསྐྲུན་བྱེད་པར་ཤུགས་རྒྱག་དགོས། དཔེ་སྟོན་སྒེའུ་ཁུང་གསར་འཛུགས་ཀྱི་ལས་འགུལ་སྤེལ་དགོས།
ཁྲོན་ཡུས་མཉམ་གཉེར་གྱི་སྒྲོམ་གཞིའི་ཁྲོད་ཁྲིན་ཏུའུ་གྲོང་ཁྱེར་དང་ཁྲུང་ཆིན་གྲོང་ཁྱེར་གཙོ་ཁུལ་གཉིས་ཀྱིས་མཉམ་འབྲེལ་གང་མང་པོ་བྱེད་པར་འཚོལ་ཞིབ་བྱེད་དགོས། ཁྲིམས་འཛིན་སྲིད་འཛིན། དམངས་སྲིད། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་ཀྱི་ར་སྤྲོད་དོན་ཚན་༢༠ ལྷག་ཁྲོན་ཡུས་ས་ཁུལ་ནས་བརྡ་རྒྱགས་ཁས་ལེན་ཡིག་གེ་ལག་བསྟར་བྱེད་པ་དང་གཅིག་གྱུར་གྱི་བརྡ་རྒྱགས་ཁས་ལེན་ཡི་གེའི་རྣམ་བཞག་ཡིག་དེབ་བཟོ་པ། ཁྲོན་ཡུས་ས་ཁུལ་གྱི་༡༢༣༤༥སྲིད་དོན་ཞབས་ཞུ་ཐད་སྦྲེལ་ཁ་པར་མཉམ་འབྲེལ་མཉམ་འགུལ་བྱེད་པ་དང་། ས་ཁུལ་འདི་གཉིས་ཀྱི་ལྟ་སྐུལ་དོ་དམ་ཆ་འཕྲིན་མཉམ་འབྲེལ་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱེད་དགོས།
ལྟ་སྐུལ་དོ་དམ་གྱི་ནུས་པ་ཇི་ལྟར་མཐོར་འདེགས་གཏོང་དགོས། ལས་ཀའི་གཙོ་གནད་ཀྱིས་བཏོན་པར། ཕྱོགས་གཅིག་ནས། སྐབས་བསྟུན་གཉིས་དང་ཕྱིར་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་དང་འཕྲིན་སྦྲེལ་དྲ་བའི་རྨང་གཞིའི་ལག་ཆ་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་དོ་དམ་གཙོ་གནད་ཅན་ཁ་གསབ་དང་། ཡིད་རྟོན་ལྟ་སྐུལ་དོ་དམ་རྨང་གཞི་ཡིན་པའི་རྣམ་པ་གསར་པའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས། སྤྱི་པའི་བདེ་ཐང་། ད་དུང་མི་མངོན་པའི་ཉེན་ཁ་ཆེ་བ་དང་སྤྱི་ཚོགས་ཉེན་ཁ་ཆེ་བའི་ཁྱབ་ཁོངས་ལ་དམིགས་གསལ་གྱི་ལྟ་སྐུལ་དོ་དམ་བྱེད་དགོས། ཕྱོགས་གཞན་གཅིག་ནས། ཁེ་ལས་ཁྱབ་ཁོངས་བརྒལ་ནས་ལས་གཉེར་བྱེད་པ་དང་། གནས་སྤོ་གསར་འཛུགས་བྱས་པའི་ཚད་ལྡན་མིན་པའི་ཆ་རྐྱེན་དག་གཙང་སེལ་བྱེད་པ། འོས་སྐུལ་འོས་ལེན་དང་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཁྱབ་ཁོངས་ཀྱི་ས་གནས་གཞན་པའི་ཁེ་ལས་ལ་མི་ཕན་པའི་མི་མངོན་པའི་ཚད་གཞི་དང་བཀག་རྒྱ་གཙང་སེལ་ནན་མོ་བྱེད་དགོས།