ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བྱེད་ཕྱོགས་ཀྱི་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-12-02  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བྱེད་ཕྱོགས་ཀྱི་བཅའ་ཁྲིམས།

 

ཁོངས་གཏོགས་རིམ་པའི་རིགས་སྐོརརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཅའ་ཁྲིམས་མཛོད།

ཁོངས་གཏོགས་རིགས་སྐོརཁྲིམས་ལུགས

ཁོམས་གཏོགས་ས་ཁུལ

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

འགྲེམ་སྤེལ་ཡིག་ཨངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུུའུ་ཞི་བཀའ་ཡིག་ཨང་༤༠བ།

ནུས་ཐོན་ཚེས་གྲངས༢༠༡༩-༡༢-༢༨                                                                               

ནུས་ཤོར་ཚེས་གྲངས

ནུས་ལྡན་གནས་ཚུལནུས་ལྡན།

 

བཅའ་ཁྲིམས་འདིའི་འཕོ་འགྱུར་ལོ་རྒྱུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡེ་ཁུལ་ཡོ་བསྲང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།༢༠༡༩ལོ་ཟླ་བ་༡༢པའི་ཚེས་༢༨ཉིན་ཁྱབ་སྒྲགས་བྱས། ༢༠༢༠ལོའི་ཟླ་བ་༧པའི་ཚེས་༡ཉིན་ལག་བསྟར་བྱེད།

ཁྲུང་ཧུ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡེ་ཁུལ་ཡོ་བསྲང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དེ་༢༠༡༩ལོའི་ཟླ་བ་༡༢པའི་ཚེས་༢༨ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བའི་ཐོལ་ནས་གྲོས་འཆམ་བྱུང་ནས། ད་ལྟ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ༢༠༢༠ལོའི་ཟླ་བ་༧པའི་ཚེས་༡ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན།

 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཤིས་ཅིན་ཕིང་།

༢༠༡༩ལོ་ཟླ་བ་༡༢ཚེས་༢༨ཉིན།

 

དཀར་ཆག

ལེའུ་དང་པོ། སྤྱི་དོན།

ལེའུ་གཉིས་པ། ལས་ཁུངས། མི་སྣ་དང་འགན་འཁྲི།

ལེའུ་གསུམ་པ། ཐག་གཅོད། དང་ལེན།

ལེའུ་བཞི་བ། ལྟ་སྐུལ་དོ་དམ།

ལེའུ་ལྔ་བ། སློབ་གསོའི་རོགས་སྐྱོར།

ལེའུ་དྲུག་པ། ཕྱིར་འཐེན་དང་མཇུག་སྒྲིལ།

ལེའུ་བདུན་པ། སྐྱེ་བོ་ལོ་ན་མ་སོན་པའི་མིའི་སྡེ་ཁུལ་དོ་དམ་བྱེད་ཕྱོགས་སྐོར་གྱི་དམིགས་བསལ་གཏན་འབེབས།

ལེའུ་བརྒྱད་པ། ཁྲིམས་འབྲེལ་ཁུར་འཁྲི།

ལེའུ་དགུ་བ། ཞར་བྱུང་།

 

ལེའུ་དང་པོ། སྤྱི་དོན།

 

དོན་ཚན་དང་པོ།  སྡོམ་གིས་སྡེ་ཁུལ་ཡོ་བསྲང་བྱེད་པའི་ལས་ཀར་སྐུལ་སྤེལ་དང་། ཉེས་དོན་གྱི་དཔྱད་མཚམས་དང་ཉེས་དོན་གྱི་བཀའ་བཅད་བཏང་སྟེ་གནས་སྐབས་བཙོན་ཕྱི་ལ་ཁྲིམས་ཆད་ལག་བསྟར་བྱ་རྒྱུའི་ཐག་གཅོད་ཡང་དག་བྱེད་པར་འགན་སྲུང་། སློབ་གསོ་ཡོ་བསྲང་བྱེད་པའི་སྤུས་ཚད་མཐོར་འདེགས།   སྡེ་ཁུལ་ཡོ་བསྲང་བྱ་ཡུལ་སྤྱི་ཚོགས་སུ་བདེ་བླག་ངང་འདྲེས་པར་སྐུལ་འདེད་དང་བྱས་ཉེས་གསོག་རིགས་སྔོན་འགོག་བཅས་བྱེད་ཆེད་རྩ་ཁྲིམས་ལ་གཞིགས་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན། 

 

དོན་ཚན་གཉིས་པ།  རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པ་དང་། ཉེས་ཆད་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱེད་པ།    ཚོད་བགམ་གློད་འགྲོལ་སྡོམ་བྱེད་པ་བཅས་ཀྱི་ཉེས་ཅན་ལ་གནས་སྐབས་སུ་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་དུ་འཇུག་རྒྱུ་དང་།  ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱ་རྒྱུ། 

 

སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལྟ་སྐུལ་དོ་དམ་དང་།    སློབ་གསོའི་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་འདི་སྤྱད་འཐུས། 

 

དོན་ཚན་གསུམ་པ།  སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ལྟ་སྐུལ་དོ་དམ་དང་སློབ་གསོའི་རོགས་སྐྱོར་ཟུང་འབྲེལ་དང་།   ཆེད་དོན་ལས་ཁུངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟུང་འབྲེལ།   རིགས་བགོས་དོ་དམ་དང་།   བྱེ་བྲག་ཅན་ཡོ་བསྲང་།   དམིགས་ས་ཡོད་པའི་སྒོ་ནས་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་གྱིས་བྱས་ཉེས་བསྐྱར་དུ་གསོག་སྲིད་པའི་རྒྱུ་རྐྱེན་མེད་པར་བཟོ་བ།  དེ་ཁྲིམས་སྲུང་སྤྱི་དམངས་སུ་འགྱུར་བར་རོགས་རམ་བཅས་བྱེད་དགོས། 

 

དོན་ཚན་བཞི་པ།   སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱིས་ཁྲིམས་ལྟར་སྡེ་ཁུལ་གྱི་ཡོ་བསྲང་དང་ལེན་དང་ལྟ་སྐུལ་དོ་དམ་དང་ལེན་བྱ་དགོས། 

 

སྡེ་ཁུལ་ཡོ་བསྲང་གི་ལས་ཀ་དེ་བཅའ་ཁྲིམས་ལྟར་བྱ་དགོས་པ་དང་། སྡོམ་ལ་བརྩི་འཇོག་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་དགོས།    སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་ལ་བཅའ་ཁྲིམས་ལྟར་ལྡན་པའི་ལུས་ཁམས་ཀྱི་ཁེ་དབང་དང་།   རྒྱུ་ནོར་གྱི་ཁེ་དབང་དང་ཁེ་དབང་གཞན་དག་ལ་གནོད་འཚེ་མི་ཕོག་པ་བྱ་རྒྱུ་དང་།      ལས་ཞུགས་དང་སློབ་ཞུགས་སྡོམ་ལ་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་བྱ་རྒྱུ་སོགས་ཀྱི་ཐད་ལ་མཐོང་ཆུང་བྱེད་མི་རུང་། 

 

དོན་ཚན་ལྔ་པ།     སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།       དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ལྟ་སྐུལ་དོ་དམ་བྱེད་པར་རོགས་སྐྱོར་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།   སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་འབྲེལ་ཡོད་སྡེ་ཚན་དབར་ཁྲིམས་ལྟར་ཆ་འཕྲིན་མཉམ་སྤྱོད་བྱས་པ་རེད། 

 

དོན་ཚན་དྲུག་པ།   མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྡེ་ཁུལ་ཡོ་བསྲང་གྲོན་དངུལ་དེ་རིམ་པ་དེ་གའི་སྲིད་གཞུང་སྔོན་རྩིས་ནང་འགོད་དགོས།

 

 གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་ལ་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་ལས་དོན་སྒྲུབ་པར་མཁོ་བའི་འགྲོ་གྲོན་རྣམས་གཏན་འཁེལ་ལྟར་སྡེ་ཁུལ་ཡོ་བསྲང་སྒྲིག་གཞི་རིམ་པ་དེ་གའི་སྲིད་གཞུང་ཀྱི་སྔོན་རྩིས་ནང་འཇུག་དགོས། 

 

དོན་ཚན་བདུན་པ།    སྡེ་ཁུལ་གྱི་ཡོ་བསྲང་ལས་ཀའི་ནང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་གཟེངས་བསྟོད་བྱ་རྒྱུ་དང་བྱ་དགའ་སྤྲོད་རྒྱུ། 

 

ལེའུ་གཉིས་པ། ལས་ཁུངས། མི་སྣ་དང་འགན་འཁྲི།

 

  དོན་ཚན་བརྒྱད་པ།      རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཀ་གཙོ་སྐྱོང་བྱ་རྒྱུ།    རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྡེ་ཁུལ་ཡོ་བསྲང་གི་ལས་དོན་གཙོ་སྐྱོང་བྱ། 

 

མི་དམངས་ཁྲིམས་ཁང་དང་།   མི་དམངས་ཞིབ་དཔྱོད་ཁང་།    སྤྱི་བདེ་ལས་ཁུངས་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་གཞན་དག་ནས་སོ་སོའི་འགན་འཁྲི་ལྟར་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ཁྲིམས་ལྟར་ལེགས་པར་བསྒྲུབ་དགོས།   མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཀར་བཅའ་ཁྲིམས་ལྟར་ལྟ་སྐུལ་བྱ་རྒྱུ། 

 

ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ནས་སྡེ་ཁུལ་ཡོ་བསྲང་ཨུ་ཡོན་ལྷན་ཁང་བཙུགས་དང་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྡེ་ཁུལ་ཡོ་བསྲང་ལས་ཀར་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ། 

དོན་ཚན་དགུ་པ།    རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ནས་སྡེ་ཁུལ་ཡོ་བསྲང་སྒྲིག་གཞི་བཙུགས་ཏེ་སྡེ་ཁུལ་ཡོ་བསྲང་ལས་ཀའི་ཞིབ་ཕྲ་ལག་བསྟར་བྱེད་འགན་འཁུར་རྒྱུ།   སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིའི་བཀོད་སྒྲིག་ཕྱིར་འཐེན་བྱེད་པར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་བསམ་འཆར་བཏོན་ཏེ་གཏན་འཁེལ་གྱི་དབང་ཚད་ལྟར་སྡོམ་ཀྱི་གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་འགོད་དགོས། 

 

ཁྲིམས་འཛིན་སུའོ་ཡིས་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་མངགས་བཅོལ་ལྟར་སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་ལས་དོན་སྒྲུབ་འགན་འཁུར་རྒྱུ། 

 

དོན་ཚན་བཅུ་པ།       སྡེ་ཁུལ་ཡོ་བསྲང་སྒྲིག་གཞིར་བཅའ་ཁྲིམས་སོགས་ཆེད་ལས་ཀྱི་ཤེས་བྱ་ལྡན་པའི་ཆེད་དམིགས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཤམ་དུ་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ལས་བྱེད་མི་སྣ་ཞེས་འབོད་རྒྱུ་བཀོད་སྒྲིག་བྱས་ཏེ།   ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་སོགས་ཀྱི་ཁྲིམས་བསྟར་འགན་འཁྲི་བསྒྲུབ་དགོས། 

 

དོན་ཚན་བཅུ་གཅིག་པ།      སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ཏེ་བཅའ་ཁྲིམས་དང་།  སློབ་གསོ།  སེམས་ཁམས།  སྤྱི་ཚོགས་ཀྱི་ལས་ཀ་སོགས་ཆེད་ལས་ཀྱི་ཤེས་བྱའམ་ཡང་ན་ལག་ལེན་གྱི་ཉམས་མྱོང་ལྡན་པའི་སྤྱི་ཚོགས་ཀྱི་ལས་སྒྲུབ་པས་སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་ལས་ཀ་སྒྲིག་འཛུགས་བྱ་དགོས། 

 

དོན་ཚན་བཅུ་གཉིས་པ།     གྲོང་མིའི་ཨུ་ཡོན་ལྷན་ཁང་དང་།   གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་གཞོགས་འདེགས་བྱས་ཏེ་སྡེ་ཁུལ་ཡོ་བསྲང་གི་ལས་ཀ་ལེགས་པོ་བསྒྲུབ་དགོས།  སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་བྱེད་མཁན་དང་།   ཁྱིམ་ཚང་གི་ཁོངས་མི་ཡིན་ཕྱིན།    དེ་གནས་སའི་སྡེ་ཚན་ནམ་སློབ་སྦྱོང་སློབ་གྲྭས་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་གཞོགས་འདེགས་བྱས་ནས་སྡེ་ཁུལ་ཡོ་བསྲང་གི་ལས་ཀ་ཡག་པོ་བསྒྲུབ་དགོས། 

 

དོན་ཚན་བཅུ་གསུམ་པ།      ཁེ་ལས་དང་བྱ་ལས་སྡེ་ཚན་དང་།  སྤྱི་ཚོགས་ཀྱི་རྩ་འཛུགས།     དང་བླངས་པ་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ཁྲིམས་ལྟར་སྡེ་ཁུལ་གྱི་ཡོ་བསྲང་ལས་ཀར་ཞུགས་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ། 

 

དོན་ཚན་བཅུ་བཞི་པ།       སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱི་ལས་བྱེད་མི་སྣས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས་རང་འགན་ལ་བློ་དཀར་སེམས་དཀར་དང་།  སྒྲིག་ཁྲིམས་ནན་སྲུང་།  སྤྱོད་གཙང་གཞུང་དྲང་བཅས་བྱེད་དགོས། 

 

དོན་ཚན་བཅོ་ལྔ་པ།     སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ལས་བྱེད་མི་སྣས་སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ཞུགས་པའི་མི་སྣ་གཞན་དག་གིས་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་གི་ལས་ཀ་སྒྲུབ་པར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་བྱ་རྒྱུ། 

 

དོན་ཚན་བཅུ་དྲུག་པ།    རྒྱལ་ཁབ་ཀྱིས་བྱང་ཚད་མཐོ་བའི་སྡེ་ཁུལ་ཡོ་བསྲང་ལས་ཀའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་མི་སྣར་དོ་དམ་དང་།  ལྟ་སྐུལ།  གསོ་སྦྱོང་བཅས་བྱེད་པའི་ལས་རིགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡེ་ཁུལ་ཡོ་བསྲང་གི་ལས་ཀ་ཚད་ལྡན་ཅན་དང་ཆེད་ལས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། 

 

ལེའུ་གསུམ་པ། ཐག་གཅོད། དང་ལེན།

 

 དོན་ཚན་བཅུ་བདུན་པ།    སྡེ་ཁུལ་ཡོ་བསྲང་གི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་རྩིས་སྤྲོད་དོ་དམ་དང་།  ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས།  ཚོད་བགམ་གློད་འགྲོལ་གཏོང་རྒྱུའི་ཁྲུན་བཅད།  གནས་སྐབས་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་རྒྱུའི་ཐག་གཅོད་པའམ་ཆོག་མཆན་འགོད་པ་བཅས་བྱེད་སྐབས་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་གནས་གཏན་འཁེལ་བྱ་དགོས། 

 

སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་གནས་ནི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་སྡོད་གནས་ཡིན།   སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ས་ཆ་མང་པོར་བསྡད་ཡོད་ན་རྒྱུན་དུ་གནས་སྡོད་བྱེད་ས་དེ་ལག་བསྟར་བྱེད་གནས་སུ་གཏན་འཁེལ་བྱས་ཆོག 

 

སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་སྡོད་གནས་དང་རྒྱུན་དུ་གནས་སྡོད་བྱེད་ས་གཏན་འཁེལ་མི་ཐུབ་པའམ་ཡང་ན་སྡེ་ཁུལ་གྱི་ཡོ་བསྲང་བྱེད་ཐབས་བྲལ་བ་ཡིན་ན།  སྡེ་ཁུལ་ཡོ་བསྲང་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཕན་ཐོགས་ཡོད་པའི་ཡོ་བསྲང་དང་སྤྱི་ཚོགས་ནང་སྔར་བས་ལེགས་པར་འདྲེས་པའི་རྩ་དོན་ལྟར་ལག་བསྟར་བྱེད་གནས་གཏན་འཁེལ་བྱ་དགོས། 

 

བཅའ་ཁྲིམས་འདིར་སྡེ་ཁུལ་ཡོ་བསྲང་བྱ་རྒྱུའི་ཐག་གཅོད་མཁན་ལས་ཁུངས་ཞེས་པ་ནི་བཅའ་ཁྲིམས་ལྟར་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་བཅད་པ་དང་།    ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།  ཚོད་བགམ་གློད་འགྲོལ་གཏོང་རྒྱུའི་ཁྲུན་ཐག་བཅད་པ།   གནས་སྐབས་བཙོན་ཁང་གི་ཕྱི་རོལ་དུ་ཁྲིམས་ཆད་འཁུར་དུ་འཇུག་རྒྱུར་ཐག་བཅད་པ་བཅས་ཀྱི་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་གནས་སྐབས་བཙོན་ཁང་གི་ཕྱི་རོལ་དུ་ཁྲིམས་ཆད་འཁུར་དུ་འཇུག་མཁན་བཙོན་ཁང་དོ་དམ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ལ་ཟེར། 

 

དོན་ཚན་བཅོ་བརྒྱད་པ།   སྡེ་ཁུལ་ཡོ་བསྲང་གི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ཏེ་སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་ལ་མངག་བཅོལ་བྱས་ནས་ཞུ་སྦྱོར་ཕྱི་མ་བའམ་ཉེས་ཅན་གྱི་སྤྱི་ཚོགས་ཉེན་ཁའི་རང་བཞིན་གྱི་སྡོམ་དེས་རང་ཉིད་སྡོད་སའི་སྡེ་ཁུལ་ལ་ཤུགས་རྐྱེན་ཐེབས་སུ་བཅུག་ཆོག་པ་དང་། བརྟག་དཔྱད་དཔྱད་དཔག་བྱས་ཏེ་བསམ་འཆར་འདོན་དུ་བཅུག་ནས་སྡེ་ཁུལ་ཡོ་བསྲང་བྱེད་སྐབས་ཀྱི་ཟུར་ལྟ་ཐག་གཅོད་བྱེད་དུ་བཅུག་ཆོག   གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་སོགས་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་རོགས་རམ་བྱ་དགོས། 

 

དོན་ཚན་བཅུ་དགུ་པ།    སྡེ་ཁུལ་ཡོ་བསྲང་གི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་རྩིས་སྤྲོད་དོ་དམ་གྱི་ཁྲིམས་ཆད་བཅད་པ་དང་།  ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།  ཚོད་བགམ་གློད་འགྲོལ་གཏོང་རྒྱུའི་ཁྲུན་ཐག་བཅད་པ།  གནས་སྐབས་བཙོན་ཕྱི་ལ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་པའམ་ཡང་ན་ཆོག་མཆན་འགོད་པ་བཅས་ཀྱི་སྐབས་སུ་ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱི་གཏན་འཁེལ་ཆ་རྐྱེན་གྱི་གོ་རིམ་ལྟར་བྱ་དགོས། 

 

སྡེ་ཁུལ་ཡོ་བསྲང་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་བརྒྱབ་ནས་སྡེ་ཁུལ་ཡོ་བསྲང་བྱེད་རིང་དེར་བརྩི་སྲུང་ཞུ་དགོས་པའི་གཏན་འཁེལ་དང་དེ་བཞིན་གཏན་འཁེལ་ལས་འགལ་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཤེས་སུ་འཇུག་དགོས་པ་དང་།  དུས་ཐོག་ཏུ་འབྱོར་ཐོ་འགོད་འགན་དཀྲི་དགོས། 

 

དོན་ཚན་ཉི་ཤུ་པ།   སྡེ་ཁུལ་ཡོ་བསྲང་གི་ཆོད་དོན་འཇོག་མཁན་ལས་ཁུངས་ཀྱིས་དཔྱད་མཚམས་དང་བཀའ་བཅད་བཏང་བའམ་ཡང་ན་ཆོད་དོན་གོ་ཆོད་ཉིན་ནས་བཟུང་གི་ཉིན་ལྔའི་ནང་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད།  ཉིན་བཅུའི་ནང་ཚུན་དུ་འབྲེལ་ཡོད་ཁྲིམས་དོན་ཡིག་རིགས་སྐྱེལ་སྤྲོད་བྱ་དགོས་པ་དང་།  དུས་མཚུངས་སུ་མི་དམངས་ཞིབ་དཔྱོད་ཁང་གི་སྡོམ་ལག་བསྟར་བྱེད་གནས་ཀྱི་སྤྱི་བདེ་ལས་ཁུངས་ལ་འདྲ་བཤུས་སྐྱེལ་སྤྲོད་བྱ་དགོས།   སྡེ་ཁུལ་ཡོ་བསྲང་གི་ཐག་གཅོད་དང་ལག་བསྟར་བྱེད་ས་ས་གནས་གཅིག་ཏུ་མེད་ན་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་ཁྲིམས་དོན་ཡིག་རིགས་དག་ས་གནས་དེ་གའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་དགོས། 

 

དོན་ཚན་ཉེར་གཅིག་པ།  མི་དམངས་ཁྲིམས་ཁང་གིས་རྩིས་སྤྲོད་དོ་དམ་དང་།  ཉེས་ཆད་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་དང་།  ཚོད་བགམ་གློད་འགྲོལ་གཏོང་བའི་བཀའ་བཅད་བཏང་བའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་དཔྱད་མཚམས་དང་བཀའ་བཅད་བཏང་འབྲས་ཐོན་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ལ་འབྱོར་ཐོ་འགོད་དགོས།

 

 མི་དམངས་ཁྲིམས་ཁང་གིས་རེ་ཞིག་བཙོན་ཁང་གི་ཕྱི་རོལ་དུ་ཁྲིམས་ཆད་འཁུར་རྒྱུའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གཏན་འཁེལ་བྱ་རྒྱུ་དང་།  ཉེས་ཅན་ལྟ་སྲུང་ཁང་ངམ་ཡང་ན་ཁག་ཐེག་བཙུགས་ནས་ཞུ་བ་ཕུལ་ཆོག་ཨང་གསར་བྱེད་དུ་འཇུག་པ་དང་སྡོད་གནས་སུ་ལྟ་ཞིབ་བྱེད་མཁན་སྤྱི་བདེ་ལས་ཁུངས་ཀྱིས་ཆོད་དོན་འབྱོར་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་རྩིས་སྤྲོད་བྱ་དགོས།   བཙོན་ཁང་དོ་དམ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་རེ་ཞིག་བཙོན་ཁང་གི་ཕྱི་རོལ་དུ་ཁྲིམས་ཆད་འཁུར་རྒྱུའི་ཆོག་མཆན་སྤྲད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་བཙོན་ཁང་ངམ་ཡང་ན་ལྟ་སྲུང་ཁང་གིས་ཆོག་མཆན་སྤྲད་པའི་ཐག་གཅོད་འབྱོར་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་སྐྱེལ་དགོས། 

 

དོན་ཚན་ཉེར་གཉིས་པ།    སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་བསྡུ་ལེན་དང་།  བཅའ་ཁྲིམས་ཀྱི་ཡིག་རིགས་ཞིབ་བསྡུར་དང་། ཐོབ་ཐང་ཞིབ་བཤེར།  བསྡུ་ལེན་ཐོ་འགོད་ཀྱི་འགྲོ་ལུགས་འགྲིམ་པ།  ཡིག་ཚགས་འཛུགས་པ་བཅས་བྱ་དགོས་པ་མ་ཟད།  སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཉེས་བསགས་དོན་དངོས་དང་།   སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་པའི་དུས་བཀགདེ་བཞིན་བརྩི་སྲུང་ཞུ་དགོས་པའི་གཏན་འཁེལ་བཅས་སྤྱི་བསྒྲགས་ཀྱང་བྱ་དགོས། 

 

ལེའུ་བཞི་བ། ལྟ་སྐུལ་དོ་དམ།

 

 དོན་ཚན་ཉེར་གསུམ་པ།   སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་སྡེ་ཁུལ་ཡོ་བསྲང་བྱེད་རིང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། དཔྱད་མཚམས་དང་བཀའ་བཅད།  གནས་སྐབས་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་བའི་ཆོད་དོན་སོགས་བཅའ་ཁྲིམས་ཡིག་རིགས་ནང་གཏན་འབེབས་བྱས་པའི་འོས་འགན་བསྒྲུབ་དགོས་པ། སྙན་ཞུ་དང་། མགྲོན་པོར་ཐུག་འཕྲད་།  ཕྱིར་ཐོན་པ། གནས་སྤོ།  ཁག་ཐེག་བཙུགས་ནས་བཙོན་ཁང་གི་ཕྱི་རོལ་དུ་སྨན་བཅོས་བྱེད་པ་སོགས་ཀྱི་ལྟ་སྐུལ་དོ་དམ་གཏན་འཁེལ་ལ་བརྩི་སྲུང་ཞུ་དགོས་པ།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིའི་དོ་དམ་ལ་བརྩི་སྲུང་ཞུ་དགོས། 

 

དོན་ཚན་ཉེར་བཞི་པ།  སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་ཁྲིམས་གཅོད་ཀྱི་ནང་དོན་ལ་གཞིགས་ནས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཕོ་མོ་དང་། ལོ་ཚོད།   སེམས་ཁམས་ཀྱི་ཁྱད་ཆོས།  བདེ་ཐང་གི་གནས་ཚུལ།ཉེས་གསོག་གི་རྒྱུ་མཚན་།  ཉེས་གསོག་གི་རིགས་གྲས་།  ཉེས་གསོག་གི་གནས་ཚུལ།  བྱས་ཉེས་ལ་འགྱོད་བཤགས་བྱེད་པའི་མངོན་ཚུལ་སོགས་ཀྱི་གནས་ཚུལ་ལ་སྡོམ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་ཡོ་བསྲང་ཇུས་གཞི་བཟོས་ཏེ་རིགས་དབྱེ་དོ་དམ་དང་རེ་ཟུང་ཡོ་བསྲང་ཐུབ་པ་བྱེད་དགོས།   ཡོ་བསྲང་ཇུས་གཞི་དེ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་མངོན་ཚུལ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་བབ་མཚུངས་ལེགས་སྒྲིག་བྱེད་དགོས། 

 

དོན་ཚན་ཉེར་ལྔ་པ།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་གྱི་གནས་ཚུལ་ལ་གཞིགས་ནས་ཡོ་བསྲང་ཚོ་ཆུང་གཏན་འཁེལ་བྱས་ཏེ་བབ་མཚུངས་ཡོ་བསྲང་བྱེད་པའི་ཇུས་གཞི་དོན་འཁྱོལ་བྱེད་འགན་འཁུར་དགོས། 

 

དགོས་མཁོར་གཞིགས་ནས་ཡོ་བསྲང་ཚོ་ཆུང་ནི་ཁྲིམས་འཛིན་ཁང་དང་།  གྲོང་མིའི་ཨུ་ཡོན་ལྷན་ཁང་།  གྲོང་མིའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་མི་སྣ་དང་། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་པ།  ཁྱིམ་ཚང་གི་ཁོངས་མི།  གནས་སའི་སྡེ་ཚན་ནམ་སློབ་གྲྭར་ཡོད་པའི་སློབ་གྲྭའི་མི་སྣ།  དེ་བཞིན་སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན་དང་དང་བླངས་པ་སོགས་ལས་འགྲུབ་དགོས།   སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་བུད་མེད་ཡིན་རིགས་ཡོ་བསྲང་ཚོ་ཆུང་ནང་བུད་མེད་ཁོངས་མི་ཡོད་དགོས། 

 

དོན་ཚན་ཉེར་དྲུག་པ།  སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་ཁོང་དུ་ཆུད་པ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་བྱེད་སྒོ་སྤེལ་ཚུལ་སྡོམ་བྱ་སྤྱོད་མངོན་ཚུལ་རྒྱུས་ལོན་བྱ་དགོས།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་འཕྲིན་གཏོང་འབྲེལ་གཏུག་དང་།  ཆ་འཕྲིན་ཅན་གྱི་ཞིབ་བཤེར།  ལས་ཡུལ་དངོས་སུ་འདྲི་རྩད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་བྱས་ཆོག་པ་དང་།  འབྲེལ་ཡོད་ཚན་པའི་སྡོམ་མི་སྒེར་གྱིས་གཞོགས་འདེགས་བྱེད་དགོས། 

 

སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་ས་གནས་ས་ཐོག་ཏུ་བཅར་འདྲི་སོགས་ཀྱི་ལས་དོན་སྤེལ་སྐབས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཐོབ་ཐང་ཆ་འཕྲིན་མི་སྒེར་གྱི་གསང་བ་སྡོམ་བྱ་རྒྱུར་སྲུང་སྐྱོང་བྱེད་དགོས། 

 

དོན་ཚན་ཉེར་བདུན་པ།  སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་དེ་གནས་སྡོད་སའི་གྲོང་ཁྱེར་དང་རྫོང་ལས་བྲལ་བའམ་ཡང་ན་གནས་སྤོ་བྱས་ན།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།   སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཚེ་ཆོག་མཆན་སྤྲོད་དགོས་པ་དང་།  རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་དགོས་མཁོའི་དབང་གིས་རྒྱུན་ལྡན་གྱི་གྲོང་ཁྱེར་དང་རྫོང་ལས་བརྒལ་བའི་བྱེད་སྒོ་ཡིན་ན།  གནས་ཚུལ་ལ་གཞིགས་ནས་ཆོག་མཆན་འགོད་པའི་གོ་རིམ་གྱི་བྱེད་ཐབས་སྟབས་བདེ་བཟོ་དགོས། 

 

སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གནས་སྤོ་སོགས་རྒྱུ་མཚན་གྱི་རྐྱེན་གྱིས་ལག་བསྟར་བྱེད་གནས་བསྒྱུར་དགོས་བྱུང་ཚེ། སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྱུར་བཅོས་བྱ་རྒྱུའི་ཐག་གཅོད་བྱ་དགོས།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་བསྒྱུར་བཅོས་བྱ་རྒྱུའི་ཆོད་དོན་བཞག་རྗེས།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་ཐག་གཅོད་བྱེད་མཁན་ལས་ཁུངས་ལ་སྡོམ་བསྒྱུར་བཅོས་བྱས་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་བརྡ་སྦྱོར་བྱ་དགོས་པ་མ་ཟད།  འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཡིག་ཆ་དེ་བསྒྱུར་བཅོས་བྱས་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་འདྲ་བཤུས་ཀྱང་བྱ་དགོས།  བསྒྱུར་བཅོས་བྱས་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་སྒྲིག་གཞི་ཡིས་ཁྲིམས་དོན་ཡིག་རིགས་དག་སོ་སོ་གནས་སའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་ལ་བརྒྱུད་སྤྲོད་བྱ་དགོས། 

 

དོན་ཚན་ཉེར་བརྒྱད་པ།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་མཚོན་ཚུལ་ལ་གཞིགས་ནས་འབྲེལ་ཡོད་གཏན་འཁེལ་ལྟར་དེར་དཔྱད་ཞིབ་དང་བྱ་དགའ་སྤྲོད་དགོས།  སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱིས་བྱས་ཉེས་ངོས་ལེན་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་།  ལྟ་སྐུལ་དང་དོ་དམ་ལ་བརྩི་བཀུར། སློབ་གསོ་དང་ལེན་བཅས་བྱས་ཚུལ་མངོན་གསལ་ཡིན་རིགས་ལ་བསྔགས་བརྗོད་བྱ་དགོས།  སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ཡང་ན་ལྟ་སྐུལ་དོ་དམ་གྱི་གཏན་འཁེལ་དང་འགལ་ཚེ། གནས་ཚུལ་ལ་གཞིགས་ནས་ཁྲིམས་ལྟར་བསླབ་བྱ་ནན་འདོམས་དང་། ཐ་ཚིག་སྒྲོག་པ།  སྤྱི་བདེ་ལས་ཁུངས་ལ་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རོགས་ཞུ་བའམ་ཡང་ན་ཁྲིམས་ལྟར་ཉེས་ཆད་ཕྱིར་འགྱངས་ཕྱིར་འཐེན་དང་།  ཚོད་བགམ་གློད་འགྲོལ་ཕྱིར་འཐེན།  གནས་སྐབས་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་དུ་འཇུག་པ་བཅས་ཀྱི་བཙོན་དུ་བཅུག་ནས་ལག་ལེན་བསྟར་དགོས། 

 

སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་དཔྱད་ཞིབ་བྱས་འབྲས་དེ་དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་སྤྱོད་ཚུལ་ཡོད་མེད་དང་ཡང་ན་ལྟ་སྐུལ་དོ་དམ་དང་གཏན་འཁེལ་ལས་ཚབས་ཆེན་འགལ་ཡོད་མེད་གཏན་འཁེལ་བྱེད་པའི་གཞི་འཛིན་ས་བྱས་ཆོག 

 

དོན་ཚན་ཉེར་དགུ་པ།  སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་ལ་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་རིགས།  རྫོང་རིམ་པའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད་གློག་རྡུལ་གནས་ངེས་སྒྲིག་ཆས་བཀོལ་སྤྱོད་བྱས་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཆོག་པ་སྟེ། 

གཅིགམི་དམངས་ཁྲིམས་ཁང་གི་བཀག་རྒྱ་ལས་འགལ་རིགས་དང་། 

གཉིས། རྒྱུ་མཚན་ལུགས་མཐུན་མེད་པར་ཆོག་མཆན་མ་ཐོབ་པར་རང་ཉིད་སྡོད་སའི་གྲོང་ཁྱེར་དང་རྫོང་ལས་ཁ་བྲལ་བ།

 གསུམ།གཏན་འཁེལ་ལྟར་རང་ཉིད་ཀྱི་བྱེད་སྒོ་སྤེལ་ཚུལ་སྙན་སེང་མ་ཞུས་པར་ཐ་ཚིག་སྒྲོག་པ། 

བཞི།ལྟ་སྐུལ་དོ་དམ་གྱི་གཏན་འཁེལ་དང་འགལ་ནས་བདེ་སྐྱོང་དོ་དམ་གྱི་ཆད་པ་བཅད་རིགས།

 ལྔ།ཉེས་ཆད་ཕྱིར་འགྱངས་དང་།  ཚོད་བགམ་གློད་འགྲོལ་གཏོང་བའམ་ཡང་ན་གནས་སྐབས་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་དུ་བཅུག་ནས་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་དུ་བཅུག་རིགས་བཅས་ཡིན། 

 

གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འཁེལ་ལ་གློག་རྡུལ་གནས་ངེས་སྒྲིག་ཆས་བེད་སྤྱོད་བྱེད་ཡུན་ཟླ་བ་གསུམ་ལས་བརྒལ་མི་ཆོག  མུ་མཐུད་བེད་སྤྱོད་བྱ་མི་དགོས་པའི་རིགས་དུས་ཐོག་ཏུ་མེད་པར་བཟོ་དགོས།  དུས་ཚད་ཐིམ་རྗེས་དཔྱད་དཔག་མུ་མཐུད་ནས་བེད་སྤྱོད་བྱ་དགོས་ངེས་ཡིན་རིགས་ཆོག་མཆན་ཐོབ་མཚམས་སུ་དུས་ཚད་བསྲིངས་ཆོག་ཅིང་། ཐེངས་རེར་ཟླ་བ་གསུམ་ལས་བརྒལ་མི་ཆོག 

 

སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་གློག་རྡུལ་གནས་ངེས་སྒྲིག་ཆས་བརྒྱུད་དེ་ཆ་འཕྲིན་ཐོབ་པ་དག་གསང་སྲུང་ནན་པོ་བྱ་དགོས་པ་དང་།  འབྲེལ་ཡོད་ཆ་འཕྲིན་སྡེ་ཁུལ་ཡོ་བསྲང་ལས་ཀར་མ་གཏོགས་སྤྱོད་མི་རུང་བ་ལས་སྤྱོད་སྒོ་གཞན་དག་ལ་སྤྱོད་མི་ཆོག 

 

དོན་ཚན་སུམ་ཅུ་པ།  སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་དང་འབྲེལ་བ་ཆད་ཚེ་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་འཕྲལ་མར་སྒྲིག་འཛུགས་བྱས་ནས་འཚོལ་ཞིབ་བྱེད་དགོས་པ་དང་། སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་ཚན་པའི་མི་སྣས་གཞོགས་འདེགས་བྱེད་དགོས།  སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་འཚོལ་རྙེད་བྱུང་རྗེས་གནས་ཚུལ་མི་འདྲ་བར་གཞིགས་ནས་ཁྲིམས་ལྟར་ཐག་གཅོད་བྱ་དགོས། 

 

དོན་ཚན་སོ་གཅིག་པ།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལ་ལྟ་སྐུལ་དོ་དམ་གྱི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་པའམ་ཡང་ན་མི་དམངས་ཁྲིམས་ཁང་གི་བཀའ་རྒྱ་དང་འགལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་ན།  འཕྲལ་མར་བཀག་འགོག་བྱེད་དགོས་པ་དང་།  བཀག་འགོག་བྱས་ཀྱང་ནུས་པ་མ་ཐོན་ན།  འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་དེ་གར་ཡོང་ནས་ཐག་གཅོད་བྱ་དགོས་པའི་བརྡ་ཐོ་གཏོང་དགོས། 

 

དོན་ཚན་སོ་གཉིས་པ།  སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་ལྟར་བཀག་སྐྱིལ་དང་། བཙན་ཤེད་ཀྱིས་ལོགས་བཀར་དུག་གཅོད་དུ་འཇུག་པ། ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་པ་སོགས་ཀྱི་མི་ལུས་རང་དབང་ཚོད་འཛིན་བྱས་ཚུལ་ཡོད་ན།  འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་བརྡ་ཐོ་གཏོང་དགོས། 

 

དོན་ཚན་སོ་གསུམ་པ།  སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་དེ་ཉེས་ཁྲིམས་གཏན་འཁེལ་གི་ཉེས་ཆད་བཅའ་ཡང་གཏོང་བའི་ཆ་རྐྱེན་དང་མཐུན་ཚེ།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་ཡུལ་གྱི་འབྲིང་རིམ་ཡན་གྱི་མི་དམངས་ཁྲིམས་ཁང་ལ་ཉེས་ཆད་བཅའ་ཡང་གཏོང་རྒྱུའི་གྲོས་འགོ་འདོན་དགོས་པ་མ་ཟད།  ཉེས་ཆད་བཅའ་ཡང་དུ་གཏོང་རྒྱུ་དེ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་ལ་འདྲ་བཤུས་ཀྱང་བྱ་དགོས།

 

 མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ཉེས་ཆད་བཅའ་ཡང་གཏོང་རྒྱུའི་གྲོས་གཞིའི་ཡི་གེ་འབྱོར་རྗེས་ཀྱི་ཉིན་སུམ་ཅུའི་ནང་བཀའ་བཅད་གཏོང་དགོས་པ་མ་ཟད།  བཅད་ཁྲ་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིར་སྐྱེལ་སྤྲོད་བྱ་དགོས་པ་དང་ཆབས་ཅིག་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་ལ་འདྲ་བཤུས་སྐྱེལ་སྤྲོད་ཀྱང་བྱ་དགོས།

 

དོན་ཚན་སོ་བཞི་པ།   སྡེ་ཁུལ་གྱི་ཡོ་བསྲང་ལས་ཀ་སྤེལ་སྐབས་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས།  སྡེ་ཁུལ་ཡོ་བསྲང་གི་བྱེད་ཐབས་སྡོམ་བྱེད་ཐབས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་གྱི་རྒྱུན་ལྡན་ལས་ཀ་དང་འཚོ་བར་དགོས་མེད་ཀྱི་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།  བཅའ་ཁྲིམས་ལྟར་གཏན་འཁེལ་མ་བྱས་ན་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་མི་ལུས་རང་དབང་ལ་ཚོད་འཛིན་ནམ་རྣམ་པ་འགྱུར་བའི་ཚོད་འཛིན་བྱས་མི་ཆོག 

 

སྡེ་ཁུལ་ཡོ་བསྲང་བྱེད་མཁན་གྱིས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པར་སྙམ་ན་མི་དམངས་ཞིབ་དཔྱོད་ཁང་ངམ་འབྲེལ་ཡོད་ལས་ཁུངས་ལ་རྒྱུ་མཚན་ཞུ་འབུལ་དང་ཞུ་གཏུག་བྱེད་པའི་སྡོམ་ཉེས་འདོན་བྱེད་དབང་ཡོད།  བདག་སྤྲོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྒྲུབ་དགོས་པ་མ་ཟད། སྒྲུབ་འབྲས་དེ་གནས་ལུགས་ཡོང་རྐྱེན་ཞུ་མཁན་དང་ཞུ་གཏུག་བྱེད་མཁན་ལ་སྡོམ་ཉེས་འདོན་བྱེད་མཁན་ལ་བཤད་དགོས། 

 

ལེའུ་ལྔ་བ། སློབ་གསོའི་རོགས་སྐྱོར།

 

 དོན་ཚན་སོ་ལྔ་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་དེ་སློབ་གསོ་རོགས་སྐྱོར་བྱ་ཡུལ་ལ་དགོས་ངེས་ཀྱི་གནས་ཡུལ་སྡོམ་ཆ་རྐྱེན་འདོན་སྤྲོད་བྱ་དགོས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་སློབ་གསོ་རོགས་སྐྱོར་གྱི་ལས་ཀར་ཞུགས་སུ་འཇུག་དགོས།  འབྲེལ་ཡོད་མི་དམངས་ཚོགས་པས་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་སློབ་གསོ་རོགས་སྐྱོར་གྱི་ལས་དོན་ལེགས་པོ་སྒྲུབ་པར་ཁྲིམས་ལྟར་གཞོགས་འདེགས་བྱ་དགོས། 

དོན་ཚན་སོ་དྲུག་པ།    སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་དགོས་མཁོར་གཞིགས་ནས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་སྐྱོང་དང་ཀུན་སྤྱོད་སོགས་ཀྱི་སློབ་གསོ་བརྒྱབ་ནས་དེའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་།   དེའི་ཀུན་སྤྱོད་སྤུས་ཚད་ཀྱིས་ཉེས་པ་འགྱོད་བཤགས་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས། 

 

སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་གཏོང་སྐབས་དེའི་བྱེ་བྲག་གྱི་ཁྱད་ཆོས་དང་རྒྱུན་ལྡན་གྱི་མཚོན་ཚུལ་སོགས་གནས་ཚུལ་དངོས་ལ་གཞིགས་ནས་དེའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱ་དགོས་པ་དང་།  མི་དང་བསྟུན་ནས་སློབ་གསོ་གཏོང་དགོས། 

 

དོན་ཚན་སོ་བདུན་པ།   སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་འབྲེལ་ཡོད་སྡེ་ཁག་གི་སྡོམ་ཚན་པ་དང་མཐུན་སྦྱོར་བྱས་ཏེ།   ལས་ཞུགས་དཀའ་ངལ་ཡོད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་མཐུན་ལྟར་ལས་རིགས་རྩལ་ནུས་གསོ་སྦྱོང་དང་།   ལས་ཞུགས་ཁྲིད་སྟོན་བྱས་ཏེ།   སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཁྲོད་ཀྱི་སློབ་གྲྭར་ཡོད་པའི་སློབ་མས་སྦྱོང་ཚན་སྦྱངས་ཚར་བར་རོགས་རམ་བྱེད་དགོས། 

 

དོན་ཚན་སོ་བརྒྱད་པ།  གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་དང་བླངས་པའི་སྡེ་ཁུལ་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་སྡེ་ཁུལ་གྱི་ཐོན་ཁུངས་སྤྱོད་པ་དང་རྣམ་པ་སྣ་ཚོགས་སྤྱད་དེ་དམིགས་བསལ་དཀའ་ངལ་ཡོད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་དགོས་ངེས་ཀྱི་སློབ་གསོའི་རོགས་སྐྱོར་བྱས་ཆོག 

 

དོན་ཚན་སོ་དགུ་པ།     སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་བྱེད་མཁན་དང་།   ཁྱིམ་ཚང་གི་ཁོངས་མི་གནས་སའི་སྡེ་ཚན་ནམ་སློབ་སྦྱོང་སློབ་གྲྭས་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིར་གཞོགས་འདེགས་བྱས་ནས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་སློབ་གསོ་ཡག་པོ་རྒྱག་དགོས། 

 

དོན་ཚན་བཞི་བཅུ་པ།   སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་ཡོངས་བསྒྲགས་དང་ལེགས་འདེམས་བྱས་ཏེ་སྡེ་ཁུལ་གྱི་སྤྱི་ཚོགས་ལས་དོན་ཞབས་ཞུ་དང་ཡང་ན་སྤྱི་ཚོགས་ཞབས་ཞུ་གཞན་དག་ཉོ་སྒྲུབ་བྱས་ནས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་དང་།    སེམས་ཁམས་ཟུར་ཁྲིད།   ལས་རིགས་རྩལ་ནུས་གསོ་སྦྱོང་།    སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་བཅོས་སོགས་ཀྱི་ཐད་དགོས་ངེས་ཀྱི་རོགས་སྐྱོར་བྱེད་དགོས། 

 

སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་ཀྱང་རྣམ་གྲངས་ལ་བརྟེན་ནས་སྤྱི་ཚོགས་རྩ་འཛུགས་ལ་མངགས་བཅོལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གོང་གསལ་རོགས་སྐྱོར་བྱེད་སྒོ་སྤེལ་ཆོག   ཉམས་མྱོང་དང་ཐོན་ཁུངས་ཡོད་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ས་ཁུལ་ལས་བརྒལ་ནས་བརྗེ་རེས་རོགས་སྐྱོར་བྱེད་པའི་དཔེ་སྟོན་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ། 

 

དོན་ཚན་ཞེ་གཅིག་པ།  ཁེ་ལས་དང་བྱ་ལས་སྡེ་ཚན་དང་སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལས་ཞུགས་ཀྱི་ལས་གནས་དང་ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ།   ཆ་རྐྱེན་དང་མཐུན་པའི་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་ཁེ་ལས་བསྡུ་ལེན་བྱས་ན།  གཏན་འཁེལ་ལྟར་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་དགོས། 

 

དོན་ཚན་ཞེ་གཉིས་པ།     སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་གྱི་མི་སྒེར་གྱི་ཁྱད་ཆོས་ལ་གཞིགས་ནས་དེ་སྤྱི་ཕན་བྱེད་སྒོར་ཞུགས་རྒྱུའི་སྒྲིག་འཛུགས་དང་།    སྤྱི་ཚོགས་ཀྱི་འབྲེལ་བ་ཉམས་གསོ།   སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་གསོ་སྐྱོང་བཅས་བྱས་ཆོག 

 

དོན་ཚན་ཞེ་གསུམ་པ། སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལ་གཞིགས་ནས་སྤྱི་ཚོགས་ཀྱི་སྐྱོབ་རོགས་དང་།   སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པ།   བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་པ་བཅས་བྱས་ཆོག་ཅིང་།   སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་དགོས་ངེས་ཀྱི་རོགས་རམ་བྱ་དགོས། 

 

ལེའུ་དྲུག་པ། ཕྱིར་འཐེན་དང་མཇུག་སྒྲིལ།

 

 དོན་ཚན་ཞེ་བཞི་པ།  སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཡོ་བསྲང་དུས་ཡུན་ཐིམ་པའམ་ཡང་ན་བཙོན་གྲོལ་བཏང་རིགས་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སྡེ་ཁུལ་ཡོ་བསྲང་ཕྱིར་འཐེན་ཡོ་བསྲང་བྱེད་པའི་དཔང་ཡིག་སྤྲོད་དགོས་པ་མ་ཟད།     སྡེ་ཁུལ་ཡོ་བསྲང་ཐག་གཅོད་བྱེད་མཁན་ལས་ཁུངས་དང་།  གནས་སའི་མི་དམངས་ཞིབ་དཔྱོད་ཁང་།     སྤྱི་བདེ་ལས་ཁུངས་བཅས་ལ་བརྡ་ཐོ་གཏོང་དགོས། 

 

དོན་ཚན་ཞེ་ལྔ་པ།  སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་རྒྱུའི་བཀའ་བཅད་བཏང་བས་བཙོན་དུ་བཅུག་ནས་ལག་བསྟར་བྱེད་པའམ་ཡང་ན་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ཤི་སྐྱོན་བྱུང་རིགས་སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཚམས་འཇོག་རྒྱུ།

 

དོན་ཚན་ཞེ་དྲུག་པ།  སྡེ་ཁུལ་གྱི་ཡོ་བསྲང་བྱེད་ཡུལ་ལ་ཉེས་ཁྲིམས་གཏན་འཁེལ་ཀྱི་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་པའི་གནས་ཚུལ་ཡོད་ན།     མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་དགོས།

 

 ཚོད་བགམ་བྱེད་པའི་ཡུན་ཚད་ནང་བྱས་ཉེས་གསར་པ་བསགས་པའམ་ཡང་ན་གསར་རྙེད་དཔྱད་མཚམས་ཁྱབ་བསྒྲགས་མ་བྱས་གོང་ད་དུང་བྱས་ཉེས་གཞན་དག་ཡོད་པར་དཔྱད་མཚམས་བཏང་མེད་པ་ཡིན་ན།    གྱོད་དོན་དེ་ཉིད་ཞིབ་གཅོད་བྱེད་མཁན་མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་དགོས་པ་མ་ཟད།   ཡིག་ཐོག་ནས་ཐོག་མའི་འདྲི་གཅོད་བྱེད་མཁན་མི་དམངས་ཁྲིམས་ཁང་ལ་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ལ་བརྡ་ཐོ་གཏོང་དགོས། 

 

ནང་གསེས་དོན་ཚན་གཉིས་པའི་གཏན་འཁེལ་ཕུད་པའི་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་དགོས་པའི་གནས་ཚུལ་གཞན་དག་ཡོད་ན།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་ཐོག་མའི་འདྲི་གཅོད་བྱེད་མཁན་མི་དམངས་ཁྲིམས་ཁང་ངམ་ལག་བསྟར་བྱེད་གནས་ཀྱི་མི་དམངས་ཁྲིམས་ཁང་ལ་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་རྒྱུའི་གྲོས་འགོ་འདོན་དགོས་པ་མ་ཟད།     གྲོས་གཞིའི་ཡི་གེ་མི་དམངས་ཞིབ་དཔྱོད་ཁང་ལ་འདྲ་བཤུས་ཀྱང་བྱ་དགོས།     སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་རྒྱུའི་གྲོས་འགོ་འདོན་སྐབས་རྒྱུ་མཚན་གསལ་བཤད་བྱ་དགོས་པ་མ་ཟད་འབྲེལ་ཡོད་དཔང་རྟགས་དཔྱད་ཡིག་ཀྱང་འདོན་སྤྲོད་བྱ་དགོས། 

 

དོན་ཚན་ཞེ་བདུན་པ།   ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཡུལ་གྱིས་བྲོས་བྱོལ་དུ་སོང་བའམ་སྤྱི་ཚོགས་ལ་ཉེན་ཁ་བཟོ་སྲིད་ན། སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་མེད་པར་བཟོ་རྒྱུའི་གྲོས་འགོ་བཏོན་པ་དང་ཆབས་ཅིག་མི་དམངས་ཁྲིམས་ཁང་ལ་དེ་འཛིན་བཟུང་བྱ་རྒྱུའི་ཐག་གཅོད་བྱེད་རོགས་ཞུས་ཆོག

 

 མི་དམངས་ཁྲིམས་ཁང་གིས་ཆུ་ཚོད་ཞེ་བརྒྱད་ནང་འཛིན་བཟུང་བྱ་དགོས་མིན་ཐག་གཅོད་དགོས།   འཛིན་བཟུང་བྱ་རྒྱུའི་ཐག་བཅད་ན་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱ་རྒྱུ།   འཛིན་བཟུང་བྱས་རྗེས་བཙན་ཉར་བྱེད་ཡུན་ཉིན་སུམ་ཅུ་ལས་བརྒལ་མི་ཆོག 

 

དོན་ཚན་ཞེ་བརྒྱད་པ།   མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་རྒྱུའི་གྲོས་ཡིག་འབྱོར་རྗེས་ཀྱི་ཉིན་སུམ་ཅུའི་ནང་དཔྱད་མཚམས་བཏང་སྟེ་བཅད་ཁྲ་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་སྤྱི་བདེ་ལས་ཁུངས་ལ་སྡོམ་བྱ་རྒྱུར་སྐྱེལ་སྤྲོད་བྱ་དགོས་པ་མ་ཟད།    འདྲ་བཤུས་ཀྱང་མི་དམངས་ཞིབ་དཔྱོད་ཁང་ལ་སྐྱེལ་སྤྲོད་བྱ་དགོས།   མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་རྩིས་ཡོད་ན།    སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་དག་འབུད་དང་དེས་མངག་བཅོལ་བྱས་པའི་ཁྲིམས་རོགས་པའི་བསམ་འཆར་ཉན་དགོས། 

 

མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་རྒྱུའི་བཀའ་བཅད་བཏང་ན། སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བཙོན་ཁང་ངམ་ཡང་ན་ཉེས་ཅན་ལྟ་སྲུང་ཁང་ལ་སྐྱེལ་སྤྲོད་བྱས་ནས་ལག་བསྟར་བྱ་དགོས།   ཉེས་ཆད་མ་ཁུར་གོང་ལ་འཛིན་བཟུང་བྱས་པ་རྣམས་བཙན་ཉར་བྱས་པའི་ཉིན་རེ་ཉེས་འཁུར་ཡུན་ཚད་ཉིན་རེར་བརྩི་རྒྱུ། 

 

མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་མི་བྱེད་པའི་བཀའ་བཅད་བཏང་ན།     འཛིན་བཟུང་བྱས་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་གློད་འགྲོལ་གཏོང་དགོས། 

 

དོན་ཚན་ཞེ་དགུ་པ།  གནས་སྐབས་བཙོན་ཕྱི་ལ་ཁྲིམས་ཆད་ལག་བསྟར་བྱ་རྒྱུའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་བཙོན་འཇུག་བྱ་དགོས་པའི་གནས་ཚུལ་ཡོད་ན། སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་ལག་བསྟར་བྱེད་སའམ་ཡང་ན་དེ་སྔའི་སྡེ་ཁུལ་ཡོ་བསྲང་ཐག་གཅོད་བྱེད་མཁན་ལས་ཁུངས་ལ་བཙོན་འཇུག་ལག་བསྟར་བྱ་རྒྱུའི་གྲོས་འགོ་འདོན་དགོས་པ་མ་ཟད།   གྲོས་གཞིའི་ཡི་གེ་དེ་མི་དམངས་ཞིབ་དཔྱོད་ཁང་ལ་འདྲ་བཤུས་ཀྱང་བྱ་དགོས།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་གྲོས་འགོའི་ཡིག་རིགས་ལག་འབྱོར་བྱུང་བའི་ཉིན་སུམ་ཅུའི་ནང་ཚུན་ཐག་གཅོད་བྱས་ཏེ་ཆོད་ཡིག་དེ་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིའི་སྤྱི་བདེ་ལས་ཁུངས་ལ་སྐྱེལ་སྤྲོད་བྱ་དགོས་པ་མ་ཟད།    འདྲ་བཤུས་ཀྱང་མི་དམངས་ཞིབ་དཔྱོད་ཁང་ལ་སྐྱེལ་སྤྲོད་བྱ་དགོས། 

 

མི་དམངས་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་ཀྱིས་གནས་སྐབས་བཙོན་ཕྱི་ལ་ཁྲིམས་ཆད་ལག་བསྟར་བྱ་རྒྱུའི་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་དེ་བཙོན་དུ་བཅུག་ནས་ལག་བསྟར་བྱ་རྒྱུའི་ཐག་བཅད་ན།      སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་དེ་བཙོན་ཁང་ངམ་ཡང་ན་ལྟ་སྲུང་ཁང་ལ་བསྐྱལ་ནས་བཙོན་ཁང་ལ་ལག་བསྟར་བྱེད་དུ་འཇུག་དགོས། 

 

བཙོན་ཁང་དོ་དམ་ལས་ཁུངས་ཀྱིས་གནས་སྐབས་བཙོན་ཕྱི་ལ་ཁྲིམས་ཆད་ལག་བསྟར་བྱ་རྒྱུའི་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་དེ་བཙོན་དུ་བཅུག་ནས་ལག་བསྟར་བྱ་རྒྱུའི་ཐག་བཅད་ན་བཙོན་ཁང་གིས་འཕྲལ་མར་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་དེ་བཙོན་དུ་བཅུག་ནས་ལག་བསྟར་བྱེད་དགོས། 

 

དོན་ཚན་ལྔ་བཅུ་པ།    ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱ་རྒྱུའི་བཀའ་བཅད་བཏང་སྟེ་བཙོན་དུ་བཅུག་ནས་ལག་བསྟར་བྱ་རྒྱུའི་ཐག་བཅད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བྲོས་བྱོལ་དུ་ཕྱིན་ན།  སྤྱི་བདེ་ལས་ཁུངས་ཀྱིས་འདེད་བཟུང་བྱ་རྒྱུ་དང་།     སྡེ་ཁུལ་ཡོ་བསྲང་སྒྲིག་གཞི་དང་འབྲེལ་ཡོད་སྡེ་ཚན་གྱི་སྡོམ་མི་སྒེར་གྱིས་གཞོགས་འདེགས་བྱ་རྒྱུ། 

 

དོན་ཚན་ང་གཅིག་པ།     སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་སྡེ་ཁུལ་ཡོ་བསྲང་བྱེད་རིང་ཤི་ན།     དེའི་ལྟ་སྐྱོང་བྱེད་མཁན་དང་ཁྱིམ་ཚང་གི་ཁོངས་མིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིར་སྙན་སེང་ཞུ་དགོས།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་སྡེ་ཁུལ་ཡོ་བསྲང་གི་ཐག་གཅོད་བྱེད་མཁན་ལས་ཁུངས་དང་། གནས་སའི་མི་དམངས་ཞིབ་དཔྱོད་ཁང་།   སྤྱི་བདེ་ལས་ཁུངས་བཅས་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་དགོས། 

 

ལེའུ་བདུན་པ། སྐྱེ་བོ་ལོ་ན་མ་སོན་པའི་མིའི་སྡེ་ཁུལ་ཡོ་བསྲང་བྱེད་ཕྱོགས་སྐོར་གྱི་དམིགས་བསལ་གཏན་འབེབ།

 

 དོན་ཚན་ང་གཉིས་པ།  སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་ལོ་ན་མ་སོན་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱེད་ཡུལ་གྱི་ལོ་ཚོད་དང་། སེམས་ཁམས་ཀྱི་ཁྱད་ཆོས།   འཚར་ལོངས་འབྱུང་དགོས་མཁོ།   ཉེས་གསོག་རྒྱུ་མཚན་།   ཁྱིམ་ཚང་གི་ལྟ་སྐྱོང་སློབ་གསོའི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་ཡོ་བསྲང་བྱ་ཐབས་སྤྱོད་དགོས། 

 

སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་ལོ་ན་མ་སོན་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གཏན་འཁེལ་ཡོ་བསྲང་ཚོ་ཆུང་གིས་ལོ་ན་མ་སོན་པའི་སྐྱེ་བོ་རྣམས་ཀྱི་ལུས་སེམས་ཀྱི་ཁྱད་ཆོས་ལ་ཆ་རྒྱུས་ཡོད་པའི་མི་སྣ་བསྡུ་ལེན་བྱ་དགོས།

 

 ལོ་ན་མ་སོན་པའི་སྐྱེ་བོའི་སྡེ་ཁུལ་ཡོ་བསྲང་བྱེད་རིགས་དར་མ་དང་སོ་སོར་བྱ་དགོས། 

 

དོན་ཚན་ང་གསུམ་པ།  ལོ་ན་མ་སོན་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱེད་ཡུལ་གྱི་ལྟ་སྐྱོང་པས་ལྟ་སྐྱོང་བྱེད་འགན་འཁུར་དགོས་པ་དང་།     གསོ་སྐྱོང་དང་དོ་དམ་སློབ་གཅུན་སོགས་ཀྱི་འོས་འགན་འཁུར་དགོས། 

 

ལྟ་སྐྱོང་པས་ལྟ་སྐྱོང་གི་འགན་འཁྲི་འཁུར་རྒྱུར་སྒྱིད་ལུག་བྱས་པ་ཡིན་ན།      སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལས་ཁུངས་ཀྱིས་དེར་ལྟ་སྐྱོང་གི་འགན་འཁྲི་སྒྲུབ་པར་སྐུལ་འདེད་དང་སློབ་གསོ་གཏོང་དགོས།      ལྟ་སྐྱོང་པས་ལྟ་སྐྱོང་བྱེད་འགན་མི་འཁུར་བ་ཡིན་ན།      འབྲེལ་ཡོད་སྡེ་ཁག་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་བརྡ་ཐོ་གཏོང་དགོས། 

 

དོན་ཚན་ང་བཞི་པ།  སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ལས་དོན་མི་སྣས་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ནང་ཞུགས་པའི་མི་སྣ་གཞན་དག་གིས་འགན་འཁྲི་ལག་བསྟར་བརྒྱུད་རིམ་ཁྲོད་ཐོབ་པའི་ལོ་ན་མ་སོན་པའི་སྐྱེ་བོའི་ཐོབ་ཐང་ཆ་འཕྲིན་གསང་སྲུང་བྱེད་དགོས། 

 

ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་གཞི་སྒྲུབ་པའི་དགོས་མཁོའམ་ཡང་ན་འབྲེལ་ཡོད་ཚན་པས་རྒྱལ་ཁབ་ཀྱི་གཏན་འཁེལ་ལ་གཞིགས་ནས་འདྲི་རྩད་བྱེད་པ་ཕུད་ལོ་ན་མ་སོན་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་ཡིག་ཚགས་ཆ་འཕྲིན་དག་ཚན་པ་དང་མི་སྒེར་གང་རུང་ལ་མཁོ་འདོན་བྱེད་མི་ཆོག   བཅའ་ཁྲིམས་ལྟར་འདྲི་རྩད་བྱེད་མཁན་སྡེ་ཚན་གྱིས་ཆ་འཕྲིན་ཐོབ་རིགས་གསང་སྲུང་བྱ་དགོས། 

 

དོན་ཚན་ང་ལྔ་པ།   འོས་འགན་སློབ་གསོ་ལེགས་འགྲུབ་མ་བྱུང་བའི་ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་སློབ་གསོ་སྡེ་ཁག་ལ་བརྡ་ཐོ་གཏོང་བ་དང་སྦྲགས་སློབ་གསོའི་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་འོས་འགན་སློབ་གསོ་ལེགས་འགྲུབ་ཡོང་བར་ཆ་རྐྱེན་འདོན་སྤྲོད་བྱ་དགོས།      ལོ་ན་མ་སོན་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་པས་བཅའ་ཁྲིམས་ལྟར་དུས་ཐོག་ཏུ་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་བྱེད་པ་མ་ཟད་ལེགས་འགྲུབ་ཀྱང་ཡོང་བའི་འགན་ལེན་བྱ་དགོས། 

 

ལོ་ན་བཅུ་དྲུག་ལོན་པའི་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་ལ་ལས་ཞུགས་ཀྱི་འདོད་མོས་ཡོད་ན།       སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་འབྲེལ་ཡོད་སྡེ་ཁག་གི་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་དེར་ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་དང་།    ལས་ཞུགས་ཁྲིད་སྟོན་སྡོམ་ལ་རོགས་རམ་བྱས་ཆོག 

 

དོན་ཚན་ང་དྲུག་པ།  གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་དང་།  བུད་མེད་མཉམ་འབྲེལ་ལྷན་ཚོགས།    ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པའི་རྩ་འཛུགས་བཅས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱེད་མཁན་སྒྲིག་གཞིས་ལོ་ན་མ་སོན་པའི་སྐྱེ་བོ་སྡེ་ཁུལ་དུ་ཡོ་བསྲང་བྱེད་པའི་ལས་ཀར་བཅའ་ཁྲིམས་ལྟར་རོགས་རམ་བྱ་དགོས།

 

རྒྱལ་ཁབ་ཀྱིས་ལོ་ན་མ་སོན་པའི་སྐྱེ་བོ་འབྲེལ་ཡོད་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་ལོ་ན་མ་སོན་པའི་སྐྱེ་བོའི་སྡེ་ཁུལ་ཡོ་བསྲང་ལས་ཀར་ཞུགས་པར་བསྔགས་སྐུལ་བྱ་རྒྱུ་དང་།    བཅའ་ཁྲིམས་ལྟར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ། 

 

དོན་ཚན་ང་བདུན་པ།    ལོ་ན་མ་སོན་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་སློབ་གྲྭར་བསྐྱར་ཞུགས་དང་།  སློབ་རིམ་འཕར་བ།   ལས་ཞུགས་སོགས་ཀྱི་ཐད་བཅའ་ཁྲིམས་ལྟར་ལོ་ན་མ་སོན་པའི་སྐྱེ་བོ་གཞན་དག་དང་གཅིག་མཚུངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པས་སྡེ་ཚན་གང་ཞིག་གིས་ཀྱང་མི་སྒེར་ལ་སྡོམ་བྱས་མི་ཆོག    མཐོང་ཆུང་གི་བྱ་སྤྱོད་ཡོད་ན།  སློབ་གསོ་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

 

དོན་ཚན་ང་བརྒྱད་པ།  ལོ་ན་མ་སོན་པའི་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་དེ་སྡེ་ཁུལ་དུ་ཡོ་བསྲང་བྱེད་རིང་ལོ་བཅོ་བརྒྱད་ཧྲིལ་པོ་ལོན་ན། ལོ་ན་མ་སོན་པའི་སྐྱེ་བོའི་སྡེ་ཁུལ་དུ་ཡོ་བསྲང་བྱ་རྒྱུའི་འབྲེལ་ཡོད་གཏན་འཁེལ་ལྟར་མུ་མཐུད་ལག་བསྟར་བྱ་དགོས། 

 

ལེའུ་བརྒྱད་པ། ཁྲིམས་འབྲེལ་ཁུར་འཁྲི།

 

 དོན་ཚན་ང་དགུ་པ།  སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སྡེ་ཁུལ་ཡོ་བསྲང་བྱེད་རིང་ལྟ་སྐུལ་དོ་དམ་གྱི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་ཡོད་ན།     སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཆད་པ་གཅོད་རྒྱུ་དང་།   ཉེས་ཆད་ཕྱིར་འགྱངས་དང་། ཚོད་བགམ་གློད་འགྲོལ་གཏོང་བའམ་ཡང་ན་གནས་སྐབས་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་དུ་བཅུག་ནས་བཙོན་འཇུག་བྱེད་པ་བཅས་ཀྱི་གནས་ཚུལ་བྱུང་ན་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་དགོས། 

 

དོན་ཚན་དྲུག་ཅུ་པ།   སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དུ་ཉེས་རྡུང་དང་།   འཇིགས་སྐུལ།  དམའ་འབེབས།   ཟིང་ཆ་སློང་བ། འཁོན་ལན་སློག་པ་བཅས་ཀྱི་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ལས་བྱེད་མི་སྣས་སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ཁྲིམས་ལྟར་ཞུགས་པའི་མི་སྣ་དང་དེའི་གཉེན་ཉེ་གཞན་དག་ལ་བྱས་ཉེས་སུ་གྲུབ་པར་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་།    ཉེས་ཚད་ལོན་མེད་ན།    སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་བདེ་སྐྱོང་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ། 

 

དོན་ཚན་རེ་གཅིག་པ།  སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ལས་བྱེད་མི་སྣས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཞན་དག་ལ་བྱས་པའི་བྱ་སྤྱོད་གཤམ་གསལ་ལས་རིགས་གཅིག་ཡོད་ན། ཆད་པ་གཅོད་དགོས་པ་དང་།     ཉེས་ཚད་ལོན་མཁན་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ། 

གཅིག ལས་གནས་སམ་ཡང་ན་ལས་ཀའི་སྟབས་བདེ་དང་བསྟུན་ནས་ལྐོག་རྔན་སློང་ལེན་བྱས་རིགས་དང་། 

གཉིས། ཁྲིམས་བཀོད་འགན་འཁྲི་མི་སྒྲུབ་པའི་རིགས། 

གསུམ། སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་ལུས་ཆད་དང་མནར་གཅོད་གཏོང་བའམ་ཡང་ན་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་ནས་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་མི་ལུས་རང་དབང་ལ་བཀག་སྡོམ་བྱེད་པ། 

བཞི། སྡེ་ཁུལ་ཡོ་བསྲང་ལས་ཀའི་གསང་བ་དང་ཡང་ན་ཁྲིམས་ལྟར་གསང་སྲུང་དགོས་པའི་ཆ་འཕྲིན་གཞན་དག་ཕྱིར་བསྒྲགས་པ། 

ལྔ།   ཁྲིམས་ལྟར་གནས་ལུགས་ཡོང་རྐྱེན་ཞུ་བ་དང་ཞུ་གཏུག་བྱེད་པའམ་ཡང་ན་ཉེས་སྐྱོན་ཐེར་འདོན་བྱེད་པའི་སྡེ་ཁུལ་ཡོ་བསྲང་བྱེད་ཡུལ་ལ་རྡུང་རྡེག་འཁོན་སློག་བྱེད་པ། 

དྲུག ཁྲིམས་འགལ་ལུགས་དཀྲུག་གི་བྱ་སྤྱོད་གཞན་དག་ཡོད་པ་བཅས་ཡིན། 

 

དོན་ཚན་རེ་གཉིས་པ།  མི་དམངས་ཞིབ་དཔྱོད་ཁང་གིས་སྡེ་ཁུལ་ཡོ་བསྲང་གི་ལས་ཀར་གསར་རྙེད་བྱས་ནས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་བ་ཡིན་ན། ཁྲིམས་ལྟར་ཡོ་བསྲང་བྱེད་པའི་བསམ་འཆར་དང་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་དགོས།     འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱ་རྒྱུའི་བསམ་འཆར་དང་ཞིབ་དཔྱོད་ཀྱི་གྲོས་འགོ་དང་ལེན་བྱས་པའི་གནས་ཚུལ་མི་དམངས་ཞིབ་དཔྱོད་ཁང་ལ་ཡིག་ཐོག་ནས་ལན་འདེབས་དགོས་པ་དང་། དང་ལེན་མ་བྱས་པ་རྣམས་ལ་རྒྱུ་མཚན་གསལ་བཤད་བྱ་དགོས། 

 

ལེའུ་དགུ་བ། ཞར་བྱུང་།

 

དོན་ཚན་རེ་གསུམ་པ།        བཅའ་ཁྲིམས་འདི་༢༠༢༠ལོའི་ཟླ་བ་༧པའི་ཚེས་༡ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号