ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་གཟུ་སྒྲིག་ཁྲིམས།

ཐོ་འགོད་དུས་ཚོད།:2022-05-18  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་གཟུ་སྒྲིག་ཁྲིམས།

༢༠༡༠ལོའི་ཟླ་༨པའི་ཚེས་༢༨ཉིན་ཐེངས་༡༡པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་༡༦པའི་གྲོས་འཚོགས་ཀྱིས་གྲོས་མཐུན་བྱུང་།

ལེའུ་དང་པོ་སྤྱི་དོན།

དོན་ཚན་དང་པོ། མི་དམངས་མང་ཚོགས་ཀྱི་གཟུ་སྒྲིག་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་གཟུ་སྒྲིག་ལས་འགུལ་ཚད་ལྡན་ཅན་དུ་གཏོང་ཆེད། དམངས་ཁྲོད་ཀྱི་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་ལ། སྤྱི་ཚོགས་ཀྱི་འཆམ་མཐུན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།  ཁྲིམས་འདི་ནི་རྩ་ཁྲིམས་ལྟར་དུ་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། ཁྲིམས་འདི་ལ་མི་དམངས་གཟུ་སྒྲིག་ཁྲིམས་ཟེར། འདི་ནི་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཁ་ཏ་སློབ་གསོ་དང་ལམ་སྟོན་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་ནས།  དོ་བདག་གིས་དྲང་བདེན་གྲོས་མཐུན་གྱི་རྨང་གཞིའི་ཐོག་རང་འདོད་ཀྱིས་བར་འདུམ་གྲོས་མཐུན་ཡོང་བ་དང་དམངས་ཁྲོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་པའི་ལས་འགུལ་ཞིག་ཡིན།

དོན་ཚན་གསུམ་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དམངས་ཁྲོད་རྩོད་གཞི་ཐག་གཅོད་བྱེད་སྐབས། གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱེད་དགོས།

གཅིག  དོ་བདག་རང་འཐད་དང་དྲང་བདེན་གྱི་རྨང་གཞིའི་སྟེང་གཟུ་སྒྲིག་བྱེད་དགོས།

གཉིས།  ཁྲིམས་ལུགས་དང་ཁྲིམས་སྲོལ།  རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་མི་རུང་།

གསུམ།  དོ་བདག་གི་ཁེ་དབང་ལ་བརྩི་བཀུར་བྱེད་པ་དང་། གཟུ་སྒྲིག་བྱེད་པའི་རྐྱེན་གྱིས་དོ་བདག་གིས་འདུམ་གཅོད། སྲིད་འཛིན། ཁྲིམས་འཛིན་སོགས་ཀྱི་ཐབས་ལམ་སྤྱད་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་བཀག་འགོག་བྱེད་མི་རུང་།

དོན་ཚན་བཞི་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དམངས་ཁྲོད་རྩོད་གཞི་ཐག་གཅོད་བྱེད་དུས། རིན་སྒོར་ཅི་ཡང་བླངས་མི་ཆོག

དོན་ཚན་ལྔ་པ།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འབྲེལ་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་མི་དམངས་གཟུ་སྒྲིག་གི་ལས་ཀའི་མཛུབ་སྟོན་གྱི་འགན་འཁུར་པ་དང་། རྫོང་རིམ་པ་ཡན་ཆད་ཀྱི་གཞི་རིམ་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རང་གི་སྲིད་འཛིན་ནང་ཁུལ་གྱི་མི་དམངས་གཟུ་སྒྲིག་ལས་ཀའི་མཛུབ་སྟོན་ལ་འགན་འཁུར་དགོས།

གཞི་རིམ་མི་དམངས་ཁྲིམས་ཁང་གིས་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དམངས་ཁྲོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་པར་མཛུབ་སྟོན་བྱེད་དགོས།

དོན་ཚན་དྲུག་པ། རྒྱལ་ཁབ་ཀྱིས་མི་དམངས་གཟུ་སྒྲིག་ལས་ཀར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་ཀྱིན་ཡོད། རྫོང་རིམ་པ་ཡན་ཆད་ཀྱི་གཞི་རིམ་མི་དམངས་སྲིད་གཞུང་གིས་མི་དམངས་གཟུ་སྒྲིག་ལས་ཀར་མཁོ་བའི་གྲོན་དངུལ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་ཁག་ཐེག་གནང་དགོས།  ད་དུང་བྱས་རྗེས་མངོན་གསལ་དོལ་པོ་ཡོད་པའི་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་དང་མི་དམངས་གཟུ་སྒྲིག་མཁན་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བྱ་དགའ་དང་གཟེངས་བསྟོད་གནང་དགོས།

ལེའུ་གཉིས་པ་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་།

དོན་ཚན་བདུན་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་ནི་ཁྲིམས་ལྟར་བཙུགས་པའི་དམངས་ཁྲོད་ཀྱི་རྩོད་གཞི་གཟུ་སྒྲིག་བྱེད་པའི་མང་ཚོགས་ཅན་གྱི་རྩ་འཛུགས་ཡིན།

དོན་ཚན་བརྒྱད་པ།  སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་གིས་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་པ།  ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་དགོས་མཁོ་དང་བསྟུན་ནས་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་པ།

མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་ནི་ཨུ་ཡོན་མི་གསུམ་ནས་དགུ་བར་གྱིས་གྲུབ་པ་ཡིན་ལ།  ཀྲུའུ་རེན་མི་གཅིག་འཇོག་དགོས།  དགོས་དུས་སུ།  ཀྲུའུ་རེན་གཞོན་པ་འགའ་ཤས་ཡང་བཞག་ཆོག

མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་ནང་བུད་མེད་ཁོངས་མི་ཡོད་དགོས། མི་རིགས་མང་འདུས་ཀྱི་ས་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་ཁོངས་མི་ཉུང་ཙམ་ཡོད་དགོས།

དོན་ཚན་དགུ་པ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་ནི་སྡེ་དམངས་གྲོས་འཚོགས་སམ་སྡེ་དམངས་ཚབ་བྱེད་གྲོས་འཚོགས། གྲོང་དམངས་གྲོས་འཚོགས་འདེམས་སྒྲུག་བྱས་ནས་བྱུང་པ་ཡིན།  ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་བཙུགས་པའི་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་ལས་མི་ཚོགས་ཆེན་དང་། ལས་མིའི་ཚབ་བྱེད་ཚོགས་ཆེན་ནམ་ལས་ཚོགས་རྩ་འཛུགས་ཀྱིས་འདེམས་སྒྲུག་བྱས་ནས་བྱུང་པ་ཡིན།

 མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་སྐབས་རེའི་འགན་འཛིན་ཚད་ནི་ལོ་གསུམ་ཡིན།

   དོན་ཚན་བཅུ་པ། རྫོང་རིམ་པ་ཡན་ཆད་གྱི་མི་དམངས་སྲིད་གཞུང་སྲིད་འཛིན་སྡེ་ཁག་གིས་རང་གི་སྲིད་འཛིན་ཁྱབ་ཁོངས་ཀྱི་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པའི་གནས་ཚུལ་ལ་བསྡོམས་རྩིས་ལེན་པ་དང་།  ད་དུང་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་དང་མི་སྣའི་གྲུབ་ཚུལ།  འདུམ་སྒྲིག་གནས་ཚུལ་སོགས་དུས་ཐོག་ཏུ་རང་ཡོད་སའི་གཞི་རིམ་མི་དམངས་ཁྲིམས་ཁང་ལ་ཡར་ཞུ་བྱེད་དགོས།

དོན་ཚན་བཅུ་གཅིག་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཟུ་སྒྲིག་ལས་ཀའི་ལམ་ལུགས་ཕྱོགས་ཡོངས་ནས་ཆ་ཚང་དུ་གཏོང་བ་དང་།  མི་དམངས་ཀྱི་བསམ་འཆར་ལ་ཉན་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།   

དོན་ཚན་བཅུ་གཉིས་པ། སྡེ་དམངས་ཨུ་ཡོན་ལྷན་ཁང་། གྲོང་དམངས་ཨུ་ཡོན་ལྷན་ཁང་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་མི་དམངས་གཟུ་སྒྲིག་མི་སྣའི་གཟུ་སྒྲིག་ལས་ཀར་གཞུང་ལས་ཁོར་ཡུག་དང་དགོས་ངེས་ཀྱི་གྲོན་དངུལ་འདོན་སྤྲོད་བྱེད་དགོས།

དོན་ཚན་བཅུ་གསུམ་པ། མི་དམངས་གཟུ་སྒྲིག་མི་སྣ་ནི་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལྷན་མི་དང་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གདན་བསྐོ་བྱས་པའི་མི་སྣས་འགན་འཁུར་དགོས།

དོན་ཚན་བཅུ་བཞི་པ། མི་དམངས་གཟུ་སྒྲིག་མི་སྣ་ནི་གཞུང་དྲང་ཚུལ་ལྡན། མི་དམངས་གཟུ་སྒྲིག་ལས་ཀར་དགའ་ཞེན་ཆེ་བ། ད་དུང་རིག་གནས་ཆུ་ཚད་དང་སྲིད་ཇུས་ཀྱི་ཆུ་ཚད།  བཅའ་ཁྲིམས་ཀྱི་ཤེས་བྱ་ངེས་ཅན་ལྡན་པའི་སྤྱི་དམངས་དར་མའི་འགན་འཁུར་དགོས།

རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྡེ་ཁག་གིས་དུས་ལྟར་མི་དམངས་གཟུ་སྒྲིག་མི་སྣར་ལས་ཀའི་ཆེད་སྦྱོང་བྱེད་དགོས།

དོན་ཚན་བཅུ་ལྔ་པ། མི་དམངས་གཟུ་སྒྲིག་མི་སྣར་གཟུ་སྒྲིག་ལས་ཀའི་ཁྲོད་གཤམ་གྱི་བྱ་སྤྱོད་ལས་གཅིག་ཡོད་ན། ཁོ་ཡོད་སའི་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དེར་སྐྱོན་བརྗོད་སློབ་གསོ་དང་ཡོ་བསྲང་འགན་དཀྲི་བྱེད་དགོས། གནས་ཚུལ་ཚབ་ཆེ་ན། འདེམས་སྒྲིག་སྡེ་ཁག་གམ་ལས་བསྐོ་གནང་བའི་སྡེ་ཁག་གིས་གནས་འབྱུང་ངམ་གདན་ཞུ་འཚམས་འཇོག་དགོས།

གཅིག  དོ་བདག་ཕྱོགས་གཅིག་ལ་ཕྱོགས་ཞེན་བྱེད་པ།  

གཉིས།  དོ་བདག་ལ་བརྙན་བཅོས་བྱེད་པ།

གསུམ།  རྒྱུ་ནོར་སློང་པ་དང་ཁེ་ཕན་མི་འོས་པ་གཞན་པ་ལེན་པ།

བཞི། དོ་བདག་མི་སྒེར་གྱི་གསང་དོན་དང་ཚོང་ལས་ཀྱི་གསང་བ་ཕྱིར་འདོན་བྱེད་པ།

དོན་ཚན་བཅུ་དྲུག་པ། མི་དམངས་གཟུ་སྒྲིག་པས་གཟུ་སྒྲིག་ལས་ཀ་སྒྲུབ་དུས། འོས་འཚམས་ཀྱི་ལས་ཐེབས་ཆག་པའི་ཁ་གསབ་རོགས་དངུལ་སྟེར་དགོས། གཟུ་སྒྲིག་ལས་ཀའི་དབང་གིས་རྨས་སྐྱོན་བཟོས་ནས་དབང་པོར་སྐྱོན་ཤོར་བ་དང་འཚོ་བར་དཀའ་ངལ་བཟོས་པ་སོགས་ལ།  ས་དེ་གའི་མི་དམངས་སྲིད་གཞུང་གིས་དགོས་ངེས་ཀྱི་སྨན་བཅོས་དང་འཚོ་བའི་སྐྱོབ་རོགས་སྟེར་དགོས།  ད་དུང་མི་དམངས་གཟུ་སྒྲིག་ལས་གནས་ནས་རང་སྲོག་ཤོར་བའི་མི་དམངས་གཟུ་སྒྲིག་པའི་བཟའ་ཟླ་དང་བུ་ཕྲུག་གིས་རྒྱལ་ཁབ་ཀྱི་ཐག་བཅད་ལྟར་འཆི་གོད་གྱོང་གསབ་སོགས་ཀྱི་གཟིགས་སྐྱོངས་སྤྱད་ཆོག

ལེའུ་བཞི་པ། གཟུ་སྒྲིག་གོ་རིམ།

དོན་ཚན་བཅུ་བདུན་པ། དོ་བདག་གིས་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་ལ་གཟུ་སྒྲིག་གི་རེ་ཞུ་བྱས་ཆོག་ལ།  མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཀྱང་རང་འགུལ་གྱིས་གཟུ་སྒྲིག་བྱས་ཆོག  དོ་བདག་ཕྱོགས་གཅིག་གིས་གཟུ་སྒྲིག་དང་ལེན་མི་བྱེད་སྐབས།  གཟུ་སྒྲིག་བྱེད་མི་རུང་།

དོན་ཚན་བཅོ་བརྒྱད་པ། གཞི་རིམ་མི་དམངས་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་གཟུ་སྒྲིག་གི་ཚུལ་གྱིས་ཐག་གཅོད་བྱས་པའི་རྩོད་གཞི་བདག་སྤྲོད་མ་བྱས་གོང་ལ། དོ་བདག་ལ་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་ལ་རེ་ཞུ་བྱས་ཆོག་པ་བཤད་དགོས།

དོན་ཚན་བཅུ་དགུ་པ།  མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོད་གཞི་འདུམ་སྒྲིག་གི་དགོས་མཁོ་ལྟར། མི་དམངས་གཟུ་སྒྲིག་པ་གཅིག་གམ་གྲངས་མང་ཞིག་དམིགས་བཙུགས་ནས་འདུམ་སྒྲིག་བྱས་ཆོག  ད་དུང་དོ་བདག་གིས་མི་དམངས་གཟུ་སྒྲིག་པ་གཅིག་གམ་གྲངས་མང་ཞིག་དམིགས་བཙུགས་ནས་གཟུ་སྒྲིག་བྱས་ཡང་ཆོག

དོན་ཚན་ཉི་ཤུ་པ། མི་དམངས་གཟུ་སྒྲིག་མི་སྣས་གཟུ་སྒྲིག་གི་རྩོད་གཞིའི་དགོས་མཁོ་དང་བསྟུན་ནས། དོ་བདག་གི་ཆོག་མཆན་ཐོབ་རྗེས། དོ་བདག་གི་ཁྱིམ་མི་དང་རི་སྐོར། ལས་གྲོགས་སོགས་གདན་ཞུ་བྱས་ནས་གཟུ་སྒྲིག་ལ་ཞུགས་ཆོག  ད་དུང་ཆེད་ལས་ཤེས་བྱ་དང་ཉམས་མྱོང་ཡོད་མཁན་གྱི་མི་སྣའམ།  ཡང་ན་འབྲེལ་ཡོད་ཀྱི་སྤྱི་ཚོགས་སྒྲིག་འཛུགས་ཉམས་མྱོང་ཡོད་མཁན་གྱི་མི་སྣ་གདན་ཞུ་བྱས་ཡང་ཆོག

མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རང་ས་ཁུལ་གྱི་གཞུང་དྲང་ཚུལ་ལྡན། མི་དམངས་གཟུ་སྒྲིག་ལས་ཀར་དགའ་ཞེན་ཆེ་བ། མི་དམངས་ཀྱི་ཁས་ལེན་ཐོབ་པའི་སྤྱི་ཚོགས་མི་སྣ་གཟུ་སྒྲིག་ལ་ཞུགས་པར་རྒྱབ་སྐྱོར་བྱེད།

དོན་ཚན་ཉེར་གཅིག་པ། མི་དམངས་གཟུ་སྒྲིག་པས་དམངས་ཁྲོད་རྩོད་གཞི་ཐག་གཅོད་བྱེད་དུས་རྩ་དོན་སྲུང་དགོས་ལ། ཁྲིམས་མཐུན་ལུགས་ཤེས་དང་དྲང་བདེན་ལ་མདོ་འཛིན་བྱེད་དགོས།

     དམངས་ཁྲོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་དུས། རང་སར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། རྩོད་གཞི་ཇེ་ཆེར་འགྲོ་བར་བཀག་འགོག་བྱེད་དགོས། 

དོན་ཚན་ཉེར་གཉིས་པ། མི་དམངས་གཟུ་སྒྲིག་པས་རྩོད་གཞིའི་གནས་ཚུལ་མི་མཐུན་པ་དང་བསྟུན་ནས། ཐབས་བཀོད་མི་མཐུན་པ་སྤྱད་ནས་དམངས་ཁྲོད་རྩོད་གཞི་ཐག་གཅོད་བྱས་ཆོག དོ་བདག་གི་གསལ་བཤད་ལ་ཉན་ནས།  འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།  རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་ལ་འགྲེལ་བཤད་དང་ལམ་སྟོན་སློབ་ཁྲིད་བྱེད་དགོས། དོ་བདག་ཕྱོགས་གཉིས་ཀྱིས་འདྲ་མཉམ་གྲོས་མཐུན་དང་ཕན་ཚུན་གུ་ཡངས་ཀྱི་རྨང་གཞིའི་ཐོག་ནས་རྩོད་གཞི་ཐག་གཅོད་ཀྱི་ཐབས་བཀོད་བཏོན་ཏེ་དོ་བདག་རང་འཐད་ཀྱིས་མཐུན་སྦྱོར་ཡོང་བར་རོགས་འདེགས་བྱེད་དགོས།

དོན་ཚན་ཉེར་གསུམ་པ། དོ་བདག་ལ་མི་དམངས་གཟུ་སྒྲིག་ལས་འགུལ་ཁྲོད་གཤམ་གྱི་དབང་

ཆ་ཡོད།

    གཅིག  མི་དམངས་གཟུ་སྒྲིག་པ་འདེམས་པ་དང་དང་ལེན་བྱེད་པ།

    གཉིས།  གཟུ་སྒྲིག་དང་ལེན་བྱེད་པ་དང་དང་ལེན་མི་བྱེད་པ། འཚམས་འཇོག་རེ་ཞུ་འདོན་

པ།

    གསུམ།    གཟུ་སྒྲིག་ཕྱི་ལ་བསྒྲགས་པ་དང་མི་བསྒྲགས་པའི་རེ་ཞུ།

     བཞི།   རང་འགུལ་གྱིས་རང་མདུན་བརྗོད་པ། རང་འགུལ་གྱིས་གཟུ་སྒྲིག་མཐུན་སྦྱོར་སྤེལ་

པ།

 དོན་ཚན་ཉེར་བཞི་པ།   དོ་བདག་གིས་མི་དམངས་གཟུ་སྒྲིག་ལས་འགུལ་ཁྲོད་གཤམ་གྱི་འོས་འགན་སྒྲུབ་དགོས།

    གཅིག  དྲང་མོ་དྲང་བདེན་ངང་རྩོད་གཞིའི་དོན་དངོས་བརྗོད་པ།

    གཉིས། གཟུ་སྒྲིག་ཡུལ་དངོས་ཀྱི་སྒྲིག་རིམ་བརྩི་སྲུང་བྱེད་པ། མི་དམངས་གཟུ་སྒྲིག་པ་ལ་

བརྩི་བཀུར་བྱེད་པ།

    གསུམ།   དོ་བདག་ཕ་རོལ་པས་རང་གི་དབང་ཆ་སྤྱོད་པར་བརྩི་བཀུར་བྱེད་པ།

    དོན་ཚན་ཉེར་ལྔ་པ།  མི་དམངས་གཟུ་སྒྲིག་པ་ཡིས་གཟུ་སྒྲིག་གི་གོ་རིམ་ཁྲོད་དུ། རྩོད་གཞི་དྲག་པོར་འགྱུར་ངེས་ཡོད་པ་ལ་དམིགས་ས་ཡོད་པའི་སྔོན་འགོག་བྱེད་ཐབས་སྤེལ་དགོས། བདེ་འཇགས་དོན་རྐྱེན་དང་ཉེས་དོན་གྱོད་གཞི་སློང་པའི་རྩོད་གཞི་ལ། དུས་ཐོག་ཏུ་རང་སའི་སྤྱི་བདེ་ལས་ཁུངས་དང་གཞན་པའི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།

    དོན་ཚན་ཉེར་དྲུག་པ། མི་དམངས་གཟུ་སྒྲིག་པས་ཐག་མ་ཆོད་པའི་རྩོད་གཞི་ལ། གཟུ་སྒྲིག་བྱེད་འཚམས་འཇོག་དགོས། ད་དུང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཐག་བཅད་ལྟར། དོ་བདག་ལ་ཁྲིམས་ལྟར་འདུམ་གཅོད་དང་སྲིད་འཛིན། ཁྲིམས་འཛིན་སོགས་ཀྱི་བྱེད་ཐབས་ལ་བསྟེན་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆོག་པ་ཤེས་སུ་འཇུག་དགོས།

       དོན་ཚན་ཉེར་བདུན་པ། མི་དམངས་གཟུ་སྒྲིག་པས་གཟུ་སྒྲིག་གི་གནས་ཚུལ་ཟིན་བཀོད་བྱེད་དགོས། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཟུ་སྒྲིག་ལས་ཀའི་ཡིག་ཚགས་འཛུགས་དགོས། གཟུ་སྒྲིག་ཐོ་འགོད་དང་གཟུ་སྒྲིག་ལས་ཀའི་ཟིན་བྲིས། གཟུ་སྒྲིག་མཐུན་སྦྱོར་ཡི་གེ་སོགས་རྒྱུ་ཆ་ཡིག་སྒྲིལ་བཟོ་བ་དང་ཡིག་ཚགས་ཀྱི་ཁོངས་སུ་འཇུག་དགོས།

ལེའུ་ལྔ་པ། གཟུ་སྒྲིག་མཐུན་སྦྱོར།

   དོན་ཚན་ཉེར་བརྒྱད་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཟུ་སྒྲིག་བྱས་ནས་གཟུ་སྒྲིག་མཐུན་སྦྱོར་ཡོང་བ་དག་གཟུ་སྒྲིག་མཐུན་སྦྱོར་ཡི་གེ་བཟོ་བ་དང་། དོ་བདག་གིས་གཟུ་སྒྲིག་མཐུན་སྦྱོར་ཡི་གེ་འབྲི་དགོས་དོན་མེད་བསམ་པ་ལ།  ངག་ཐོག་གི་མཐུན་སྦྱོར་བྱེད་སྟངས་བཀོད་དགོས།  མི་དམངས་གཟུ་སྒྲིག་པས་མཐུན་སྦྱོར་ནང་དོན་ཟིན་བྲིར་བཀོད་དགོས།

        དོན་ཚན་ཉེར་དགུ་པ། གཟུ་སྒྲིག་མཐུན་སྦྱོར་ཡི་གེའི་ཐོག་གཤམ་གྱི་དོན་དག་འདི་དག་འབྲི་དགོས།

       གཅིགདོ་བདག་གི་གཞི་རྩའི་གནས་ཚུལ།

       གཉིས།  རྩོད་གཞིའི་དོན་དངོས་གཙོ་བོ། རྩོད་གཞིའི་དོན་རྐྱེན་དང་དོ་བདག་སོ་སོའི་འོས་འགན།

        གསུམ། དོ་བདག་གིས་གཟུ་སྒྲིག་མཐུན་སྦྱོར་བྱས་པའི་ནང་དོན་དང་བྱེད་ཐབས། དུས་བཀག
    
གཟུ་སྒྲིག་མཐུན་སྦྱོར་ཡི་གེ་ལ་དོ་བདག་ཕྱོགས་གཉིས་ཀྱིས་མིང་རྟགས་འགོད་པ་དང་། ཐེལ་ཙེ་རྒྱག་པའམ་འཛུབ་ཐེལ་བསྣོན་དགོས། མི་དམངས་གཟུ་སྒྲིག་པས་མིང་རྟགས་བཀོད་པ་དང་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཐེལ་ཙེ་བརྒྱབ་པའི་ཉིན་ནས་ནུས་པ་ཐོན་པ་རེད། གཟུ་སྒྲིག་མཐུན་སྦྱོར་ཡི་གེ་དེ་དོ་བདག་ཕྱོགས་སོ་སོ་གཅིག་རེ་འཛིན་པ་དང་། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཅིག་འཛིན་དགོས།

        དོན་ཚན་སུམ་ཅུ་པ། ངག་ཐོག་གི་གཟུ་སྒྲིག་མཐུན་སྦྱོར་ནི་དོ་བདག་ཕྱོགས་སོ་སོས་མཐུན་སྦྱོར་བྱས་པའི་ཉིན་མོ་ནས་ནུས་པ་ཐོན་པ་རེད།

     དོན་ཚན་སོ་གཅིག་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཟུ་སྒྲིག་བྱས་པའི་གཟུ་སྒྲིག་མཐུན་སྦྱོར་ལ་ཁྲིམས་ཀྱི་ཚོད་འཛིན་ཡོད་པ་དང་། དོ་བདག་གིས་ཁ་ཆད་དང་བསྟུན་ནས་བསྒྲུབ་དགོས།

    མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཟུ་སྒྲིག་མཐུན་སྦྱོར་གྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས་པ་དང་། དོ་བདག་ལ་ཁ་ཆད་ལྟར་འོས་འགན་བསྒྲུབ་པར་སྐུལ་མ་གཏོང་དགོས།

    དོན་ཚན་སོ་གཉིས་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཟུ་སྒྲིག་མཐུན་སྦྱོར་བྱས་ཚར་རྗེས། དོ་བདག་སོ་སོའི་བར་དུ་གཟུ་སྒྲིག་མཐུན་སྦྱོར་གྱི་ལག་ལེན་དང་ནང་དོན་གྱི་ཆེད་དུ་རྩོད་པ་བྱུང་མཁན་ལ།  དོ་བདག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག

     དོན་ཚན་སོ་གསུམ་པ། མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཟུ་སྒྲིག་མཐུན་སྦྱོར་བྱས་རྗེས། དོ་བདག་ཕན་ཚུན་གཉིས་ཀྱིས་དགོས་ངེས་ཡོད་པར་བསམ་དུས། གཟུ་སྒྲིག་མཐུན་སྦྱོར་ཡོང་པའི་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་མཉམ་དུ་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་རེ་ཞུ་ཕུལ་ཆོག  མི་དམངས་ཁྲིམས་ཁང་གིས་ཀྱང་དུས་ལྟར་གཟུ་སྒྲིག་མཐུན་སྦྱོར་ལ་ཞིབ་བཤེར་བྱེད་དགོས། ཁྲིམས་ལྟར་གཟུ་སྒྲིག་མཐུན་སྦྱོར་གྱི་ནུས་པ་ངོས་འཛིན་བྱེད་དགོས།
     
མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་གཟུ་སྒྲིག་མཐུན་སྦྱོར་ལ་ནུས་པ་ཐོན་པ་ངོས་འཛིན་བྱེད་དགོས། དོ་བདག་ཕྱོགས་གཅིག་གིས་འོས་འགན་མ་བསྒྲུབ་པའམ་འོས་འགན་ཆ་ཚང་མི་བསྒྲུབ་པར། དོ་བདག་ཕ་རོལ་པོས་མི་དམངས་ཁྲིམས་ཁང་ལ་རེ་ཞུ་ཞུས་ནས་བཙན་གྱིས་བསྒྲུབ་ཏུ་བཅུག་ཆོག

    མི་དམངས་ཁྲིམས་ཁང་གིས་གཟུ་སྒྲིག་མཐུན་སྦྱོར་ནུས་མེད་ངོས་འཛིན་བྱས་ཟིན་པ་ལ། དོ་བདག་གིས་མི་དམངས་གཟུ་སྒྲིག་གི་བྱེད་ཐབས་སྤྱད་ནས་སྔོན་གྱི་གཟུ་སྒྲིག་མཐུན་སྦྱོར་ལ་བཅོས་བསྒྱུར་དང་གཟུ་སྒྲིག་མཐུན་སྦྱོར་གསར་པ་བཀོད་ཆོག  ད་དུང་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཀྱང་ཆོག

ལེའུ་དྲུག་པ་ཞར་བྱུང་།

    དོན་ཚན་སུམ་ཅུ་སོ་བཞི་པ།  ཞང་གྲོང་དང་སྲང་ལམ། ད་དུང་སྤྱི་ཚོགས་ཚོགས་པའམ་རྩ་འཛུགས་གཞན་པས་རང་གི་དགོས་མཁོ་དང་བསྟུན་ནས། ཁྲིམས་འདི་ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་མི་དམངས་གཟུ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས། དམངས་ཁྲོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་དགོས།

   དོན་ཚན་སུམ་ཅུ་སོ་ལྔ་པའི་ཁྲིམས་ནི་༢༠༡༡ལོའི་ཟླ་༡པའི་ཚེས༡པོ་ནས་ལག་བསྟར་བྱེད།

 

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号