ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-12-02  


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་བཅའ་ཁྲིམས། 2013ལོར་དག་བཅོས་བྱས།

 ཁོངས་གཏོགས་རིམ་པའི་རིགས་སྐོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཅའ་ཁྲིམས་མཛོད་

 ཁོངས་སུ་གཏོགས་པའི་རིགས་སྐོར་ཟོག་གོང་ 

ཁོངས་གཏོགས་ས་ཁུལ 

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། 

ཡིག་ཨང་།ཀྲུའུ་ཞིའི་བཀའ་ཡིག་ཨང་༨པ།

ཁྱབ་བསྒྲགས་དུས་ཚོད།༢༠༡༣ལོའི་ཟླ་༡༢ཚེས་༢༨ཉིན།

 ནུས་པ་ཐོན་པའི་དུས་ཚོད།༡༩༨༦ལོ་ཟླ་བཔའི་ཚེས་༣༠ཉིན་ནས།

ནུས་ཤོར་ཚེས་གྲངས་ 

ནུས་པའི་གནས་ཚུལདག་བཅོས་བྱས་པ། 


1985ལོའི་ཟླ་9ཚེས་6ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང་། 2009ལོའི་ཟླ་8ཚེས་27ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གི་བཅའ་ཁྲིམས་ཁག་ཅིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་གཞིར་བཟུང་ནས་བཟོ་བཅོས་ཐེངས་དང་པོ་དང་། 2013ལོའི་ཟླ་12ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་《〈མཚོ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་བདུན་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་གཞིར་བཟུང་ནས་བཟོ་བཅོས་ཐེངས་གཉིས་པ་བྱས། 

ཁྲིམས་འདིའི་འཕོ་འགྱུར་གྱི་ལོ་རྒྱུས་ནི།

 1ཚད་འཇལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།1985ལོའི་ཟླ་9ཚེས་6ཉིན་ཁྱབ་བསྒྲགས་བྱས་པ་དང་1986ལོའི་ཟླ་7ཚེས་1ཉིན་ནས་ལག་ལེན་དུ་བསྟར། 

2ཁྲིམས་སྲོལ་འདི་བཅའ་ཁྲིམས་ཁག་ཅིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་》(2009ལོའི་ཟླ་8ཚེས་27ཉིན་ཁྱབ་བསྒྲགས་བྱས་པ་དང་།2009ལོའི་ཟླ་8ཚེས་27ཉིན་ལག་ལེན་བསྟར་རྒྱུ།བཟོ་བཅོས་བརྒྱབ།

 3ཁྲིམས་སྲོལ་འདིར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ltབཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ མཚོ་ཁམས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། སོགས་བཅའ་ཁྲིམས་བདུན་གྱི་ཆོད་དོན།2013ལོའི་ཟླ་12ཚེས་28ཉིན།བཟོ་བཅོས་བྱས། 

 

དཀར་ཆག

ལེའུ་དང་པོ།  སྤྱིའི་དོན་ཚན། 

ལེའུ་གཉིས་པ།  ཚད་འཇལ་གྱི་གཏན་ཚིགས་ཡོ་བྱད་དང་ཚད་འཇལ་གྱི་ཚད་ལྡན་ཡོ་བྱད་དང་དཔྱད་ཞིབ་གཏན་ཁེལ་བྱེད་ཕྱོགས་སྐོར། 

ལེའུ་གསུམ་པ།  ཚད་འཇལ་ཡོ་བྱད་དོ་དམ་བྱེད་ཕྱོགས་སྐོར། 

ལེའུ་བཞི་པ།  ཚད་འཇལ་ལྟ་སྐུལ་བྱེད་ཕྱོགས་སྐོར།

 ལེའུ་ལྔ་པ།  ཁྲིམས་འབྲེལ་ཁུར་འཁྲིའི་སྐོར། 

ལེའུ་དྲུག་པ།  ཞར་བྱུང་དོན་ཚན། 

ལེའུ་དང་པོ།  སྤྱིའི་དོན་ཚན། 

དོན་ཚན་དང་པོ།  ཚད་འཇལ་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ཚད་འཇལ་རྩིས་གཞིའི་ལམ་སྲོལ་གྱི་གཅིག་གྱུར་དང་གྲངས་འབོར་གནད་ལ་འཁེལ་ཞིང་བློས་བཀལ་ཆོག་པ་ཡོང་བར་འགན་སྲུང་བྱེད་ཆེད།   ཐོན་སྐྱེད་དང་ཉོ་ཚོང་གི་དང་ཚན་རིག་ལག་རྩལ་གོང་དུ་སྤེལ་བར་ཕན་པ་དང་།   སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ།  རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན། 

དོན་ཚན་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཚད་འཇལ་གྱི་གཏན་ཚིགས་ཡོ་བྱད་དང་ཚད་འཇལ་གྱི་ཚད་ལྡན་ཡོ་བྱད་རྣམས་འཛུགས་པ་དང་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱ་རྒྱུ་དང་།   ཚད་འཇལ་ཡོ་བྱད་གསར་བཟོ་དང་།བཟོ་བཅོས།  བྲིན་འཚོང་།  བེད་སྤྱོད་བཅས་གང་བྱས་རུང་ངེས་པར་དུ་བཅའ་ཁྲིམས་འདིར་བརྩི་སྲུང་ཞུ་དགོས། 

དོན་ཚན་གསུམ་པ།  རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་རྩིས་གཞིའི་ལམ་སྲོལ་ལག་ལེན་དུ་བསྟར་རྒྱུ།   རྒྱལ་སྤྱིའི་རྩིས་གཞིའི་ལམ་སྲོལ་ལྟར་བཟོས་པའི་ཚད་འཇལ་རྩིས་གཞི་ནི་རྒྱལ་ཁབ་ཀྱིས་བདམས་ནས་གཏན་འབེབས་བྱས་པའི་ཚད་འཇལ་རྩིས་གཞི་གཞན་དག་ཡིན་ཞིང་།  དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་གསལ་ཚད་འཇལ་རྩིས་གཞི་ཡིན།    རྒྱལ་ཁབ་ཀྱི་ཁྲིམས་གསལ་ཚད་འཇལ་རྩིས་གཞིའི་མཚོན་མིང་དང་མཚོན་རྟགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བསྒྲགས་བྱ།   རྒྱལ་ཁབ་ཀྱི་ཁྲིམས་གསལ་ཚད་འཇལ་རྩིས་གཞི་མིན་རིགས་རྣམས་རྩིས་འགྲོ་མེད། རྩིས་མེད་གཏོང་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་བྱ། 

དོན་ཚན་བཞི་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཚད་འཇལ་བྱ་བར་གཅིག་གྱུར་གྱིས་ལྟ་སྐུལ་དང་དོ་དམ་དངོས་སུ་བྱ་རྒྱུ།   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཚད་འཇལ་བྱ་བར་ལྟ་སྐུལ་དང་དོ་དམ་བྱ་རྒྱུ། 

ལེའུ་གཉིས་པ།   ཚད་འཇལ་གྱི་གཏན་ཚིགས་ཡོ་བྱད་དང་ཚད་འཇལ་གྱི་ཚད་ལྡན་ཡོ་བྱད་དང་དཔྱད་ཞིབ་གཏན་ཁེལ་བྱེད་ཕྱོགས་སྐོར། 

དོན་ཚན་ལྔ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚད་འཇལ་གཞུང་སྲིད་སྡེ་ཁག་གིས་འགན་ཁུར་ཏེ་ཚད་འཇལ་གྱི་གཏན་ཚིགས་ཡོ་བྱད་སྣ་ཚོགས་འཛུགས་པ་བྱས་ནས་རྒྱལ་ཡོངས་ཀྱི་འཇལ་གྲངས་གཅིག་གྱུར་བྱེད་པའི་གཞི་འཛིན་ས་མཐོ་ཤོས་སུ་འཛིན་རྒྱུ། 

དོན་ཚན་དྲུག་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་ས་ཁུལ་དེ་གའི་དགོས་མཁོར་གཞིགས་ནས་སྤྱི་ཚོགས་ཐོག་ཐུན་མོང་དུ་སྤྱོད་པའི་ཚད་ལྡན་འཇལ་ཆས་འཛུགས་པ་བྱས་ཏེ་གོང་རིམ་མི་དམངས་སྲིད་གཞུང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གི་གཙོ་སྐྱོང་འོག་དཔྱད་ཞིབ་བྱས་ཏེ་ཚད་ལོངས་མཚམས་སུ་བེད་སྤྱོད་རྒྱུ། 

དོན་ཚན་བདུན་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་དམིགས་བསལ་གྱི་དགོས་མཁོར་གཞིགས་ནས་རང་ཉིད་སྡེ་ཁག་གི་དགོས་མཁོར་གཞིགས་ཏེ་ཚད་ལྡན་འཇལ་ཆས་བཙན་ཤོས་རྣམས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གི་གཙོ་སྐྱོང་འོག་དཔྱད་ཞིབ་བྱས་ཏེ་ཚད་ལོངས་མཚམས་སུ་བེད་སྤྱོད་རྒྱུ། 

དོན་ཚན་བརྒྱད་པ།   ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་དགོས་མཁོར་གཞིགས་ཏེ་སྡེ་ཚན་དེ་ཉིད་ཀྱིས་བེད་སྤྱོད་བྱེད་པའི་ཚད་ལྡན་འཇལ་ཆས་བཙན་ཤོས་རྣམས་འཛུགས་པ་བྱས་ཆོག་པ་དང་།   འབྲེལ་ཡོད་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གི་གཙོ་སྐྱོང་འོག་དཔྱད་ཞིབ་བྱས་ཏེ་ཚད་ལོངས་མཚམས་སུ་བེད་སྤྱོད་རྒྱུ། 

དོན་ཚན་དགུ་པ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚད་འཇལ་གཞུང་སྲིད་སྡེ་ཁག་གིས་སྤྱི་ཚོགས་སྤྱིའི་སྤྱོད་བྱའི་ཚད་ལྡན་འཇལ་ཆས་དང་།   ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་སྤྱོད་བྱའི་ཚད་ལྡན་འཇལ་ཆས་བཙན་ཤོས།   དེ་བཞིན་ཉོ་ཚོང་གི་བསྡོམས་རྩིས་དང་།  བདེ་སྐྱོང་འགོག་སྲུང་།  སྨན་བཅོས་འཕྲོད་བསྟེན།  ཡུལ་ཁམས་ལྟ་དཔྱད་ཚད་ལེན་བཅས་ཀྱི་ཁོངས་ནས་བཙན་ཤེད་ཀྱིས་དཔྱད་ཞིབ་གཏན་ཁེལ་བྱ་དགོས་པའི་དཀར་ཆག་ནང་བཀོད་པའི་ལས་ཀའི་ཚད་འཇལ་ཡོ་བྱད་རྣམས་ལ་བཙན་ཤེད་ཀྱིས་དཔྱད་ཞིབ་གཏན་ཁེལ་བྱ་རྒྱུ།   གཏན་འཁེལ་ལྟར་དཔྱད་ཞིབ་གཏན་ཁེལ་གནང་རོགས་མ་ཞུས་པའམ་དཔྱད་ཞིབ་བྱས་ནས་ཚད་མ་ལོངས་པ་རྣམས་སྤྱད་མི་ཆོག    བཙན་ཤེད་ཀྱིས་དཔྱད་ཞིབ་གཏན་ཁེལ་བྱེད་པའི་ལས་ཀའི་ཚད་འཇལ་ཡོ་བྱད་ཀྱི་དཀར་ཆག་དང་དང་དོ་དམ་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།   གོང་གསལ་དོན་ཚན་གྱི་གཏན་འཁེལ་ཕུད་པའི་ཚད་ལྡན་ཚད་འཇལ་ཡོ་བྱད་གཞན་དག་གི་དང་ལས་ཀའི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་མཁན་སྡེ་ཚན་རང་གིས་དུས་བཀག་ཐོག་དཔྱད་ཞིབ་གཏན་ཁེལ་བྱ་དགོས་པའམ་ཡང་ན་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་མཁན་ལས་ཁུངས་གཞན་དག་ལ་དཔྱད་ཞིབ་གཏན་ཁེལ་བྱ་རྒྱུར་བསྐྱལ་དགོས་པ་དང་།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས། 

དོན་ཚན་བཅུ་པ།   ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་གཞུང་གི་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་གྱི་མ་ལགརེའུ་མིག་ལྟར་བྱ་དགོས།    ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་ཕྱོགས་སྐོར་གྱི་རྒྱལ་ཁབ་གཞུང་གི་མ་ལགརེའུ་མིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་ ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་སྐབས་ངེས་པར་དཔྱད་ཞིབ་གཏན་ཁེལ་གྱི་སྒྲིག་སྲོལ་ལྟར་བྱེད་དགོས།    ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་ཕྱོགས་སྐོར་གྱི་རྒྱལ་ཁབ་གཞུང་གི་སྒྲིག་སྲོལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་ ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་ཕྱོགས་སྐོར་གྱི་རྒྱལ་ཁབ་གཞུང་གི་སྒྲིག་སྲོལ་མེད་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་སོ་སོས་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་ཕྱོགས་སྐོར་གྱི་སྡེ་ཁག་གི་སྒྲིག་སྲོལ་དང་ས་གནས་ཀྱི་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱེད་ཕྱོགས་སྐོར་གྱི་སྒྲིག་སྲོལ་བཟོ་དགོས། 

དོན་ཚན་བཅུ་གཅིག་པ།   ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་གྱི་ལས་ཀ་བྱེད་སྐབས་གྲོན་ཆུང་དང་ལུགས་མཐུན་གྱི་རྩ་དོན་ལྟར་ཐག་ཉེ་འབྲེལ་མཚུངས་སུ་བྱ་དགོས། 

ལེའུ་གསུམ་པ།   ཚད་འཇལ་ཡོ་བྱད་དོ་དམ་བྱེད་ཕྱོགས་སྐོར། 

དོན་ཚན་བཅུ་གཉིས་པ།   ཚད་འཇལ་ཡོ་བྱད་གསར་བཟོ་དང་བཟོ་བཅོས་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་ལ་ངེས་པར་དུ་སོ་སོས་བཟོས་པ་དང་བཟོ་བཅོས་བྱས་པའི་ཚད་འཇལ་ཡོ་བྱད་དང་མཐུན་པའི་སྒྲིག་ཆས་དང་མི་སྣའི་དང་ཞིབ་དཔྱད་གཏན་ཁེལ་བྱེད་པའི་དཔྱད་ཆས་དང་སྒྲིག་ཆས་འཛོམས་དགོས་ཤིང་།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་ཞིབ་དཔྱད་བྱས་ཏེ་ཚད་ལོངས་རྗེས་ཚད་འཇལ་ཡོ་བྱད་བཟོས་འཐུས་ཀྱི་འཁྲོལ་འཛིན་དང་ཡང་ན་ཚད་འཇལ་ཡོ་བྱད་བཟོ་བཅོས་བརྒྱབ་འཐུས་ཀྱི་འཁྲོལ་འཛིན་ཐོབ་པ་བྱ་དགོས།     ཚད་འཇལ་ཡོ་བྱད་གསར་བཟོ་དང་བཟོ་བཅོས་བྱེད་པའི་ཁེ་ལས་ལ་ཚད་འཇལ་ཡོ་བྱད་བཟོས་འཐུས་ཀྱི་འཁྲོལ་འཛིན་མ་ཐོབ་པའམ་ཡང་ན་ཚད་འཇལ་ཡོ་བྱད་བཟོ་བཅོས་བརྒྱབ་འཐུས་ཀྱི་འཁྲོལ་འཛིན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ལས་གཉེར་བྱས་འཐུས་ཀྱི་ལག་ཁྱེར་མི་སྤྲོད། 

དོན་ཚན་བཅུ་གསུམ་པ།   ཚད་འཇལ་ཡོ་བྱད་བཟོ་མཁན་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་རང་ཉིད་ཀྱིས་ཐོན་སྐྱེད་བྱེད་མ་མྱོང་བའི་ཚད་འཇལ་ཡོ་བྱད་དང་ཐོན་རྫས་གསར་པ་ཐོན་སྐྱེད་བྱེད་པར་ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་རང་གི་དངོས་དཔེ་ཀྱི་ཚད་འཇལ་གཤིས་ནུས་ལ་དཔྱད་ཞིབ་བྱས་ནས་ཚད་ལ་ལོན་ན་མ་གཏོགས་ཐོན་སྐྱེད་བྱས་མི་ཆོག 

དོན་ཚན་བཅུ་བཞི་པ།   ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་མ་ཐོབ་ན།  དང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འཁེལ་ནང་དུ་མི་དགོས་པར་བཟོས་པའི་ཁྲིམས་བཀོད་ཀྱི་ཚད་འཇལ་རྩིས་གཞི་མིན་པའི་ཚད་འཇལ་ཡོ་བྱད་ཀྱི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བེད་སྤྱོད་མི་ཆོག་པའི་ཚད་འཇལ་ཡོ་བྱད་གཞན་དག་དང་བྱས་མི་ཆོག 

དོན་ཚན་བཅོ་ལྔ་པ།    ཚད་འཇལ་ཡོ་བྱད་གསར་བཟོ་དང་བཟོ་བཅོས་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་ངེས་པར་དུ་གསར་བཟོ་དང་བཟོ་བཅོས་བྱེད་པའི་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་བྱས་ནས་ཐོན་རྫས་ཀྱི་ཚད་འཇལ་གཤིས་ནུས་ཚད་ལོངས་པའི་འགན་ལེན་བྱ་དགོས་པ་དང་འབྲེལ་ཚད་ལོངས་པའི་ཐོན་རྫས་ལ་ཚད་ལོངས་པའི་ལག་ཁྱེར་ཡང་སྤྲོད་དགོས།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་གསར་བཟོ་དང་བཟོ་བཅོས་བྱས་པའི་ཚད་འཇལ་ཡོ་བྱད་ཀྱི་སྤུས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས། 

དོན་ཚན་བཅུ་དྲུག་པ།   ནང་འདྲེན་བྱས་པའི་ཚད་འཇལ་ཡོ་བྱད་རྣམས་ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་དཔྱད་ཞིབ་གཏན་ཁེལ་བྱས་ནས་ཚད་ལོངས་རྗེས་གཞི་ནས་བཙོངས་ཆོག 

དོན་ཚན་བཅུ་བདུན་པ།   ཚད་འཇལ་ཡོ་བྱད་བེད་སྤྱོད་སྐབས་ཏག་ཏག་མ་བསྡད་པར་རྒྱལ་ཁབ་ཀྱི་དང་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་སྐྱོན་བཏང་མི་ཆོག 

དོན་ཚན་བཅོ་བརྒྱད་པ།   བྱེ་བྲག་བཟོ་ཚོང་ཐེམ་དུད་ཀྱིས་སྟབས་བདེའི་ཚད་འཇལ་ཡོ་བྱད་གསར་བཟོ་དང་བཟོ་བཅོས་བྱས་ཆོག    ཚད་འཇལ་ཡོ་བྱད་གསར་བཟོ་དང་བཟོ་བཅོས་བྱེད་པའི་བྱེ་བྲག་བཟོ་ཚོང་ཐེམ་དུད་ལ་ངེས་པར་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་དཔྱད་ཞིབ་བྱས་ནས་ཚད་ལ་ལོངས་རྗེས་ཚད་འཇལ་ཡོ་བྱད་བཟོས་འཐུས་ཀྱི་འཁྲོལ་འཛིན་ནམ་ཡང་ན་ཚད་འཇལ་ཡོ་བྱད་བཟོ་བཅོས་བརྒྱབ་འཐུས་ཀྱི་འཁྲོལ་འཛིན་སྤྲད་རྗེས་གཞི་ནས་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ལ་ལས་གཉེར་བྱས་འཐུས་ཀྱི་ལག་ཁྱེར་ཞུས་ཆོག བྱེ་བྲག་བཟོ་ཚོང་ཐེམ་དུད་ཀྱིས་ཚད་འཇལ་ཡོ་བྱད་གསར་བཟོ་དང་བཟོ་བཅོས་བྱས་འཐུས་ཀྱི་ཁོངས་མཚམས་དང་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། 

ལེའུ་བཞི་པ།   ཚད་འཇལ་ལྟ་སྐུལ་བྱེད་ཕྱོགས་སྐོར། 

དོན་ཚན་བཅུ་དགུ་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་ནང་དགོས་མཁོར་གཞིགས་ནས་ཚད་འཇལ་ལྟ་སྐུལ་པ་འཛུགས་རྒྱུ།    ཚད་འཇལ་ལྟ་སྐུལ་པ་བདག་སྐྱོང་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། 

དོན་ཚན་ཉི་ཤུ་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་དགོས་མཁོར་གཞིགས་ནས་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་ལས་ཁུངས་བཙུགས་ཆོག་པའམ་ཡང་ན་སྡེ་ཚན་གཞན་དག་གི་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་ལས་ཁུངས་ལ་བཙན་ཐབས་ཀྱིས་དཔྱད་ཞིབ་གཏན་ཁེལ་བྱེད་པའི་དང་གཞན་དག་དང་འཇལ་དཔྱད་ཀྱི་ལས་འགན་གཞན་དག་བསྒྲུབ་རྒྱུའི་དབང་ཆ་བསྐུར་ཆོག    གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འཁེལ་དཔྱད་ཞིབ་གཏན་ཁེལ་དང་ཚད་ལེན་ཚོད་ལྟའི་ལས་འགན་སྒྲུབ་མཁན་རྣམས་ལ་ངེས་པར་དུ་དཔྱད་ཞིབ་བྱས་ཏེ་ཚད་ལ་ལོན་དགོས། 

དོན་ཚན་ཉེར་གཅིག་པ།   ཚད་འཇལ་ཡོ་བྱད་ཏག་ཏག་བསྡད་ཡོད་མེད་སྐོར་གྱི་རྩོད་གཞི་ཐག་གཅོད་སྐབས་རྒྱལ་ཁབ་ཀྱི་ཚད་འཇལ་གཏན་ཚིགས་ཡོ་བྱད་དམ་སྤྱི་ཚོགས་སྤྱིའི་སྤྱོད་བྱའི་ཚད་ལྡན་འཇལ་ཆས་ནས་དཔྱད་ཞིབ་གཏན་ཁེལ་བྱས་པའི་གཞི་གྲངས་ཚད་གཞིར་འཛིན་རྒྱུ། 

དོན་ཚན་ཉེར་གཉིས་པ།    སྤྱི་ཚོགས་ལ་གཞུང་དཔང་གི་གཞི་གྲངས་མཁོ་འདོན་བྱེད་པའི་ཐོན་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱེད་མཁན་ལས་ཁུངས་ནི་ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་དེའི་ཚད་འཇལ་ཡོ་བྱད་དཔྱད་ཞིབ་གཏན་ཁེལ་དང་ཚད་ལེན་ཚོད་ལྟའི་ནུས་པ་དང་དང་ཁུངས་ལྡན་ཡིན་མིན་ལ་ཞིབ་དཔྱད་བྱས་ནས་ཚད་ལོངས་དགོས། 

ལེའུ་ལྔ་པ།    ཁྲིམས་འབྲེལ་ཁུར་འཁྲིའི་སྐོར། 

དོན་ཚན་ཉེར་གསུམ་པ།    ཚད་འཇལ་ཡོ་བྱད་བཟོས་འཐུས་ཀྱི་འཁྲོལ་འཛིན་དང་ཚད་འཇལ་ཡོ་བྱད་བཟོ་བཅོས་བརྒྱབ་འཐུས་ཀྱི་འཁྲོལ་འཛིན་མ་ཐོབ་པར་ཚད་འཇལ་ཡོ་བྱད་བཟོས་པའམ་བཟོ་བཅོས་བྱས་པ་ཡིན་ན།    དེར་ཐོན་སྐྱེད་བྱེད་མཚམས་དང་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་།   ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་བཅད་ཀྱང་ཆོག 

དོན་ཚན་ཉེར་བཞི་པ།    དཔྱད་ཞིབ་མ་བྱས་པའམ་བྱས་ཀྱང་ཚད་མ་ལོན་པའི་ཚད་འཇལ་ཡོ་བྱད་དང་ཐོན་རྫས་གསར་པ་བཟོ་བ་དང་འཚོང་མཁན་ལ་ཐོན་རྫས་གསར་པ་དེ་རིགས་བཟོ་བ་དང་འཚོང་མཚམས་འཇོག་ཏུ་འཇུག་རྒྱུ་དང་།   ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་བཅད་ཀྱང་ཆོག 

དོན་ཚན་ཉེར་ལྔ་པ།   གསར་བཟོ་དང་།   བཟོ་བཅོས།   བྲིན་འཚོང་བཅས་བྱས་པའི་ཚད་འཇལ་ཡོ་བྱད་ཚད་མ་ལོན་པའི་རིགས་ལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་བཅད་ཀྱང་ཆོག 

དོན་ཚན་ཉེར་དྲུག་པ།  བཙན་ཐབས་ཀྱིས་དཔྱད་ཞིབ་གཏན་ཁེལ་བྱ་རྒྱུའི་ཁོངས་སུ་གཏོགས་པའི་ཚད་འཇལ་ཡོ་བྱད་གང་ཞིག་གཏན་འཁེལ་ལྟར་དཔྱད་ཞིབ་གཏན་ཁེལ་གནང་རོགས་མ་ཞུས་པའམ་དཔྱད་ཞིབ་བྱས་ནས་ཚད་མ་ལོན་པར་སྔར་མུས་སུ་བེད་སྤྱོད་བྱ་རྒྱུའི་རེ་འདུན་མ་ཞུས་ན།    བེད་སྤྱོད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་བཅད་ཀྱང་ཆོག 

དོན་ཚན་ཉེར་བདུན་པ།   ཚད་མ་ལོན་པའི་ཚད་འཇལ་ཡོ་བྱད་བེད་སྤྱོད་པའམ་ཡང་ན་ཚད་འཇལ་ཡོ་བྱད་ཏག་ཏག་མ་བསྡད་པར་རྒྱལ་ཁབ་ཀྱི་དང་འཛད་སྤྱོད་པར་གྱོང་གུན་བཟོས་པ་ཡིན་ན།དེར་སྐྱིན་ཚབ་སྤྲོད་དུ་འཇུག་རྒྱུ་དང་།    ཚད་འཇལ་ཡོ་བྱད་ཀྱི་དང་ཀྱི་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་བཅད་ཀྱང་ཆོག 

དོན་ཚན་ཉེར་བརྒྱད་པ།   འཛད་སྤྱོད་པར་མགོ་སྐོར་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་ཚད་འཇལ་ཡོ་བྱད་བཟོ་སྐྲུན་དང་།    བྲིན་ཚོང་།    བེད་སྤྱོད་བཅས་བྱས་རིགས་ཀྱི་ཚད་འཇལ་ཡོ་བྱད་ཐོག་གི་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་དངུལ་ཆད་གཅོད་རྒྱུ་དང་།     ཉེས་ཚབས་ཆེ་བའི་རིགས་ལ་མི་སྒེར་རམ་སྡེ་ཚན་གྱི་ཁག་འགན་ཐད་ཀར་འཁུར་དགོས་མིར་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། 

དོན་ཚན་ཉེར་དགུ་པ།    བཅའ་ཁྲིམས་འདིར་གསལ་གཏན་འཁེལ་ལས་འགལ་ཏེ་ཚད་འཇལ་ཡོ་བྱད་བཟོས་པ་དང་།    བཟོ་བཅོས་བྱས་པ།བཙོངས་པ་རྣམས་ཚད་དུ་མ་ལོངས་པས་སྐྱེ་བོ་ཤི་རྨས་སམ་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་རིགས་བྱུང་ན།    ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་སྐྱེ་བོ་དེ་ཉིད་དམ་སྡེ་ཚན་གྱི་ཁག་འགན་ཐད་ཀར་འཁུར་དགོས་མིར་ཉེས་འགན་བདའ་འདེད་གཏོང་རྒྱུ། 

དོན་ཚན་སུམ་ཅུ་པ།    ཚད་འཇལ་ལྟ་སྐུལ་བྱེད་མིས་ཁྲིམས་འགལ་གྱིས་འགན་འཛོལ་བྱས་ནས་ཉེས་ཚབས་ཆེ་བའི་རིགས་ལ་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་།     ཉེས་ཚབས་ཆུང་རིགས་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ། 

དོན་ཚན་སོ་གཅིག་པ།    བཅའ་ཁྲིམས་འདིའི་གཏན་འཁེལ་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་མིན་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་ཐག་གཅོད་རྒྱུ།     བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་པའི་གཏན་འཁེལ་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་མིན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཐག་བཅད་ཀྱང་ཆོག 

དོན་ཚན་སོ་གཉིས་པ།    སྲིད་འཛིན་ཐོག་གི་ཆད་པ་བཅད་དོན་དོ་བདག་གི་བློ་ལ་མ་བབས་ན་ཆད་གཅོད་བརྡ་ཐོ་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག     དངུལ་ཆད་གཅོད་པ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བའི་སྲིད་འཛིན་ཐོག་གི་ཆད་གཅོད་ཆོད་དོན་དུས་བཀག་ནང་ཚུན་ཞུ་སྦྱོར་མི་བྱེད་ལ་ལག་བསྟར་ཡང་མ་བྱས་ན།     སྲིད་འཛིན་ཐོག་གི་ཆད་པ་གཅོད་མཁན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ལག་བསྟར་གནང་རོགས་ཞུ་རྒྱུ། 

ལེའུ་དྲུག་པ།    ཞར་བྱུང་དོན་ཚན། 

དོན་ཚན་སོ་གསུམ་པ།   ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དང་གི་རྒྱལ་སྲུང་ཚན་རིག་ལག་རྩལ་གྱི་བཟོ་ལས་མ་ལགཚད་འཇལ་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདིར་གཞིགས་ནས་ལོགས་སུ་གཏན་འབེབས་བྱ་རྒྱུ། 

དོན་ཚན་སོ་བཞི་པ།    རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚད་འཇལ་སྲིད་འཛིན་སྡེ་ཁག་གིས་བཅའ་ཁྲིམས་འདིར་གཞིགས་ནས་ལག་བསྟར་བྱེད་སྲོལ་ཞིབ་གསལ་བཟོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཞུས་མཚམས་སུ་ལག་བསྟར་བྱ་རྒྱུ། 

དོན་ཚན་སོ་ལྔ་པ།    བཅའ་ཁྲིམས་འདི་1986ལོའི་ཟླ་7ཚེས་1ཉིན་ནས་ལག་ལེན་དུ་བསྟར་རྒྱུ། 


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号