ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཁྲིམས། (༢༠༠༩ལོ་དག་བཅོས་བྱས།)
【ཁོངས་གཏོགས་རིམ་པའི་དབྱེ་བ།】རྒྱལ་ཡོངས་མི་དམངས་འཐུས་མི་ཆོགས་ཆེན་ཁྲིམས་སྲོལ་མཛོད།
【ཁོངས་གཏོགགས་དབྱེ་བ】ནུས་ཁུངས།
【ཁོངས་གཏོགས་ས་ཁུལ།】
【ཁྱབ་བསྒྲགས་སྡེ་ཁག】རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།
【ཁྱབ་བསྒྲགས་ཡིག་རྟགས།】ཀྲུའུ་ཞི་བཀའ་ཡིག་ཨང་རྟགས་༢༣་པ།
【ཁྱབ་བསྒྲགས་ཟླ་ཚེས།】༢༠༠༩-༡༢-༢༦
【གོ་ཆོད་དུས་ཚོད།】༢༠༠༩-༡༢-༢༦
【ནུས་པ་མི་ལྡན་པའི་དུས་ཚོད།】
【ནུས་ཐོན་གནས་ཚུལ།】ནུས་ལྡན།
(༢༠༠༥ལོའི་ཟླ་༢པའི་ཚེས་༢༨ཉིན་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་བཅུ་བཞི་པའི་ཐོག་གྲོས་འཆམ་བྱུང་། ༢༠༠༩ལོའི་ཟླ་༡༢པའི་ཚེས་༢༦ཉིན་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅུ་གཉིས་པའི་ཐོག་《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཁྲིམས་>དག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་》ལྟར་དག་བཅོས་བྱས།)
ཁྲིམས་འདི་རིམ་འགྱུར་ལོ་རྒྱུས།
༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་བཅའ་ཁྲིམས། (༢༠༠༥ལོའི་ཟླ་༢པའི་ཚེས་༢༨ཉིན་ཁྱབ་བསྒྲགས་བྱས། ༢༠༠༦ལོའི་ཟླ་༡པའི་ཚེས་༡ཉིན་ལག་བསྟར་བྱས།
༢ ཁྲིམས་སྲོལ་འདི་《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཁྲིམས་>དག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་》(༢༠༠༩ལོའི་ཟླ་༡༢པའི་ཚེས་༢༦ཉིན་ཁྱབ་བསྒྲགས་བྱས། ༢༠༡༠ལོའི་ཟླ་༤པའི་ཚེས་༡ཉིན་ལག་བསྟར་བྱས།)ལྟར་དག་བཅོས་བྱས།
དཀར་ཆག
ས་བཅད་དང་པོ། སྤྱིའི་རྩ་དོན།
ས་བཅད་གཉིས་པ། ཐོན་ཁུངས་བརྟག་དཔྱད་དང་འཕེལ་རྒྱས་འཆར་འགོད།
ས་བཅད་གསུམ་པ། ཐོན་ལས་མཛུབ་སྟོན་དང་ལག་རྩལ་རྒྱབ་སྐྱོར།
ས་བཅད་བཞི་པ། ཁྱབ་གདལ་དང་བེད་སྤྱོད།
ས་བཅད་ལྔ་བ། རིན་གོང་དོ་དམ་དང་གླ་ཡོན་ཁ་གསབ།
ས་བཅད་དྲུག་པ། དཔལ་འབྱོར་སྐུལ་ལྕག་དང་ལྟ་སྐུལ་བྱེད་ཐབས།
ས་བཅད་བདུན་པ། ཁྲིམས་ལུགས་འགན་འཁྲི།
ས་བཅད་བརྒྱད་པ། ཟུར་བསྣན་དོན་ཚན།
ས་བཅད་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་དང་། ནུས་ཁུངས་འདོན་སྤྲོད་ཁ་སྣོན་དང་། ནུས་ཁུངས་སྒྲིག་གཞི་ལེགས་བཅོས། ནུས་ཁུངས་བདེ་འཇགས་འགན་ལེན་དང་། ཁོར་ཡུག་ལ་སྲུང་སྐྱོབ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུད་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཆེད་དུ་ཁྲིམས་འདི་གཏན་འཁེལ་བྱས།
དོན་ཚན་གཉིས་པ། ཁྲིམས་འདི་རུ་བཤད་བཞིན་པའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཞེས་པ་རླུང་ནུས་དང་། ཉི་ནུས། སྐྱེ་དངོས་ནུས་པ་དང་། ས་ནུས། རྒྱ་མཚོའི་ནུས་པ་སོགས་འགྱུར་རྡོ་མིན་པའི་ནུས་ཁུངས་ལ་གོ
ཆུ་ཤུགས་གློག་འདོན་གྱིས་ཁྲིམས་འདི་སྤྱད་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གིས་གཏན་འབེབས་བྱེད་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་བྱེད་ནས་ཆོག་མཆན་འགོས་དགོས།
ནུས་ཕྱོད་དམའ་བའི་ཐབ་ཀས་ཐད་ཀར་སོག་མ་དང་བུད་ཤིང་། ཨོང་བ་སོགས་བེད་སྤྱད་པ་ལ་ཁྲིམས་འདི་མི་འཚམ།
དོན་ཚན་གསུམ་པ། ཁྲིམས་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་དོ་དམ་བྱེད་པའི་མཚོ་ཁོངས་ནས་བཀོལ་ན་འཚམ།
དོན་ཚན་བཞི་པ། རྒྱལ་ཁབ་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པ་དེ་ནུས་ཁུངས་འཕེལ་རྒྱས་ཀྱི་སྔོན་གྲས་ཁྱབ་ཁོངས་སུ་འཇོོག་དགོས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེས་སྤྱོད་སྤྱིའི་དམིགས་འབེབས་དང་ལྟོས་བཅས་ཀྱི་བྱེད་ཐབས་བཟོས་རྗེས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཁྲོམ་རའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།
རྒྱལ་ཁབ་ཀྱིས་དབང་བའི་དཔལ་འབྱོར་ལམ་ལུགས་སྣ་ཚོགས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཞུགས་པར་སྐུལ་འདེད་བྱ་དགོས། ཁྲིམས་ལྟར་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས།
དོན་ཚན་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པར་གཅིག་གྱུར་དོ་དམ་ལག་བསྟར་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རབ་གི་འགན་འཁྲི་ཁྱབ་ཁོངས་ཁྲོད་དུ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་དོ་དམ་གྱི་འབྲེལ་ཡོད་ལས་ཀའི་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ནུས་ཁུངས་དོ་དམ་སདཻ་ཁག་གིས་རང་སྲིད་འཛིན་ས་ཁུལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དོ་དམ་ལས་ཀའི་འགན་འཁུར་དགོས།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་རང་གི་འགན་འཁྲི་ཁྱབ་ཁོངས་ཁྲོད་དུ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་དོ་དམ་གྱི་འབྲེལ་ཡོད་ལས་ཀའི་འགན་འཁུར་དགོས།
ས་བཅད་གཉིས་པ། ཐོན་ཁུངས་བརྟག་དཔྱད་དང་འཕེལ་རྒྱས་འཆར་འགོད།
དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁོངས་ཐོན་ཁུངས་བརྟག་དཔྱད་རྩ་འཛུགས་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐོོན་ཁུངས་བརྟག་དཔྱད་ཀྱི་ལག་རྩལ་ཚད་ལྡན་བཟོ་བ་རྩ་འཛུགས་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གིས་རང་གི་འགན་འཁྲི་ཁྱབ་ཁོངས་ཁྲོད་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ཁུངས་བརྟག་དཔྱད་ཀྱི་འབྲེལ་ཡོད་འགན་འཁུར་དགོས། བརྟག་དཔྱད་་མཇུག་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་ལ་སྙན་ཞུ་བྱ་དགོས།
བསྐྱར་སྐྱེས་ཐུབ་པའི་ནུས་ཁོངས་ཐོན་ཁུངས་ཀྱི་བརྟག་དཔྱད་མཇུག་འབྲས་ཁྱབ་བསྒྲགས་བྱ་དགོས། འོན་ཀྱང་། རྒྱལ་ཁབ་ཀྱིས་གསང་དགོས་པ་ནང་དོན་འདི་རུ་མི་འདུ།
དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ནུས་ཁུངས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ནུས་ཁུངས་དགོས་མཁོ་དང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ཁུངས་ཀྱིས་དངོས་ཡོད་གནས་ཚུལ་ལྟར། རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ཡུན་རིང་གི་སྤྱིའི་དམིགས་ཡུལ་གཏན་འཁེལ་བྱེད་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་བྱེད་རྗེས་ལག་བསྟར་བྱ་དགོས་པ་མ་ཟད་ཁྱབ་བསྒྲགས་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གིས་གོང་གསལ་ནས་གཏན་འབེབས་བྱེད་པའི་སྤྱིའི་དམིགས་འབེབས་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་དཔལ་འབྱོར་འཕེལ་རྒྱས་དང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ཁུངས་དངོས་ཡོད་གནས་ཚུལ་ལྟར། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་སྲིད་འཛིན་ཁྱབ་ཁོངས་ཁག་གི་བསྐྱར་སྐྱེས་ཐུབ་པའི་ནུས་ཁོངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཡུན་རིང་གི་དམིགས་འབེབས་གཏན་འཁེལ་བྱེད་དགོས་པ་མ་ཟད་ཁྱབ་བསྒྲགས་བྱ་དགོས།
དོན་ཚན་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཡུན་རིང་སྤྱིའི་དམིགས་འབེབས་དང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ལག་རྩལ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ནས། རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་འཆར་འགོད་བཟོ་དགོས་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་བྱེད་ནས་ཆོག་མཆན་བཀོད་རྗེས་ལག་བསྟར་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཡུན་རིང་སྤྱིའི་དམིགས་འབེབས་མངོན་འགྱུར་ཡོང་བར་སྐུལ་འདེད་བྱེད་པའི་འབྲེར་ཡོད་འཆར་གཞི་བཟོ་དགོས།
ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་ནུས་ཁུངས་དོ་དམ་སྡེ་ཁག་གིས་རང་རིམ་པ་མཉམ་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་འཆར་འགོད་དང་རང་སྲིད་འཛིན་ས་ཁུལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་ཡུན་རིང་དམིགས་འབེབས་གཞིར་བཟུང་ནས། རང་སྲིད་འཛིན་ས་ཁུལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་འཆར་གཞི་བཟོ་དགོས། རིམ་མཉམ་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་དང་རྒྱལ་ཁང་གློག་ཤུགས་ལྟ་སྐུལ་སྒྲིག་གཞི་ཐོ་འགོད་བྱེད་དགོས་པ་མ་ཟད་ལག་བསྟར་བྱ་དགོས།
ཆོག་མཆན་བཀོད་ཟིན་པའི་འཆར་གཞི་དེ་ཁྱབ་བསྒྲགས་བྱ་དགོས། འོན་ཀྱང་། རྒྱལ་ཁབ་ཀྱིས་གསང་དགོས་པ་གཏན་འབེབས་བྱེད་པའི་ནང་དོན་འདི་རུ་མི་འདུ།
ཆོག་མཆན་བཀོད་ཟིན་པའི་འཆར་གཞི་དག་བཅོས་བྱེད་དགོས་ན། ངེས་པར་དུ་སྔོན་ཆོག་མཆན་བཀོད་ཟིན་པའི་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས།
དོན་ཚན་དགུ་པ། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་འཆར་གཞི་བཟོ་དགོས་ན། ཡུལ་བབ་དང་བསྟུན་པ་དང་། གཅིག་གྱུར་འཆར་འགོད། བཀོད་སྒྲིག་ལུགས་མཐུན། འཕེལ་རྒྱས་རིམ་ལྡན་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། རླུང་ནུས་དང་ཉི་ནུས། ཆུ་ནུས་དང་སྐྱེ་དངོས་ནུས་པ། ས་ནུས་དང་རྒྱ་མཚོ་ནུས་པ་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་པ་གསར་སྤེལ་བེད་སྤྱོད་བྱེད་ན་གཅིག་གྱུར་གྱི་བཀོད་སྒྲིག་བྱ་དགོས། འཆར་གཞི་ནང་དོན་དུ་འཕེལ་རྒྱས་དམིགས་ཡུལ་དང་འོས་འགན་གཙོ་བོ། ཁྱབ་ཚུལ། ལས་གཞི་གལ་ཆེན། ལག་བསྟར་གྱི་ཚད་དང་། གློག་དྲའི་འཛུགས་སྐྲུན་དང་ཞབས་ཞུའི་མ་ལག འགན་ལེན་བྱེད་ཐབས་སོགས་འདུ་དགོས།
བཟོ་སྐྲུན་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་ཆེད་མཁས་པ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས་ཚན་རིག་གིས་རིགས་སྒྲུབ་བྱ་དགོས།
ས་བཅད་གསུམ་པ། ཐོན་ལས་མཛུབ་སྟོན་དང་ལག་རྩལ་རྒྱབ་སྐྱོར།
དོན་ཚན་བཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་འཆར་གཞི་གཞིར་བཟུང་ནས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ལས་འཕེལ་རྒྱས་མཛུབ་སྟོན་དཀར་ཆག་བཟོས་ནས་ཁྱབ་བསྒྲགས་བྱ་དགོས།
དོན་ཚན་བཅུ་གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་ཚད་ལྡན་ཅན་སྲིད་འཛིན་དོ་དམ་སྡེ་ཁག་གིས་རྒྱལ་ཁབ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་ཤུགས་དྲ་སྦྲེལ་ལག་རྩལ་ཚད་གཞི་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་ནས་ལག་རྩལ་གཅིག་གྱུར་གྱི་བླང་བྱ་ཡོད་པའི་འབྲེལ་ཡོད་བསྐྱར་སྐྱེས་ཐུབ་པའི་ནུས་ཁངས་ལག་རྩལ་དང་ཐོན་རྫས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འཁེལ་བྱེད་དེ་ཁྱབ་བསྒྲགས་བྱ་དགོས།
གོང་གསལ་ནས་གཏན་འབེབས་བྱེད་པའི་རྒྱལ་ཁབ་ཀྱིས་ཚད་གཞིའི་ཁྲོད་གཏན་འབེབས་བཟོས་མེད་པའི་ལག་རྩལ་གྱི་བླང་བྱ་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ལས་རིགས་ཀྱི་ཚད་གཞི་གཏན་འཁེལ་བྱེད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚད་ལྡན་ཅན་སྲིད་འཛིན་དོ་དམ་སྡེ་ཁལ་ཐོ་འགོད་བྱ་དགོས།
དོན་ཚན་བཅུ་གཉིས། རྒྱལ་ཁབ་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་ཐོན་ལས་ཅན་འཕེལ་རྒྱས་གཏོང་བ་དེ་ཚན་རིག་འཕེལ་རྒྱས་དང་ལག་རྩལ་མཐོན་པོའི་ཐོན་ལས་འཕེལ་རྒྱས་སྔོན་ཐོན་ཁྱབ་ཁོངས་དེ་རྒྱལ་ཁབ་ཚན་རིག་ལག་རྩལ་འཕེལ་རྒྱས་འཆར་འགོད་དང་ལག་རྩལ་ཐོན་ལས་འཆར་འགོད་ཁྲོད་དུ་འཇོག་དགོས་པ་མ་ཟད། མ་རྩ་བཀོད་སྒྲིག་བྱེད་ནས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད་དཔེ་སྟོན། ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་གི་ལག་རྩལ་གོང་འཕེལ་འགྲོབ་བར་སྐུལ་འདེད་བྱེད་ནས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་རྫས་ཀྱི་ཐོན་སྐྱེད་མ་རྩ་ཇེ་དམའ་གཏོང་ནས། ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཁག་གིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཤེས་བྱ་དང་ལག་རྩལ་དེ་བསྐྱབ་གཏོང་སློབ་གསོ་དང་ལས་རིགས་སློབ་གསོའི་སློབ་ཚན་ཁྲོད་དུ་འཇོག་དགོས།
ས་བཅད་ལྔ་བ། ཁྱབ་སྤེལ་དང་བེད་སྤྱོད།
དོན་ཚན་བཅུ་གསུམ། རྒྱལ་ཁབ་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་དྲ་སྦྲེལ་གློག་འདོན་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས།
བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་དྲ་སྦྲེལ་གློག་འདོན་ལས་གཞི་འཛུགས་སྐྲུན་བྱེད་ན། ཁྲིམས་ལུགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བླངས་པའི་སྲིད་འཛིན་ཆོག་མཆན་ཐོབ་དགོས་པའམ་ཡང་ན་ཐོ་འགོད་བྱ་དགོས།
འཛུགས་སྐྲུན་བྱེད་པར་སྲིད་འཛིན་ཆོག་མཆན་ཐོབ་པའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་དྲ་སྦྲེལ་གློག་འདོན་ལས་གཞི་དེ་མི་མང་པོས་ལས་དོན་གཅིག་གི་ཆོག་མཆན་རེ་ཞུ་བྱེད་ན། ཁྲིམས་ལྟར་སུས་འཇོག་དེ་འགུག་བྱེད་དེ་ཆོག་མཆན་ཐོབ་གཏན་འཁེལ་བྱ་དགོས།
དོན་ཚན་བཅུ་བཞི། རྒྱལ་ཁབ་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ཡོངས་འགན་ལེན་རང་བཞིན་ཉོ་སྒྲུབ་ལམ་ལུགས་ལག་བསྟར་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གིས་རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་སྒྲིག་གཞིདང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནོར་སྲིད་སྡེ་ཁག་དང་ལྷན་དུ། རྒྱལ་ཡོངས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་འཆར་འགོད་ལྟར། འཆར་འགོད་དུས་ཡུན་ཁྲོད་དུ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ཚད་ཀྱིས་རྒྱལ་ཡོངས་གློག་འདོན་ཚད་ཀྱི་སྡུར་ཚད་གཏན་འཁེལ་བྱ་དགོས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་དྲ་ཁེ་ལས་སྔོན་ལ་ཏུའུ་སྙོམས་དང་ཡོངས་སུ་ཉོ་སྒྲུབ་ཞིབ་ཕྲའི་ཐབས་ལམ་གཏན་འཁེལ་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་གློག་ཤུགས་ལྟ་སྐུལ་དོ་དམ་སྒྲིག་གཞིས་ལྟ་སྐུལ་ལག་བསྟར་བྱ་དགོས།
གློག་དྲ་ཁེ་ལས་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་འཆར་འགོད་འཛུགས་སྐྲུན་ལྟར། ཁྲིམས་ལྟར་སྲིད་འཛིན་ཆོག་མཆན་ཐོབ་པའམ་ཡང་ན་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ཁེ་ལས་གན་རྒྱ་ཐོ་འགོད་བྱ་དགོས། དེའི་གློག་དྲའི་ཁེབས་པའི་ཁྱབ་ཁོངས་ཁྲོད་ནས་དྲ་སྦྲེལ་ལག་རྩལ་ཚད་གཞི་དང་མཐུན་པའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་དྲ་སྦྲེལ་གློག་འདོན་ལས་གཞིའི་གློག་ཚད་ཡོངས་སུ་ཉོས། གློག་འདོན་ཁེ་ལས་ཀྱིས་གློག་དྲ་ཁེ་ལས་ལ་གློག་དྲ་ཁེ་ལས་འགན་ལེན་གློག་དྲའི་བདེ་འཇགས་ལ་མཉམ་སྦྲེལ་བྱེད་པའི་འོས་འགན་ཡོད།
གློག་དྲའི་ཁེ་ལས་ཀྱིས་གློག་དྲའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་སྒྲིག་གཞིས་ཁྱབ་ཁོངས་རྒྱ་སྐྱེད་ནས། ཤེས་ལྡན་གློག་དྲ་དང་ཉར་གསོགས་སོགས་ལག་རྩལ་འཕེལ་རྒྭས་དང་བེད་སྤྱོད་གཏོང་དགོས། གློག་དྲ་འཁོར་སྐྱོད་དོ་དམ་འཐུས་ཚང་གཏོང་ནས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་ཤུགས་སྡུད་པའི་ནུས་པ་མཐོར་འདེགས་གཏོང་ནས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ལ་དྲ་སྦྲེལ་ཞབས་ཞུ་འདོན་སྤྲོད་བྱ་དགོས།
དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་གློག་དྲ་ཁེབས་མེད་པའི་ས་ཁུལ་ནས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རང་རྐྱ་འཕེར་བའི་གློག་ཤུགས་མ་ལག་འཛུགས་པར་རྒྱབ་སྐྱོར་བྱེད་ནས། ས་ཁུལ་དེའི་ཐོན་སྐྱེད་དང་འཚོ་བ་ལ་གློག་ཤུགས་ཞབས་ཞུ་འདོན་སྤྲོད་བྱ་དགོས།
དོན་ཚན་བཅུ་དྲུག རྒྱལ་ཁབ་ཀྱིས་གཙང་ལྡན་ནུས་ལྡནགྱི་སྐྱེ་དངོས་འབར་རྫས་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་བྱེད་ནས། ནུས་ཁུངས་དངོས་པོ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་དགོས།
སྐྱེ་དངོས་ཐོན་ཁུངས་བེད་སྤྱད་ནས་ཐོན་སྐྱེད་བྱེད་པའི་འབར་རྫས་དང་ཚ་ཤུགས་དེ་གྲོང་ཁྱེར་འབར་རྫས་སྦུག་ལམ་དང་གློག་ཤུགས་སྦུག་ལམ་གྱི་དྲ་ཞུགས་ལག་རྩལ་ཚད་གཞི་དང་མཐུན། འབར་རྫས་སྦུག་ལམ་དང་ཚ་ཤུགས་སྦུག་ལམ་བདག་གཉེར་བྱེད་པའི་ཁེ་ལས་ཀྱིས་དྲ་རུ་འཇུག་དགོས།
རྒྱལ་ཁབ་ཀྱིས་སྐྱེ་དངོས་གཤེར་གཟུགས་འབར་རྫས་ཐོན་སྐྱེད་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བྱ་དགོས། རྡོ་སྣུམ་ཉོ་འཚོང་ཁེ་ལས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གམ་ཡང་ན་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་སྐྱེས་དངོས་འབར་རྫས་དེ་དེའི་འབར་རྫས་ཉོ་འཚོང་མ་ལག་ཁྲོད་འཇོག་དགོས།
དོན་ཚན་བཅུ་བདུན། རྒྱལ་ཁབ་ཀྱིས་ལས་ཁུངས་དང་མི་སྒེར་གྱིས་ཉི་ནུས་ཆུ་ཚའི་མ་ལག་དང་། ཉི་ནུས་ཚན་འདོན་དང་འཁྱགས་བཟོ་མ་ལག ཉི་ནུས་གློག་འདོན་མ་ལག་སོགའ་ཉི་ནུས་བེད་སྤྱོད་བྱེད་པའི་མ་ལག་བཀོལ་པར་སྐུལ་འདེད་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་འཛུགས་སྐྲུན་སྲིད་འཛིན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་ལྷན་དུ་ཉི་ནུས་བེད་སྤྱོད་མ་ལག་འཛུགས་སྐྲུན་མཉམ་སྦྲེལ་གྱི་ལག་ར྅ཙལ་དཔལ་འབྱོར་སྲིད་ཇུས་དང་ལག་རྩལ་ཚད་ལྡན་བཟོ་དགོས།
ཁང་བ་ཐོན་ལས་ཁེ་ལས་ཀྱིས་གོང་གསལ་ནས་གཏན་འབེབས་བྱེད་པའི་ལག་རྩལ་གྱི་ཚད་གཞི་ལྟར། འཛུགས་སྐྲུན་ཇུས་འགོད་དང་ཨར་ལས་བྱེད་པའི་ཁྲོད་དུ་ཉི་ནུས་བེད་སྤྱོད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱ་དགོས།
ད་ལྟ་སྐྲུན་ཟིན་པའི་འཛུགས་སྐྲུན་སུ་སྡོད་དམངས་ཀྱིས་དེའི་སྤུས་ཚད་དང་བདེ་འཇགས་ལ་ཤུགས་རྐྱེན་མི་ཐེབས་པའི་ཆ་རྐྱེན་འོག་ཏུ་ལག་རྩལ་གྱི་ཚད་དང་ཐོན་རྫས་ཚད་གཞི་དང་མཐུན་པའི་ཉི་ནུས་བེད་སྤྱོད་མ་ལག་འཇོག་དགོས། འོན་ཀྱང་། དོ་བདག་ལ་གཏན་འབེབས་གཞན་ཡོད་པ་འདི་རུ་མི་འདུ།
དོན་ཚན་བཅོ་བརྒྱད། རྒྱལ་ཁབ་ཀྱིས་གྲོང་གསེབ་ནས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ནུས་ཁུངས་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ། ས་ཁུལ་དེའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། འཕྲོད་བསྟེན་ཕྱོགས་བསྡུས་ལེགས་བཅོས་སོགས་དངོས་ཡོད་གནས་ཚུལ་ལྟར། གྲོང་གསེབ་ས་ཁུལ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་འཕེལ་རྒྱས་འཆར་འགོད་བཟོ་དགོས། ས་བབ་དང་བསྟུན་ནས་རྫབ་རླངས་སོགས་སྐྱེ་དངོས་ཐོན་ཁུངས་ཀྱི་འགྱུར་རྫས་དང་ཉི་ནུས། རླུང་ནུས་ཆུང་གྲས། ཆུ་ནུས་ཆུང་གྲས་སོགས་ལག་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་གསེབ་ས་ཁུལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་བེད་སྤྱོད་ལས་གཞི་ལ་ནོར་སྲིད་ཐད་ཀྱི་རྒྱབ་སྐྱོར་བྱ་དགོས།
ས་བཅད་ལྔ་བ། རིན་གོང་དོ་དམ་དང་གླ་ཡོན་ཁ་གསབ།
དོན་ཚན་བཅུ་དགུ། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ལས་གཞིས་དྲ་ཞུགས་གློག་རིན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིན་གོང་དོ་དམ་སྡེ་ཁག་གིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་མི་འདྲ་བའི་གློག་འདོན་གྱི་ཁྱད་ཆོས་དང་ས་ཁུལ་མི་འདྲ་བའི་གནས་ཚུལ་ལ་གཞིགས་ནས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་སྐུལ་འདེད་བྱེད་པར་ཕན་པ་དང་དཔལ་འབྱོར་ལུགས་མཐུན་གྱི་རྩ་དོན་ལྟར། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་འཕེལ་རྒྱས་དུས་ལྟར་སྙོམས་སྒྲིག་བྱེད་ནས། དྲ་ཞུགས་གློག་རིན་ཁྱབ་བསྒྲགས་བྱ་དགོས།
ཁྲིམས་འདིའི་དོན་ཚན་བཅུ་གསུམ་གྱི་ཚན་པ་གསུམ་པའི་གཏན་འབེབས་ལྟར་སུས་འཇོག་དེ་འགུག་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ལས་གཞིའི་དྲ་ཞུགས་གློག་རིན། སུས་འཇོག་དེ་འགུག་གིས་གཏན་འཁེལ་བྱེད་པའི་རིན་གོང་ལྟར་ལག་བསྟར་བྱ་དགོས། འོན་ཀྱང་། གོང་གསལ་གྱི་གཏན་འབེབས་བྱེད་པའི་རིགས་འདྲའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ལས་གཞིས་དྲ་ཞུགས་གློག་རིན་གྱི་ཆུ་ཚད་ལ་མཐོ་མི་རུང།
དོན་ཚན་ཉི་ཤུ། གློ་དྲའི་ཁེ་ལས་ཀྱིས་ཁྲིམས་འདིའི་དོན་ཚན་བཅུ་དགུ་བའི་གཏན་འབེབས་ཀྱི་གཏན་འཁེལ་བྭེད་པའི་དྲ་ཞུགས་གློག་རིན་གྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་གླ་ཡོན་ཉོ་སྒྲུབ་བྱ་དགོས། རྒྱུན་ལྡན་ནུས་ཁུངས་གློག་འདོན་གྱི་ཆ་སྙོམས་དྲ་ཞུགས་གློག་རིན་སྡོམ་ལས་མཐོ་དེ་གླ་ཡོན་བར་ལ་བར་ཁྱད་ཡོད་ན། རྒྱལ་ཡོངས་ཁྱབ་ཁོངས་ནས་གློག་ཚད་གཞུང་བསྡུའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་རིན་ལ་ཁ་གསབ་བྱ་དགོས།
དོན་ཚན་ཉེར་གཅིག གློག་དྲའི་ཁེ་ལས་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ཉོ་སྒྲུབ་བྱེད་པའི་ཆེད་དུ་སྤྲད་པའི་ལུགས་མཐུན་གྱིས་དྲ་སྦྲེལ་གླ་ཡོན་དང་ལུགས་མཐུན་གྱི་འབྲེལ་ཡོད་གླ་ཆ་གཞན་དག་གློག་དྲ་ཁེ་ལས་མ་རྩ་རུ་རྩིས་ཆོག་པ་མ་ཟད། ཉོ་འཚོང་བྱེད་པའི་གློག་རིན་ཁྲོད་ནས་ཕྱིར་ལེན་དགོས།
དོན་ཚན་ཉེར་གཉིས། རྒྱལ་ཁབ་ཀྱིས་མ་འཇོག་གམ་ཡང་ན་ཁ་གསབ་བྱེད་ནས་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རང་རྐྱ་འཕེར་བའི་གློག་ཤུགས་མ་ལག་ཉོ་འཚོང་གི་གློག་རིན། ས་ཁུལ་གཅིག་ནས་རིགས་དབྱེ་ཉོ་འཚོང་གློག་རིན་ལག་བསྟར་བྱེད་ན། དེའི་ལུགས་མཐུན་གྱི་འཁོར་སྤྱོད་དང་དོ་དམ་གླ་ཆ་དེ་ཉོ་འཚོང་གློག་རིན་གྱི་ཁག་ལས་བརྒལ་ན། ཁྲིམས་འདིའི་དོན་ཚན་ཉི་ཤུ་བའི་གཏན་འབེབས་ལྟར་ཁ་གསབ་བྱ་དགོས།
དོན་ཚན་ཉེར་གསུམ། གྲོང་ཁྱེར་གྱི་དྲ་རུ་ཞུགས་པའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་དང་འབར་རྫས་ཀྱི་རིན་གོང་། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ལ་ཕན་པ་དང་དཔལ་འབྱོར་ལུགས་མཐུན་གྱི་རྩ་དོན་ལྟར། རིན་གོང་དོ་དམ་དབང་ཆ་ལྟར་གཏན་འཁེལ་བྱ་དགོས།
ས་བཅད་དྲུག་པ། དཔལ་འབྱོར་སྐུལ་ལྕག་དང་ལྟ་སྐུལ་བྱེད་ཐབས།
དོན་ཚན་ཉེར་བཞི། རྒྱལ་ཁབ་ནོར་སྲིད་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་འཕེལ་རྒྱས་ཐེབས་རྩ་བཙུགས་ནས། མ་རྩ་ཡོང་ཁུངས་ནི་རྒྱལ་ཁབ་ནོར་སྲིད་ལོ་རེའི་བཀོད་སྒྲིག་ཆེད་སྤྱོད་མ་རྩ་དང་ཁྲིམས་ལྟར་གཞུང་བཞེས་བྱེད་པའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་རིན་ཟུར་བསྣན་ཡོང་འབབ་སོགས།
བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་འཕེལ་རྒྱས་ཐེབས་རྩ་དངུལ་དེ་ཁྲིམས་འདིའི་དོན་ཚན་ཉི་ཤུ་དང་དོན་ཚན་ཉེར་གཉིས་ཀྱི་གཏན་འབེབས་བྱེད་པའི་གླ་ཆ་ཁ་གསབ་བར་བཀོལ་པ་མ་ཟད། གཤམ་གསལ་གྱི་དོན་རྣམས་རྒྱབ་སྐྱོར་བྱེད་པར་བཀོལ་དགོས།
(གཅིག)བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ཚན་རིག་ལག་རྩལ་ཞིབ་འཇུག་དང་། ཚད་གཞི་གཏན་འཁེལ་དང་དཔེ་སྟོན་ལས་གཞི།
(གཉིས།)གྲོང་གསེབ་དང་འབྲོག་ཁུལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་བེད་སྤྱོད་ལས་གཞི།
(གསུམ)མཐའ་འཁོབ་ས་ཁུལ་དང་གླིང་ཕྲན་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རང་རྐྱ་ཐུབ་པའི་གློག་ཤུགས་མ་ལག་འཛུགས་སྐྲུན།
(བཞི།)བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ཁུངས་བརྟག་དཔྱད་དང་གདེང་འཇོག འབྲེལ་ཡོད་བརྡ་འཕྲིན་མ་ལག་འཛུགས་སྐྲུན།
(ལྔ།)བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་སྒྲིག་གཞི་ས་ཁུལ་ཅན་ཐོན་སྐྱེད་བྱེད་པར་སྐུལ་འདེད་བྱེད་པ།
ཁྲིམས་འདིའི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་བྱེད་པའི་དྲ་སྦྲེལ་གླ་ཡོན་དང་འབྲེལ་ཡོད་གླ་ཆ་གཞན་དག གློག་དྲ་ཁེ་ལས་ཀྱིས་ཉོ་འཚོང་རྒྱུད་ནས་གློག་རིན་ཕྱིར་ལེན་མི་ཆོག བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་འཕེལ་རྒྱས་ཐེབས་རྩའི་རོགས་སྐྱོར་རེ་ཞུ་བྱས་ཆོག
བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་འཕེལ་རྒྱས་ཐེབས་རྩའི་དངུལ་བསྡུ་བ་དང་བེད་སྤྱོད་དང་དོ་དམ་གྱི་ཞིབ་ཕྲའི་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནོར་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དང་རིན་གོང་དོ་དམ་སྡེ་ཁག་དང་ལྷན་དུ་གཏན་འཁེལ་བྱ་དགོས།
དོན་ཚན་ཉེར་ལྔ། རྒྱལ་ཁབ་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ལས་འཕེལ་རྒྱས་མཛུབ་སྟོན་དཀར་ཆག་ཁྲོད་དུ་ཡོད་པ་དང་། དངུལ་བུན་གཏོང་བའི་ཆ་རྐྱེན་དང་མཐུན་པའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ལས་གཞི་ལ་དངུལ་རྩའི་སྒྲིག་གཞིས་ནོར་སྲིད་ཐད་གནས་གཟིགས་སྐྱོང་བུན་གཏོང་བྱས་ཆོག
དོན་ཚན་ཉེར་དྲུག རྒྱལ་ཁབ་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་ལས་འཕེལ་རྒྱས་མཛུབ་སྟོན་དཀར་ཆག་ཁྲོད་ཡོད་པའི་ལས་གཞི་ལ་ཁྲལ་སྡུད་གཟིགས་སྐྱོང་བྱ་དགོས། ཞིབ་ཕྲའི་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱ་དགོས།
དོན་ཚན་ཉེར་བདུན། གློག་འདོན་ཁེ་ལས་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་གྱི་འབྲེལ་ཡོད་རྒྱུ་ཆ་བདེན་པ་དང་ཆ་ཚང་གི་ཟིན་འགོད་དང་ཉར་ཚགས་བྱ་དགོས་པ་མ་ཟད། གློག་ཤུགས་ལྟ་སྐུལ་སྒྲིག་གཞི་ཞིབ་གཤེར་དང་ལྟ་སྐུལ་དང་ལེན་བྱ་དགོས།
གློག་ཤུགས་ལྟ་སྐུལ་སྒྲིག་གཞིས་ཞིབ་གཤེར་བྱེད་པའི་སྐབས་སུ། གཏན་འབེབས་བྱེད་པའི་གོ་རིམ་ལྟར་སྒྲུབ་དགོས་པ་མ་ཟད། ཞིབ་གཤེར་བྱ་ཡུལ་ལས་ཁུངས་ཀྱི་ཚོང་ལས་གསང་བ་དང་གསང་བ་གཞན་དག་གསང་དགོས།
ས་བཅད་བདུན་པ། ཁྲིམས་ལུགས་འགན་འཁྲི།
དོན་ཚན་ཉེར་བརྒྱད། རྒྱལ་སྲིད་སྤྱི་ཁྱབ་ཁང་དོ་དམ་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞིང་དོ་དམ་ནུས་ཁུངས་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ལྟ་སྐུལ་དོ་དམ་གྱི་ལས་ཀའི་ཁྲོད། ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། གཤམ་གསལ་གྱི་བྱ་སྤྱོད་ལས་གཅིག་ལྡན་ན། རིམ་མཉམ་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱ་དགོས། འགན་འཁུར་བའི་དོ་དམ་མི་སྣ་དང་འགན་འཁུར་བ་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱ་དགོས། ཉེས་དོན་གྲུབ་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
(གཅིག)ཁྲིམས་ལྟར་སྲིད་འཛིན་ཆོག་མཆན་མ་བྱེད་པ།
(གཉིས།)ཁྲིམས་འགལ་གྱིས་བྱ་སྤྱོད་རྟོགས་རུང་རྩད་གཅོད་མི་བྱེད་པ།
(གསུམ།)ཁྲིམས་ལྟར་ལྟ་སྐུལ་དོ་དམ་འོས་འགན་ལག་བསྟར་མི་བྱེད་པའི་བྱ་སྤྱོད་གཞན་དག
དོན་ཚན་ཉེར་དགུ ཁྲིམས་འདིའི་དོན་ཚན་བཅུ་བཞིའི་གཏན་འབེབས་དང་འགལ་ནས། གློག་དྲའི་ཁེ་ལས་ཀྱིས་གཏན་འབེབས་ལྟར་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་ཉོ་སྒྲུབ་མ་བྱེད་པར། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཁེ་ལས་ལ་དཔལ་འབྱོར་གྱོང་གུན་བཟོས་ན། སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་པ་མ་ཟད། རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་སྒྲིག་གཞིས་བཀའ་ཕབ་ནས་དུས་བཅད་ཁྲོད་དག་བཅོས་བྱ་དགོས། དག་བཅོས་མ་བྱེད་ན། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་ཁེ་ལས་དཔལ་འབྱོར་གྱོང་གུན་ཚད་ཀྱི་ལྡབ་གཅིག་མན་གྱི་ཆད་པ་གཅོད་དགོས།
དོན་ཚན་སུམ་ཅུ། ཁྲིམས་འདིའི་དོན་ཚན་བཅུ་དྲུག་ཚན་པ་གཉིས་པའི་གཏན་འབེབས་དང་འགལ་ནས། འབར་རྫས་སྦུག་དྲ་དང་ཚ་ཤུགས་སྦུག་དྲ་གཉེར་བའི་ཁེ་ལས་དྲ་ཞུགས་ལག་རྩལ་ཚད་གཞི་དང་མཐུན་པའི་འབར་རྫས་དང་ཚ་ཤུགས་དྲ་རུ་ཞུགས་པར་ཆོག་མཆན་མ་བཀོད་པར། འབར་རྫས་དང་ཚ་ཤུགས་ཐོན་སྐྱེས་ཁེ་ལས་དཔལ་འབྱོར་ལ་གྱོང་གུན་བཟོས་ན། སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་པ་མ་ཟད། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ནུས་ཁུངས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དུས་བཅད་བགོས་ནས་དག་བཅོས་བྱ་དགོས། དག་བཅོས་མ་བྱེད་ན། འབར་རྫས་དང་ཚ་ཤུགས་ཐོན་སྐྱེད་ཁེ་ལས་ཀྱི་དཔལ་འབྱོར་གྱོང་གུན་གྱི་ལྡབ་གཅིག་གི་མན་གྱི་ཆད་པ་གཅོད་དགོས།
དོན་ཚན་སོ་གཅིག ཁྲིམས་འདིའི་དོན་ཚན་བཅུ་དྲུག་ཚན་པ་གསུམ་པའི་གཏན་འབེབས་དང་འགལ་ན། རྡོ་སྣུམ་ཉོ་འཚོང་ཁེ་ལས་ཀྱིས་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་སྐྱེ་དངོས་འབར་རྫས་དེའི་འབར་རྫས་ཉོ་འཚོང་མ་ལག་ཁྲོད་དུ་མ་བཞག་པར། སྐྱེ་དངོས་གཤེར་གཤེར་གཟུགས་འབར་རྫས་ཐོན་སྐྱེད་ཁེ་ལས་དཔལ་འབྱོར་གྱོང་གུན་བཟོས་ན། སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་ཁུངས་དོ་དམ་སྡེ་ཁག་གམ་ཡང་ན་ཞིང་ཆེ་རིམ་པ་མི་དམངས་སྲིད་གཞུང་ནུས་ཁུངས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དུས་བཅད་ཁྲོད་དག་བཅོས་བྱ་དགོས། དག་བཅོས་མ་བྱེད་ན། སྐྱེ་དངོས་གཤེར་གཟུགས་འབར་རྫས་ཐོན་སྐྱེད་ཁེ་ལས་ཀྱི་དཔལ་འབྱོར་གྱོང་གུན་ཚད་ཀྱི་ལྡབ་གཅིག་མན་གྱི་ཆད་པ་གཅོད་དགོས།
ས་བཅད་བརྒྱད་པ། ཟུབ་བསྣན་དོན་ཚན།
དོན་ཚན་སོ་གཉིས། ཁྲིམས་འདིའི་ཁྲོད་གཤམ་གསལ་སྐད་བརྡའི་གོ་དོན།
(གཅིག)སྐྱེ་དངོས་ནུས་པ་ཞེས་པ་ནི་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་ལུད་རྫས་དང་གྲོང་རྡལ་སྐྱེ་ལྡན་གད་སྙིགས་ནས་འགྱུར་བའི་ནུས་ཁུངས་ལ་གོ
(གཉིས།)བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རང་རྐྱ་འཕེར་བའི་གློག་ཤུགས་མ་ལག་ཞེས་པ་ནི་གློག་དྲ་དང་སྦེལ་མཐུད་མི་བྱེད་པའི་རང་ཚུགས་ཀྱིས་འཁོར་སྐྱོད་བྱེད་པའི་བསྐྱར་སྐྱེས་ཐུབ་པའི་གློག་འདོན་མ་ལག་ལ་གོ
(གསུམ།)ནུས་ཁུངས་སྐྱེ་དོངས་ཞེས་པ་ནི་ཆེད་དུ་འདེབས་འཛུགས་བྱེད་པ་རྒྱུད་ནས། ནུས་ཁུངས་མ་རྒྱུ་འདོན་སྤྲོད་བྱེད་པའི་རྩྭ་རིགས་དང་ཤིང་རིགས་སྐྱེ་དངོས་ལ་གོ
(བཞི།)སྐྱེ་དངོས་གཤེར་གཟུགས་འབར་རྫས་ཞེས་པ་ནི་སྐྱེ་དངོས་ཐོན་ཁུངས་བཀོལ་ནས་ཁྲུན་ཀ་པ་དང་ཁྲུན་ཁ་པ་དང་སྐྱེ་དངོས་སྣུམ་ཐོན་སྐྱེད་བྱེད་པའི་གཤེར་གཟུགས་འབར་རྫས་ལ་གོ
དོན་ཚན་སོ་གསུམ། ཁྲིམས་འདི་༢༠༠༦ལོའི་ཟླ་༡པའི་ཚེས་༡ཉིན་ནས་ལག་བསྟར་བྱ།