ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་ཤུགས་ཁྲིམས། (༢༠༡༨ལོར་དག་བཅོས་བྱས།)
【ཁོངས་གཏོགས་རིམ་པའི་དབྱེ་བ།】རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་མཛོད།
【ཁོངས་གཏོགགས་དབྱེ་བ】གློག་ཤུགས།
【ཁོངས་གཏོགས་ས་ཁུལ།】
【ཁྱབ་བསྒྲགས་སྡེ་ཁག】རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ ཁང་།
【ཁྱབ་བསྒྲགས་ཡིག་རྟགས།】
【ཁྱབ་བསྒྲགས་ཟླ་ཚེས།】༢༠༡༨-༡༢-༢༩
【གོ་ཆོད་དུས་ཚོད།】༢༠༡༨-༡༢-༢༩
【ནུས་པ་མི་ལྡན་པའི་དུས་ཚོད།】
【ནུས་ཐོན་གནས་ཚུལ།】ནུས་ལྡན།
ཁྲིམས་འདིའི་རིམ་འགྱུར་ལོ་རྒྱུས།
༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་ཤུགས་བཅའ་ཁྲིམས། (༡༩༩༥ལོའི་ཟླ་༡༢པའི་ཚེས་༢༨ཉིན་ཁྱབ་བསྒྲགས་བྱས། ༡༩༩༦ལོའི་ཟླ་༤པའི་ཚེས་༡ཉིན་ལག་བསྟར་བྱས།)
༢ ཁྲིམས་འདིའི་གཏན་འབེབས་《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ཁག་གཅིག་དག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་》ལྟར་དག་བཅོས་བྱས། (༢༠༠༩ལོའི་ཟླ་༨པའི་ཚེས་༢༧ཉིན་ཁྱབ་བསྒྲགས། ༢༠༠༩ལོའི་ཟླ་༨པའི་ཚེས་༢༧ཉིན་ལག་བསྟར་བྱས།)
༣ ཁྲིམས་འདི་《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་ཤུགས་བཅའ་ཁྲིམས་>་སོགས་ཁྲིམས་དྲུག་དག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་》ལྟར་དག་བཅོས་བྱས། (༢༠༡༥ལོའི་ཟླ་༤པའི་ཚེས་༢༤ཉིན་ཁྱབ་བསྒྲགས་བྱས། ༢༠༡༥ལོའི་ཟླ་༤པའི་ཚེས་༢༤ཉིན་ལག་བསྟར་བྱས། )
༤ ཁྲིམས་འདི་《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་ཤུགས་བཅའ་ཁྲིམས་>་སོགས་ཁྲིམས་བཞི་དག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་》ལྟར་དག་བཅོས་བྱས། (༢༠༡༨ལོའི་ཟླ་༡༢པའི་ཚེས་༢༩ཉིན་ཁྱབ་བསྒྲགས་བྱས། ༢༠༡༨ལོའི་ཟླ་༡༢པའི་ཚེས་༢༩ཉིན་ལག་བསྟར་བྱས། )
དཀར་ཆག
ས་བཅད་དང་པོ། སྤྱིའི་རྩ་དོན།
ས་བཅད་གཉིས་པ། གློག་ཤུགས་འཛུགས་སྐྲུན།
ས་བཅད་གསུམ་པ། གློག་ཤུགས་ཐོན་སྐྱེད་དང་གློག་དྲ་དོ་དམ།
ས་བཅད་བཞི་པ། གློག་ཤུགས་འདོན་སྤྲོད་དང་བེད་སྤྱོད།
ས་བཅད་ལྔ་བ། གློག་རིན་དང་གློག་གླ
ས་བཅད་དྲུག་པ། ཞིང་གྲོང་གི་གློག་ཤུགས་འཛུགས་སྐྲུན་དང་ཞིང་ལས་ལ་བཀོལ་བའི་གློག
ས་བཅད་བདུན་པ། གློག་ཤུགས་སྒྲིག་གཞི་སྲུང་སྐྱོབ།
ས་བཅད་བརྒྱད་པ། ལྟ་སྐུལ་ཞིབ་གཤེར།
ས་བཅད་དགུ་པ། ཁྲིམས་ལུགས་འགན་འཁྲི།
ས་བཅད་བཅུ་པ། ཟུར་བསྣན་དོན་ཚན།
ས་བཅད་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། གློག་ཤུགས་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་འགན་ལེན། གློག་ཤུགས་མ་རྩ་འཇོག་མཁན་དང་བདག་གཉེར་དང་བེད་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ། གློག་ཤུགས་བདེ་འཇགས་ཀྱི་འཁོར་སྐྱོད་བྱེད་པར་འགན་ལེན་བྱེད་པའི་ཆེད་དུ་ཁྲིམས་གཏན་འཁེལ་བྱས།
དོན་ཚན་གཉིས་པ། ཁྲིམས་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནའ་གློག་ཤུགས་འཛུགས་སྐྲུན་དང་ཐོན་སྐྱེད། འདོན་སྤྲོད་དང་བེད་སྤྱོད་བྱ་འགུལ་སོགས་ལ་འཚམ།
དོན་ཚན་གསུམ་པ། གློག་ཤུགས་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ། འོས་འཚམ་གྱིས་སྔོན་ཐོན་ནས་འཕེལ་རྒྱས་བྱ་དགོས། རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་རྩ་འཛུགསག་དང་མི་སྒེར་གྱིས་ཁྲིམས་ལྟར་མ་རྩ་བཞག་ནས་གློག་ཁུངས་གསེར་སྤེལ་དང་གློག་ཤུགས་ཐོན་སྐྱེད་ཁེ་ལས་གསར་འཛུགས་བྱེད་པར་སྐུལ་འདེད་དང་སྣེ་ཁྲིད་བྱ་དགོས།
གློག་ཤུགས་ལས་དོན་གྱི་མ་རྩ་འཇོག་པ་དེ་སུས་མ་རྩ་བཞག་ན་སུ་ལ་ཁེ་སྤོགས་ཐོབ་པའི་རྩ་དོན་ལག་བསྟར་བྱས་ཡོད།
དོན་ཚན་གསུམ་པ། གློག་ཤུགས་སྒྲིག་གཞི་རྒྱལ་ཁབ་སྲུང་སྐྱོབ་བྱ་དགོས།
ལས་ཁུངས་དང་མི་སྒེར་གང་རུང་གིས་གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་པ་དང་ཁྲིམས་འགལ་གྱིས་བཙན་འཛིན་དང་། གློག་ནུས་བེད་སྤྱོད་བྱེད་པར་བཀག་འགོག་བྱ་དགོས།
དོན་ཚན་ལྔ་བ། གློག་ཤུགས་འཛུགས་སྐྲུན་དང་ཐོན་སྐྱེད། འདོན་སྤྲོད་དང་བེད་སྤྱོད་ཀྱིས་ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོབ་བྱ་དགོས། ལག་རྩལ་གསར་བ་བེད་སྤྱད་ནས་གནོད་ལྡན་དངོས་པོ་ཕྱིར་གཏོང་བ་ཇེ་ཉུང་གཏོང་ནས། སྦགས་བཙོག་བཀག་འགོག་དང་གནོད་པ་གཞན་དག་ལེགས་བཅོས་བྱ་དགོས།
རྒྱལ་ཁབ་ཀྱིས་བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་དང་ནུས་ཁུངས་གཙང་མ་བཀོལ་ནས་གློག་འདོན་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས།
དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གློག་ཤུགས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་གློག་ཤུགས་ལས་དོན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གིས་རང་གི་འོས་འགན་གྱི་ཁྱབ་ཁོངས་ཁྲོད་གློག་ཤུགས་ལས་དོན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དཔལ་འབྱོར་ཕྱོགས་བསྡུས་དོ་དམ་སྡེ་ཁག་ནི་རང་སྲིད་འཛིན་ས་ཁུལ་གྱི་གློག་ཤུགས་དོ་དམ་སྡེ་ཁག་ཡིན། གློག་ཤུགས་ལས་དོན་གྱི་ལྟ་སྐུལ་དོ་དམ་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་རང་གི་འགན་འཁྲིའི་ཁྱབ་ཁོངས་ཁྲོད་གློག་ཤུགས་ལས་དོན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁུར་དགོས།
དོན་ཚན་བདུན་པ། གློག་ཤུགས་འཛུགས་སྐྲུན་ཁེ་ལས་དང་། གློག་ཤུགས་ཐོན་སྐྱེད་ཁེ་ལས། གློག་དྲ་བདག་གཉེར་ཁེ་ལས་ཀྱིས་ཁྲིམས་ལྟར་རང་བདག་གཉེར་བ་དང་ཁེ་གྱོང་རང་གི་འགན་འཁུར་བ་ལག་བསྟར་བྱེད་པ་མ་ཟད། གློག་ཤུགས་དོ་དམ་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱ་དགོས།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ནས་གློག་ཤུགས་ལས་དོན་འཕེལ་རྒྱས་གཏོང་དགོས།
དོན་ཚན་དགུ་པ། གློག་ཤུགས་འཛུགས་སྐྲུན་དང་ཐོན་སྐྱེད། འདོན་སྤྲོད་དང་བེད་སྤྱོད་ཀྱི་གོ་རིམ་ཁྲོད་དུ་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་དོ་དམ་ཐབས་ལམ་བཀོལ་བར་རྒྱལ་ཁབ་ཀྱིས་སྐུལ་འདེད་བྱ་དགོས། སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་དོ་དམ་ཐབས་ལམ་ཞིབ་འཇུག་དང་གསར་སྤེལ། བེད་སྤྱོད་བྱེད་པ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་ཡིན་པའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་སྟེར་དགོས།
ས་བཅད་གཉིས་པ། གློག་ཤུགས་འཛུགས་སྐྲུན།
དོན་ཚན་བཅུ་པ། གློག་ཤུགས་འཕེལ་རྒྱས་འཆར་འགོད་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་གཏན་འཁེལ་བྱ་དགོས་པ་མ་ཟད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ཁྲོད་འཇོག་དགོས།
གློག་ཤུགས་འཕེལ་རྒྱས་འཆར་འགོད་ཁྲོད་ནུས་ཁུངས་དང་གློག་ཁུངས་ལུགས་མཐུན་བེད་སྤྱོད་དང་གློག་དྲ་འཕེལ་རྒྱས། དཔལ་འབྱོར་ནུས་པ་མཐོར་འདེགས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་རྩ་དོན་མངོན་དགོས།
དོན་ཚན་བཅུ་གཅིག གྲོང་ཁྱེར་གློག་དྲའི་འཛུགས་སྐྲུན་དང་བཅོས་བསྒྱུར་འཆར་གཞི་དེ་གྲོང་ཁྱེར་སྤྱིའི་འཆར་འགོད་ཁྲོད་འཇོག་དགོས། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འཆར་འགོད་ལྟར། གློག་འགྱུར་སྒྲིག་གཞི་ས་ཁུལ་དང་གློག་སྐུད་འདྲེན་སའི་ཁྱམས་ར་དང་གློག་སྐུད་འདྲེན་ལམ་བཀོད་སྒྲིག་བྱ་དགོས།
ལས་ཁུངས་དང་མི་སྒེར་གང་རུང་གིས་ཁྲིམས་འགལ་གྱིས་གློག་འགྱུར་སྒྲིག་གཞི་ས་ཁུལ་དང་གློག་སྐུད་འདྲེན་སའི་ཁྱམས་ར་དང་གློག་སྐུད་འདྲེན་ལམ་བཙན་བཟུང་བྱས་མི་ཆོག
དོན་ཚན་བཅུ་གཉིས། རྒྱལ་ཁབ་ཀྱིས་འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་བྱེད་པ་རྒྱུད་ནས། གློག་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས།
ས་གནས་མི་དམངས་སྲིད་གཞུང་གིས་གློག་ཤུགས་འཕེལ་རྒྱས་ཀྱི་འཆར་འགོད་ལྟར། གནས་བབ་དང་བསྟུན་ནས་བྱེད་ཐབས་སྣ་མང་སྤྱད་ནས་གློག་ཁུངས་གསར་སྤེལ་དང་གློག་ཤུགས་འཛུགས་སྐྲུན་འཕེལ་རྒྱས་གཏོང་དགོས།
དོན་ཚན་བཅུ་གསུམ། གློག་ཤུགས་མ་རྩ་འཇོག་མཁན་གྱིས་དེས་མ་རྩ་བཞག་པའི་གློག་ཤུགས་ལ་ཁྲིམས་འབེབས་ཀྱི་ཁེ་དབང་ལོངས་སྤྱོད་བྱེད་ཐུབ། དྲ་དང་མཉམ་སྐྱོད་བྱེད་ན་གློག་ཤུགས་མ་རྩ་འཇོག་མཁན་ལ་སྔོན་ལ་བེད་སྤྱོད་བྱེད་པའི་དབང་ཆ་ཡོད། དྲ་མཉམ་སྐྱོད་མེད་པའི་རང་བདག་གློག་རའི་གློག་ཤུགས་མ་རྩ་འཇོག་མཁན་གྱིས་རང་འཐད་ཀྱིས་བེད་སྤྱོད་བྱ་དགོས།
དོན་ཚན་བཅུ་བཞི། གློག་ཤུགས་འཛུགས་སྐྲུན་ལས་གཞི་གློག་ཤུགས་འཕེལ་རྒྱས་འཆར་འགོད་དང་མཐུན་དགོས། རྒྱལ་ཁབ་གྒོག་ཤུགས་ཐོན་ལས་སྲིད་ཇུས་དང་མཐུན་དགོས།
གློག་ཤུགས་འཛུགས་སྐྲུན་ལས་གཞི་ཡིས་རྒྱལ་ཁབ་ཀྱིས་བཀའ་ཕབ་ནས་གློག་ཤུགས་སྒྲིག་གཞི་དང་ལག་རྩལ་གཏོར་བ་བེད་སྤྱོད་བྱས་མི་ཆོག
དོན་ཚན་བཅོ་ལྔ། འདྲེན་འགྱུར་གློག་བཟོ་སྐྲུན་དང་ཏུའུ་སྙོམས་བརྡ་འཕྲིན་རང་འགུལ་ཅན་བཟོ་སྐྲུན་གློག་དྲ་སྒྲིག་གཞིའི་བཟོ་སྐྲུན་དང་ཁོར་ཡག་སྲུང་སྐྱོབ་ལས་བཟོ་སྐྲུན་དག། གློག་འདོན་ལས་བཟོ་དང་མཉམ་དུ་ཇུས་འགོད་དང་འཛུགས་སྐྲུན། ཞིབ་གཤེར་དང་བེད་སྤྱོད་བྱ་དགོས།
དོན་ཚན་བཅུ་དྲུག གློག་ཤུགས་འཛུགས་སྐྲུན་ལས་གཞིས་ས་ཞིང་བེད་སྤྱོད་བྱེད་ན། འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒྲུབ་དགོས། ཁྲིམས་ལྟར་ས་ཞིང་གཞུང་བསྡུས་བྱེད་ན། ཁྲིམས་ལྟར་ས་ཞིང་སྐྱིན་ཚབ་གླ་ཆ་དང་བཀོད་སྒྲིག་གླ་ཆ་སྤྲད་ནས། སྡོད་དམངས་གནས་སྤོ་ཡི་བཀོད་སྒྲིག་བཟང་པོ་བྱ་དགོས།
གློག་ཤུགས་འཛུགས་སྐྲུན་གྱིས་རྨོ་ཞིང་ལ་སྲུང་སྐྱོབ་དང་ས་ཞིང་བེད་སྤྱོད་་གྲོན་ཆུང་གི་རྩ་དོན་ལག་བསྟར་དོན་འཁྱོལ་བྱ་དགོས།
ས་གནས་མི་དམངས་སྲིད་གཞུང་གིས་གློག་ཤུགས་ལས་དོན་ལ་ཁྲིམས་ལྟར་ས་ཞིང་བེད་སྤྱོད་དང་སྡོད་དམངས་གནས་སྤོ་བྱེད་པ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱ་དགོས།
ས་བཅད་བཅུ་བདུན། ས་གནས་མི་དམངས་སྲིད་གཞུང་གིས་གློག་ཤུགས་ཁེ་ལས་ཀྱིས་གློག་འདོན་འཛུགས་སྐྲུན་གྱི་ཆེད་དུ་ཆུ་ཁུངས་བརྟག་དཔྱད་དང་ཁྲིམས་ལྟར་ཆུ་ལེན་པ་དང་ཆུ་བཀོལ་བ་ལ་རྒྱབ་སྐྱོར་བྱ་དགོས། གློག་ཤུགས་ཁེ་ལས་ཀྱིས་ཆུ་བཀོལ་བ་གྲོན་ཆུང་བྱ་དགོས།
ས་བཅད་གསུམ་པ། གློག་ཤུགས་ཐོན་སྐྱེད་དང་གློག་དྲ་དོ་དམ།
དོན་ཚན་བཅོ་བརྒྱད། གློག་ཤུགས་ཐོན་སྐྱེད་དང་གློག་དྲ་འཁོར་སྐྱོད་དེ་བདེ་འཇགས་དང་སྤུས་དག་དང་དཔལ་འབྱོར་གྱི་རྩ་དོན་བརྩི་སྲུང་བྱ་དགོས།
གློག་དྲ་འཁོར་རྒྱུད་དེ་རྒྱུན་མཐུད་དང་བརྟན་བརླིང་ཡིན་དགོས། གློག་འདོན་གྱི་བློ་གཏད་རང་བཞིན་ཁག་ཐེག་བྱ་དགོས།
དོན་ཚན་བཅུ་དགུ གློག་ཤུགས་ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་བསྣན་ནས། བདེ་འཇགས་དང་པོ་དང་སྔོན་འགོག་གཙོ་བོ་ཡིན་པའི་ཐབས་ཇུས་རྒྱུན་འཁྱོངས་བྱེད་ནས། བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་གཏོང་དགོས།
གློག་ཤུགས་ཁེ་ལས་ཀྱིས་གློག་འདོན་སྒྲིག་གཞི་ལ་དུས་ལྟར་ཞིབ་གཤེར་དང་སྲུང་སྐྱོབ་བྱེད་ནས་དེའི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་ཁག་ཐེག་བྱ་དགོས།
དོན་ཚན་ཉི་ཤུ གློག་འདོན་འབར་རྫས་འདོན་སྤྲོད་བྱེད་པའི་ཁེ་ལས་དང་སྐྱེལ་འདྲེན་ཁེ་ལས་དང་གློག་ཤུགས་ཐོན་སྐྱེད་ཁེ་ལས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་སམ་ཡང་ན་གན་རྒྱ་ལྟར་འབར་རྫས་འདོན་སྤྲོད་དང་དབོར་སྐྱེལ་དང་འདོན་འཇུག་བྱ་དགོས།
དོན་ཚན་ཉེར་གཅིག གློག་དྲ་འཁོར་སྐྱོད་དེ་ཏུའུ་སྙོམས་གཅིག་གྱུར་དང་རིམ་བགོས་དོ་དམ་ལག་བསྟར་བྱ་དགོས། ལས་ཁུངས་དང་མི་སྒེར་གང་རུང་གིས་ཁྲིམས་འགལ་གྱིས་གློག་དྲའི་ཏུའུ་སྙོམས་ལ་ཐེ་གཏོགས་བྱས་མི་ཆོག
དོན་ཚན་ཉེར་གཉིས། རྒྱལ་ཁབ་ཀྱིས་གློག་ཤུགས་ཐོན་སྐྱེད་ཁེ་ལས་དང་གློག་དྲ། གློག་དྲ་དང་གློག་དྲ་མཉམ་སྤྱོད་བྱེད་པར་དར་སྤེལ་གཏོང་དགོས། ཁེར་རྐྱང་ཁྲིམས་མིའི་ཐོབ་ཐང་ལྡན་པའི་གློག་ཤུགས་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་བཞིན་པའི་གློག་ཤུགས་དྲ་སྤྲེལ་འཁོར་སྤྱོད་ཀྱི་རེ་བ་འདོན་ན། གློག་དྲ་བདག་གཉེར་ཁེ་ལས་ཀྱིས་དང་ལེན་བྱ་དགོས།
དྲ་སྦྲེལ་འཁོར་སྐྱོད་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞིའམ་གློག་ཤུགས་ལས་དོན་གྱི་ཚད་གཞི་དང་མཐུན་དགོས།
དྲ་སྤྲེལ་ཕྱོགས་གཉིས་ཀྱིས་ཏུའུ་སྙོམས་གཅིག་གྱུར་དང་རིམ་བགོས་དོ་དམ། ཁེ་སྤོགས་འདྲ་མཉམ་དང་གྲོས་མོལ་གཅིག་མཐུན་གྱིས་རྩ་དོན་ལྟར། དྲ་སྦྲེལ་གྲོས་མོལ་བཞག་ནས། ཕྱོགས་གཉིས་ཀའི་དབང་ཆ་དང་འོས་འགན་གཏན་འཁེལ་བྱ་དགོས། དྲ་སྦྲེལ་ཕྱོགས་གཉིས་ཀྱིས་གྲོས་མཐུན་མ་བྱུང་ན། ཞིང་ཆེན་རིམ་པ་ཡན་གྱི་གློག་ཤུགས་དོ་དམ་སྡེ་ཁག་གྲོས་མོལ་བྱེད་ནས་གཏན་འཁེལ་བྱ་དགོས།
དོན་ཚན་ཉེར་གསུམ་པ། གློག་དྲ་ཏུའུ་སྙོམས་དོ་དམ་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་འདིའི་གཏན་འབེབས་ལྟར་གཏན་འཁེལ་བྱ་དགོས།
ས་བཅད་བཞི་པ། གློག་ཤུགས་འདོན་སྤྲོད་དང་བེད་སྤྱོད།
དོན་ཚན་ཉེར་བཞི། རྒྱལ་ཁབ་ཀྱིས་གློག་ཤུགས་འདོན་སྤྲོད་དང་བེད་སྤྱོད་ལ། གློག་བཀོལ་བདེ་འཇགས་དང་གྲོན་ཆུང་། འཆར་གཞི་ལྡན་པའི་གློག་བཀོལ་བའོ་དོ་དམ་རྩ་དོན་ལག་བསྟར་བྱ་དགོས།
གློག་ཤུགས་འདོན་སྤྲོད་དང་བེད་སྤྱོད་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་འདིའི་གཏན་འབེབས་ལྟར་གཏན་འཁེལ་བྱ་དགོས།
དོན་ཚན་ཉེར་ལྔ་པ། གློག་འདོན་ཁེ་ལས་ཀྱིས་ཆོག་མཆན་བཀོད་པའི་གློག་འདོན་བདག་གཉེར་ཁུལ་ནས་སྤྱོད་མཁན་ལ་གློག་འདོན་སྤྲོད་བྱ་དགོས།
གློག་འདོན་ཁུལ་གྱི་བགོ་སྟངས་ཀྱིས་གློག་དྲའི་སྒྲིག་གཞི་དང་གློག་འདོན་ལུགས་མཐུན་རང་བཞིན་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱ་དགོས། གློག་འདོན་བདག་གཉེར་ཁུལ་དུ་གློག་འདོན་བདག་གཉེར་ལས་ཁུངས་གཅིག་མ་གཏོགས་འཛུགས་མི་ཆོག
གློག་འདོན་བདག་གཉེར་ཁུལ་འཛུགས་པ་དང་འགྱུར་བ་གཏོང་བ་ན། གློག་འདོན་ཁེ་ལས་ཀྱིས་རེ་ཞུ་བྱ་དགོས། གློག་ཤུགས་དོ་དམ་སྡེ་ཁག་གིས་འགན་ནུས་དང་དོ་དམ་དབང་ཆ་ལྟར། རིམ་མཉམ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་དཔྱད་ཆོག་མཆན་བྱེད་རྗེས། 《གློག་ཤུགས་ལས་དོན་ཆོག་མཆན་དཔང་ཡིག》འགྲེལ་སྤེལ་བྱ་དགོས། གློག་འདོན་བདག་གཉེར་ཁུལ་འཛུགས་པ་དང་འགྱུར་བ་གཏོང་བའི་ཞིབ་ཕྲའི་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གློག་ཤུགས་དོ་དམ་སྡེ་ཁག་གིས་གཏན་འཁེལ་བྱ་དགོས།
དོན་ཚན་ཉེར་དྲུག གློག་འདོན་བདག་གཉེར་ཁུལ་གྱི་གློག་འདོན་བདག་གཉེར་ལས་ཁུངས་ཀྱིས་རང་གིས་བདག་གཉེར་བྱེད་པའི་ཁུལ་གྱི་སྤྱོད་མཁན་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གློག་འདོན་པའི་འོས་འགན་ཡོད། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་དེའི་བདག་གཉེར་བྱེད་པའི་ཁུལ་གྱི་གློག་བཀོལ་བར་རེ་ཞུ་བྱེད་པའི་ལས་ཁུངས་དང་མི་སྒེར་ལ་གློག་འདོན་དང་ལེན་མ་བྱེད་ན་མི་ཆོག
གློག་བཀོལ་གསར་འཇོག་དང་གནས་སྐབས་ཀྱི་གློག་སྤྱོད། གློག་བཀོལ་ཚད་ཇེ་མང་གཏོང་བ་དང་། གློག་བཀོལ་བ་ལ་འགྱུར་བ་གཏོང་བ་དང་གློག་བཀོལ་མཚམས་འཇོག་དགོས་པའི་རེ་ཞུ་བྱེད་ན། གཏན་འབེབས་ལྟར་བྱེད་པའི་གོ་རིམ་ལྟར་འགྲོ་ལུགས་སྒྲུབ་དགོས།
གློག་འདོན་ཁེ་ལས་ཀྱིས་དེའི་བདག་གཉེར་བྱེད་པའི་ཁུལ་ནས་གློག་བཀོལ་བའི་གོ་རིམ་དང་ལམ་ལུགས། གླ་ལེན་པའི་ཚད་གཞི་ཁྱབ་བསྒྲགས་བྱ་དགོས་པ་མ་ཟད། སྤྱོད་མཁན་གྱིས་ཤེས་དགོས་པའི་རྒྱུ་ཆ་འདོན་སྤྲོད་བྱ་དགོས།
དོན་ཚན་ཉེར་བདུན་པ། གློག་ཤུགས་འདོན་སྤྲོད་དང་བེད་སྤྱོད་མཁན་ཕྱོགས་གཉིས་ཀྱིས་འདྲ་མཉམ་རང་འཐད་དང་གྲོས་མོལ་གཅིག་མཐུན་གྱི་རྩ་དོན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱེད་པའི་གློག་ཤུགས་འདོན་སྤྲོད་དང་བེད་སྤྱོད་ཀྱི་ཐབས་ལམ་ལྟར་གློག་ཤུགས་འདོན་སྤྲོད་གན་རྒྱ་བཞག་ནས་ཕྱོགས་གཉིས་ཀྱིས་དབང་ཆ་དང་འོས་འགན་གཏན་འཁེལ་བྱ་དགོས།
དོན་ཚན་ཉེར་བརྒྱད། གློག་འདོན་ཁེ་ལས་ཀྱིས་སྤྱོད་མཁན་ལ་འདོན་སྤྲོད་བྱེད་པའི་གློག་འདོན་གྱི་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས། སྤྱི་སྤྱོད་གློག་འདོན་སྒྲིག་གཞིས་གློག་འདོན་སྤུས་ཚད་ཀྱི་གནད་དོན་བྱུང་ན། དུས་ཐོག་ཏུ་ཐག་གཅོད་བྱ་དགོས།
སྤྱོད་མཁན་གྱིས་གློག་འདོན་སྤུས་ཚད་ལ་དམིགས་བསལ་གྱིས་རེ་བ་ཡོད་ན། གློག་འདོན་ཁེ་ལས་ཀྱིས་དེའི་དགོས་ངེས་རང་བཞིན་དང་གློག་དྲའི་དཔེ་སྲིད་པ་ལྟར་ལྟོས་དབང་གི་གློག་ཤུགས་འདོན་སྤྲོད་བྱ་དགོས།
དོན་ཚན་དགུ་པ། གློག་འདོན་ཁེ་ལས་ཀྱིས་གློག་སྤྲོད་དང་གློག་འདོན་མ་ལག་རྒྱུན་ལྡན་ཡིན་པའི་གནས་ཚུལ་འོག་ཏུ་རྒྱུན་མཐུད་ནས་སྤྱོད་མཁན་ལ་གློག་འདོན་དགོས། བར་མཚམས་མི་ཆོག གློག་འདོན་སྒྲིག་གཞི་ལ་ཞིབ་གཤེར་དང་ཁྲིམས་ལྟར་གློག་ཚད་བཀག་གམ་ཡང་ན་སྤྱོད་མཁན་གྱིས་ཁྲིམས་འགལ་གྱིས་གློག་བཀོལ་བ་སོགས་ཀྱིས་རྒྱུ་རྐྱེན་གྱིས་གློག་འདོན་པ་མཚམས་འཇོག་དགོས་ན། གློག་འདོན་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྔོན་ལ་སྤྱོད་མཁན་ལ་བརྡ་རྒྱག་དགོས།
སྤྱོད་མཁན་གྱིས་གློག་འདོན་ཁེ་ལས་ཀྱི་གློག་འདོན་མཚམས་བཞག་པ་ལ་བསམ་འཆར་ཡོད་ན། གློག་ཤུགས་དོ་དམ་སྡེ་ཁག་གཏུག་བཤེར་བྱས་ཆོག གཏུག་བཤེར་དང་ལེན་བྱེད་པའི་གློག་ཤུགས་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་སུམ་ཅུ། ཉེན་སྐྱོབ་སོགས་ཀྱི་དགོས་མཁོའི་ཆེད་དུ་འཕྲལ་མྱུར་གྱིས་གློག་འདོན་དགོས་སྐབས། གློག་འདོན་ཁེ་ལས་ཀྱིས་ངེས་པར་དུ་མགྱོགས་མྱུར་གྱིས་གློག་འདོན་བཀོད་སྒྲིག་བྱ་དགོས། སྤྲོད་དགོས་པའི་གློག་འདོན་ལས་གཞིའི་གླ་ཆ་དང་གཏོང་སྤྲོད་གློག་རིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།
དོན་སོ་གཅིག སྤྱོད་མཁན་གྱིས་གློག་བཀོལ་སྡོམ་རྩིས་སྒྲིག་གཞི་འཇོག་དགོས། སྤྱོད་མཁན་གྱིས་བེད་སྤྱོད་བྱེད་པའི་གློག་ཤུགས་ཀྱི་གློག་ཚད་དེ་སྡོམ་རྩིས་ཞིབ་གཤེར་ལས་ཁུངས་ཀྱིས་ཁྲིམས་ཀྱིས་ཁས་ལེན་པའི་གློག་བཀོལ་སྡོམ་རྩིས་སྒྲིག་གཞིའི་ཟིན་ཐོ་ཚད་གཞིར་འཛིན་དགོས།
སྤྱོད་མཁན་གྱིས་གློག་སྒྲིག་གཞིའི་ཇུས་འགོད་དང་ལས་འགོད་བཀོད་སྒྲིག་དང་འཁོར་སྐྱོད་དོ་དམ་དེ་རྒྱལ་ཁབ་ཀྱི་ཚད་གཞིའམ་གློག་འདོན་ལས་རིགས་ཚད་གཞི་དང་མཐུན་དགོས།
དོན་ཚན་སོ་གཉིས་པ། སྤྱོད་མཁན་གྱི་གློག་བཀོལ་དང་གློག་འདོན་ལ་གནོད་པ་བྱེད་མི་ཆོག ་པདང་། གློག་འདོན་དང་གློག་བཀོལ་སྒྲིག་གཞི་གཏོར་བརླག་བྱེད་མི་ཆོག
གློག་འདོན་དང་གློག་བཀོལ་བདེ་འཇགས་ལ་གནོད་པ་དང་གློག་འདོན་དང་གློག་བཀོལ་སྒྲིག་གཞི་ལ་གཏོར་བརླག་ཐེབས་ན། གློག་འདོན་ཁེ་ལས་ལ་བཀག་འགོག་བྱེད་དབང་ཆ་ཡོད།
དོན་ཚན་སོ་གསུམ་པ། གློག་འདོན་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱིས་ཞིབ་དཔྱད་བྱེད་པའི་གློག་རིན་དང་གློག་བཀོལ་སྡོམ་རྩིས་སྒྲིག་གཞིའི་ཟིན་ཐོ་ལྟར། སྤྱོད་མཁན་གྱི་ལག་ནས་གློག་རིན་བསྡུ་དགོས།
གློག་འདོན་ཁེ་ལས་ཀྱི་གློག་ཞིབ་གཤེར་མི་སྣ་དང་གློག་རིན་བསྡུ་མཁན་གྱིས་སྤྱོད་མཁན་ཚང་དུ་སོང་ནས། གློག་བཀོལ་བའི་བདེ་འཇགས་ལ་ཞིབ་གཤེར་རམ་ཡང་ན་གློག་རིན་བསྡུ་བའི་སྐབས་སུ། འབྲེལ་ཡོད་ཡིག་ཆ་སྟོན་དགོས།
སྤྱོད་མཁན་གྱིས་རྒྱལ་ཁད་ཀྱིས་གཏན་འབེབས་བྱེད་པའི་གློག་རིན་དང་གློག་སྡོམ་རྩིས་སྒྲིག་གཞིའི་ཟིན་ཐོནལྟར། དུས་ཐོག་ཏུ་གློག་རིན་སྤྲོད་དགོས། གློག་འདོན་ཁེ་ལས་གློག་ལ་ཞིབ་གཤེར་བྱེད་པའི་མི་སྣ་དང་གློག་རིན་བསྡུ་མཁན་གྱིས་ཁྲིམས་ལྟར་རང་གི་འོས་འགན་ལག་བསྟར་བྱེད་པའི་སྐབས་དུ་སྟབས་བདེ་སྐྲུན་དགོས།
དོན་ཚན་སོ་བཞི་པ། གློག་འདོན་ཁེ་ལས་དང་སྤྱོད་མཁན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་དགོས། བྱེད་ཐབས་ནུས་ལྡན་སྤྱད་ནས་གློག་བཀོལ་བ་དང་གྲོན་ཆུང་བྱེད་པ་དང་། འཆར་གཞི་ལྡན་པའི་གློག་བཀོལ་དགོས།
ས་བཅད་ལྔ་པ། གློག་རིན་དང་གློག་གི་གླ་ཆ།
དོན་ཚན་སོ་ལྔ་པ། ཁྲིམས་འདིའི་བཤད་བཞིན་པའི་གློག་རིན་ཞེས་པ་ནི་གློག་ཤུགས་ཐོན་སྐྱེད་ཁེ་ལས་ཀྱི་དྲ་ཞུགས་གློག་རིན་དང་གློག་དྲའི་བར་ཕན་ཚུན་འདོན་པའི་གློག་རིན་དང་གློག་དྲ་བཙིང་བའི་གློག་རིན་ལ་གོ
གློག་རིན་གཅིག་གྱུར་གྱི་སྲིད་ཇུས་དང་རིན་གོང་གཅིག་གྱུར་དང་རིམ་བགོས་དོ་དམ་ལག་བསྟར་བྱ་དགོས།
དོན་ཚན་སོ་དྲུག གློག་རིན་གཏན་འཁེལ་བྱེད་ན། ལུགས་མཐུན་གྱིས་མ་རྩ་ཁ་གསབ་བྱ་དགོས། ཁེ་སྤོགས་ལུགས་མཐུན་གྱིས་གཏན་འཁེལ་བྱ་དགོས། ཁྲིམས་ལྟར་ཁྲལ་བརྩི་དགོས། དྲང་བདེན་གྱིས་འགན་འཁུར་དགོས་གློག་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
དོན་ཚན་སོ་བདུན་པ། དྲ་ཞུགས་གློག་རིན་ནི་དྲ་གཅིག་སྤུས་འདྲ་རིན་མཉམ་ལག་བསྟར་བྱ་དགོས། ཞིབ་ཕྲའི་ཐབས་ལམ་དང་ལག་བསྟར་བྱེད་པའི་གོ་རིམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱེད་དགོས།
གློག་ཤུགས་ཐོན་སྐྱེད་ཁེ་ལས་ལ་དམིགས་བསལ་གྱིས་གནས་ཚུལ་ཡོད་ནས་དྲ་ཞུགས་གློག་རིན་གཏན་འཁེལ་བྱེད་དགོས་ན། ཞིབ་ཕྲའི་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་དགོས།
དོན་ཚན་སོ་བརྒྱད་པ། ཞིང་ཆེན་དང་རང་སྐྱོང་ཁུལ་དང་ཐད་གཏོགས་གྲོང་ཁྱེར་མངའ་ཁོངས་བརྒལ་ནས་གློག་དྲ་དང་ཞིང་ཆེན་རིམ་པའི་གློག་དྲའི་ནང་ཁུལ་གྱི་དྲ་ཞུགས་གློག་རིན་དེ་གློག་ཤུགས་ཐོན་སྐྱེད་ཁེ་ལས་དང་གློག་དྲ་བདག་གཉེར་ཁེ་ལས་གྲོས་མོལ་བྱེད་ནས་འཆར་གཞི་འདོན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དངོས་ཟོག་རིན་གོང་སྲིད་འཛིན་དོ་དམ་སྡེ་ཁག་ལ་སྙན་ཞུ་བྱེད་ནས་ཞིབ་དཔྱད་བྱ་དགོས།
རང་རྐྱང་ཐུབ་པའི་གློག་དྲའི་ནང་ཁུལ་གྱི་གློག་ཞུགས་གློག་རིན་དེ་ནི་གློག་ཤུགས་ཐོན་སྐྱེད་ཁེ་ལས་དང་གློག་དྲ་བདག་གཉེར་ཁེ་ལས་ཀྱིས་གྲོས་མོལ་བྱེད་ནས་འཆར་གཞི་འདོན་དགོས། དོ་དམ་དབང་ཆ་ཡོད་པའི་དངོས་ཟོག་རིན་གོང་སྲིད་འཛིན་དོ་དམ་ལ་སྙན་ཞུ་བྱེད་ནས་ཞིབ་དཔྱད་བྱ་དགོས།
ས་གནས་ཀྱིས་མ་རྩ་བཞག་པའི་གློག་ཤུགས་ཐོན་སྐྱེད་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པའི་གློག་ཤུགས། ཞིང་ཆེན་ནང་ཁུལ་ནས་རང་རྐྱ་ཐུབ་པའི་གློག་དྲའམ་ཡང་ན་རང་འདོན་རང་སྤྱོད་བྱེད་ན། དེའི་གློག་རིན་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དོ་དམ་བྱ་དགོས།
དོན་ཚན་སོ་དགུ་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་གྱི་མངའ་ཁོངས་བརྒལ་ནས་གློག་དྲ་དང་རང་རྐྱ་ཐུབ་པའི་གློག་དྲའི་བར་དང་། ཞིང་ཆེན་རིམ་པའི་གློག་དྲི་དང་ཁེར་རྐྱང་གི་གློག་དྲའི་བར་ཕན་ཚུན་འདོན་སྤྲོད་བྱེད་པའི་གློག་རིན་དེ་ཕྱོགས་གཉིས་ཀའི་གྲོས་གཞི་བཏོན་ནས་འཆར་གཞི་འདོན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དངོས་ཟོག་རིན་གོང་སྲིད་འཛིན་དོ་དམ་སྡེ་ཁག་གམ་ཡང་ན་དེའི་དབང་བསྩལ་བའི་ལས་ཁུངས་ལ་སྙན་ཞུ་བྱེད་ནས་ཆོག་མཆན་འགོད་དགོས།
རང་རྐྱ་ཐུབ་པའི་གློག་དྲ་ཕན་ཚུན་བར་ལ་འདོན་སྤྲོད་བྱེད་པའི་གློག་རིན་དེ་ཕྱོགས་གཉིས་ཀས་གྲོས་མོལ་བྱེད་ནས་འཆར་འགོད་བྱེད་དགོས། དོ་དམ་དབང་ཆ་ལྡན་པའི་དངོས་ཟོག་སྲིད་འཛིན་དོ་དམ་སྡེ་ཁག་ལ་སྙན་ཞུ་བྱེད་ནས་ཆོག་མཆན་འགོད་དགོས།
དོན་ཚན་བཞི་ཅུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མངའ་ཁོངས་བརྒལ་བའི་གློག་དྲ་དང་ཞིང་ཆེན་རིམ ་པའི་གློ་དྲ་བཙོང་བའི་གློག་རིན་དེ། གློག་དྲ་བདག་གཉེར་ཁེ་ལས་ཀྱིས་འཆར་གཞི་འདོན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁོངས་དངོས་ཟོག་རིན་གོང་དོ་དམ་སྡེ་ཁག་གམ་ཡང་ན་དེའི་དབང་བསྩལ་བའི་ལས་ཁུངས་ལ་སྙན་ཞུ་བྱེད་ནས་ཆོག་མཆན་འགོད་དགོས།
རང་རྐྱ་ཐུབ་པའི་གློག་དྲ་བཙོང་བའི་གློག་རིན་ནི་གློག་དྲ་བདག་གཉེར་ཁེ་ལས་ཀྱིས་འཆར་གཞི་བཏོན་ནས། དོ་དམ་དབང་ཆ་ལྡན་པའི་དངོས་ཟོག་རིན་གོང་སྲིད་འཛིན་དོ་དམ་སྡེ་ཁག་ལ་སྙན་ཞུ་བྱེད་ནས་ཆོག་མཆན་འགོད་དགོས།
དོན་ཚན་ཞེ་གཅིག རྒྱལ་ཁབ་ཀྱིས་གློག་རིན་རིགས་དབྱེ་དང་གློག་རིན་དུས་དབྱེ་ལག་བསྟར་བྱ་དགོས། རིགས་དབྱེ་ཚད་གཞི་དང་དུས་དབྱེའི་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱ་དགོས།
གློག་དྲ་གཅིག་ཁྲོད་ཀྱི་གློག་གནོན་རིམ་པ་འདྲ་བ་དང་། གློག་རིགས་འདྲ་བ་སྤྱོད་མཁན་ལ་གློག་རིན་ཚད་གཞི་འདྲ་མཚུངས་ལག་བསྟར་བྱ་དགོས།
དོན་ཚན་ཞེ་གཉིས། སྤྱོད་མཁན་གྱིས་གློག་བཀོལ་བའི་ཚད་ཇེ་ཆེར་གཏོང་ན་གླ་ལེན་པའི་ཚད་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དངོས་ཟོག་རིན་གོང་སྲིད་འཛིན་དོ་དམ་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གློག་ཤུགས་དོ་དམ་སྡེ་ཁག་གིས་མཉམ་དུ་གཏན་འཁེལ་བྱ་དགོས།
དོན་ཚན་ཞེ་གསུམ་པ། ལས་ཁུངས་གང་རུང་གིས་གློག་རིན་དོ་དམ་ཚད་བཀག་བྱེད་པའི་གློག་རིན་བརྒལ་མི་ཆོག གློག་འདོན་ཁེ་ལས་ཀྱིས་རང་འཐད་ཀྱིས་གློག་རིན་ལ་འགྱུར་བ་གཏོང་མི་ཆོག
དོན་ཚན་ཞེ་བཞི། ལས་ཁུངས་དང་མི་སྒེར་གང་རུང་གིས་གློག་རིན་ཁྲོད་གླ་ཆ་གཞན་དག་སྣོན་པར་བཀག་འགོག་བྱ་དགོས། འོན་ཀྱང་། ཁྲིམས་ལུགས་དང་སྲིད་འཛིན་སྒྲིག་སྲོལ་གྱིས་གཏན་འབེབས་གཞན་ཡོད་པ་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།
ས་གནས་ཀྱིས་མ་རྩ་བསྡུས་ནས་གློག་འདོན་གྱིས་གློག་རིན་ཁྲོད་གླ་ཆ་བསྣན་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་གཏན་འབེབས་ལྟར་ཐབས་ལམ་སྐྲུན་དགོས།
གློག་འདོན་ཁེ་ལས་ཀྱིས་གློག་རིན་ལེན་པའི་སྐབས་སུ་གླ་ཆ་གཞན་དག་ཚབ་ལེན་བྱེད་པ་བཀག་འགོག་བྱ་དགོས།
དོན་ཚན་ཞེ་ལྔ་པ། གློག་རིན་དོ་དམ་གྱི་ཐབས་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་འདི་ལྟར་གཏན་འཁེལ་བྱ་དགོས།
ས་བཅད་དྲུག་པ། ཞིང་གྲོང་གི་གློག་ཤུགས་འཛུགས་སྐྲུན་དང་ཞིང་ལས་ལ་བཀོལ་བའི་གློག
དོན་ཚན་ཞེ་དྲུག ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཞིངགྲོང་གློག་ཤུགས་ཅན་འཕེལ་རྒྱས་ཀྱི་འཆར་གཞི་བཟོ་དགོས་པ་མ་ཟད། དེ་ས་ཁུལ་གློག་ཤུགས་འཕེལ་རྒྱས་འཆར་འགོད་དང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ཁྲོད་འཇོག་དགོས།
དོན་ཚན་ཞེ་བདུན་པ། རྒྱལ་ཁབ་ཀྱིས་ཞིང་གྲོང་གི་གློག་ཤུགས་ཅན་ལ་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱ་དགོས། གྲངས་ཉུང་མི་རིགས་ས་ཁུ་དང་མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་གྱི་ཞིང་གྲོང་གློག་ཤུགས་འཛུགས་སྐྲུན་ལ་རོགས་སྐྱོར་གལ་ཆེན་བྱ་དགོས།
དོན་ཚན་ཞེ་བརྒྱད་པ། རྒྱལ་ཁབ་ཀྱིས་ཞིང་གྲོང་ནས་ཆུ་ནུས་ཐོན་ཁུངས་གསར་སྤེལ་བྱེད་པར་སྐུལ་ནས། ཆུ་གློག་ས་ཚིགས་ཆུང་འབྲིང་འཛུགས་སྐྲུན་བྱེད་ནས། ཞིང་གྲོང་གློག་ཤུགས་ཅན་ལ་སྐུལ་འདེད་བྱ་དགོས།
རྒྱལ་ཁབ་ཀྱིས་ཞིང་གྲོང་གིས་ཉི་ནུས་དང་རླུང་ནུས། ས་ནུས་དང་། སྐྱེ་དངོས་ནུས་པ་དང་ནུས་ཁུངས་གཞན་དག་བེད་སྤྱད་ནས་ཞིང་གྲོང་གློག་ཁུངས་འཛུགས་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་ནས། ཞིང་གྲོང་གི་གློག་འདོན་སྤྲོད་ཇེ་མང་གཏོང་དགོས།
དོན་ཚན་ཞེ་དགུ རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་དཔལ་འབྱོར་ཕྱོགས་བསྡུས་དོ་དམ་སྡེ་ཁག་གིས་གློག་བཀོལ་ཕྱོགས་སྟོན་བཀོད་སྒྲིག་བྱེད་སྐབས། ཞིང་ལས་དང་ཞིང་གྲོང་གི་གློག་བཀོལ་བསྡུར་ཚད་འོས་འཚམ་ཡིན་པ་ཁག་ཐེག་བྱ་དགོས། ཞིང་གྲོང་གི་ཆུ་ལོག་བཀོག་པ་དང་ཐན་འགོག་དང་ཞིང་ལས་ཀྱི་དུས་ཚིགས་རང་བཞིན་གྱི་གློག་བཀོལ་བར་དམིགས་སུ་བཀལ་ནས་ཁག་ཐེག་བྱ་དགོས།
གློག་འདོན་ཁེ་ལས་ཀྱིས་གོང་གསལ་གྱི་གློག་བཀོལ་བཀོད་སྒྲིག་བྱེད་སྐབས། ཞིང་ལས་དང་ཞིང་གྲོང་གི་གློག་བཀོལ་ཕྱོགས་སྟོན་ཇེ་ཉུང་གཏོང་མི་ཆོག
དོན་ཚན་ལྔ་ཅུ། ཞིང་ལས་ལ་བཀོལ་པའི་གློག་རིན་ནི་མ་རྩ་ཡོད་པ་དང་ཁེ་སྤོགས་ཉུང་ངུའི་རྩ་དོན་ལྟར་གཏན་འཁེལ་བྱ་དགོས།
ཞིང་བའི་འཚོ་བ་ལ་བཀོལ་བའི་གློག་དང་ས་གནས་དེའི་གྲོང་རྡལ་སྡོད་དམངས་ཀྱི་འཚོ་བ་ལ་བཀོལ་བའི་གློག་དེ་རིམ་བཞིན་གློག་རིན་འདྲ་མཚུངས་ཡིན་པ་ལག་བསྟར་བྱ་དགོས།
དོན་ཚན་ང་གཅིག ཞིང་ལས་དང་ཞིང་གྲོང་གི་གློག་བཀོལ་བའི་དོ་དམ་ཐབས་ལམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་འདི་ལྟར་ལག་བསྟར་བྱ་དགོས།
ས་བཅད་བདུན་པ། གློག་ཤུགས་སྒྲིག་གཞི་སྲུང་སྐྱོབ།
དོན་ཚན་ང་གཉིས། ལས་ཁུངས་དང་མི་སྒེར་གང་རུང་གིས་གློག་འདོན་སྒྲིག་གཞི་དང་གློག་འགྱུར་སྒྲིག་གཞི་དང་གློག་ཤུགས་སྐུད་ལམ་སྒྲིག་གཞི་དང་དེའི་འབྲེལ་ཡོད་གཞོགས་འདེགས་སྒྲིག་གཞི་ལ་གནོད་པ་བྱས་མི་ཆོག
གློག་ཤུགས་སྒྲིག་གཞིའི་མཐའ་ཁོར་ནས་འབར་གཏོར་དང་གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་པའི་ལས་ཀ་གཞན་དག་བྱེད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་ཤུགས་སྒྲིག་གཞི་སྲུང་སྐྱོབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཆོག་མཆན་བཀོད་པ་མ་ཟད་གློག་ཤུགས་སྒྲིག་གཞི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྤྱད་རྗེས་ལས་ཀ་ལས་ཀ་སྒྲུབ་དགོས།
དོན་ཚན་ང་གསུམ་པ། གློག་ཤུགས་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་ཤུགས་སྒྲིག་གཞི་སྲུང་སྐྱོབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། གློག་ཤུགས་སྒྲིག་གཞི་སྲུང་སྐྱོབ་ཁུལ་ལ་རྟགས་འཇོག་དགོས།
ལས་ཁུངས་དང་མི་སྒེར་གང་རུང་གིས་ཁྲིམས་ལྟར་བགོས་་པའི་གློག་ཤུགས་སྒྲིག་གཞི་སྲུང་སྐྱོབ་ཁུལ་དུ་གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་སྲིད་པའི་འཛུགས་སྐྲུན་བྱེད་མི་ཆོག གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་སྲིད་པའི་སྐྱེ་དངོས་འདེབས་མི་ཆོག གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་སྲིད་པའི་དངོས་ཟོག་སྤངས་མི་ཆོག
ཁྲིམས་ལྟར་བགོས་པའི་གློག་ཤུགས་སྒྲིག་གཞིའི་སྲུང་སྐྱོབ་ཁུལ་རུ་སྐྱེ་དངོས་བཙུགས་ནས་གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་ན། དེ་འབྲེག་པའམ་གཅོད་དགོས།
དོན་ཚན་ང་བཞི། ལས་ཁུངས་དང་མི་སྒེར་གང་རུང་གིས་ཁྲིམས་ལྟར་བགོས་པའི་གློག་ཤུགས་སྒྲིག་གཞིའི་སྲུང་སྐྱོབ་ཁུལ་དུ་གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱེད་སྐབས། གློག་ཤུགས་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་མ་ཟད་བདེ་འཇགས་བྱེད་ཐབས་སྤྱད་རྗེས་ལས་ཀ་སྒྲུབ་དགོས།
དོན་ཚན་ང་ལྔ། གློག་ཤུགས་སྒྲིག་གཞིདང་སྤྱི་སྤྱོད་བཟོ་སྐྲུན་དང་ལྗང་འགྱུར་བཟོ་སྐྲུན་དང་བཟོ་སྐྲུན་གཞན་དག་གསར་སྐྲུན་དང་བསྐྱར་སྐྲུན་ནམ་ཡང་ན་རྒྱས་སྐྲུན་བྱེད་སྐབས་ཕན་ཚུན་ལ་བཀག་འགོག་བྱེད་ན། འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གྲོས་མོལ་བྱེད་ནས་གྲོས་མཐུན་བྱུང་རྗེས་ལས་བཟོ་བྱས་ཆོག
ས་བཅད་བརྒྱད་པ། ལྟ་སྐུལ་ཞིབ་གཤེར།
ས་བཅད་ལྔ་དྲུག གློག་ཤུགས་དོ་དམ་སྡེ་ཁག་གིས་ཁྲིམས་ཀྱིས་ལྟར་གློག་ཤུགས་ཁེ་ལས་དང་སྤྱོད་མཁན་གྱིས་གློག་ཤུགས་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་གཤེར་བྱ་དགོས།
དོན་ཚན་ང་བདུན་པ། གློག་ཤུགས་དོ་དམ་སྡེ་ཁག་གིས་ལས་ཀའི་དགོས་མཁོ་ལྟར། གློག་ཤུགས་ལྟ་སྐུལ་ཞིབ་གཤེར་མི་སྣ་བཀོད་སྒྲིག་བྱས་ཆོག
གློག་ཤུགས་ལྟ་སྐུལ་དོ་དམ་མི་སྣ་དེ་གཞུང་དྲང་གཙང་སྤྱོད་དང་། ཁྲིམས་སྤྱོད་དྲང་བཞག་ཡིན་དགོས། གློག་ཤུགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་ཆ་རྒྱུས་ཡོད་པ། གློག་ཤུགས་ཆེད་ལས་ལག་རྩལ་ལ་བྱང་ཆ་ཡོད་དགོས།
དོན་ཚན་ང་བརྒྱད། གློག་ཤུགས་ལྟ་སྐུལ་ཞིབ་གཤེར་མི་སྣས་ལྟ་སྐུལ་ཞིབ་གཤེར་བྱེད་སྐབས། གློག་ཤུགས་ཁེ་ལས་སམ་ཡང་ན་སྤྱོད་མཁན་ལ་གློག་ཤུགས་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་བསྟར་གྱི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། འབྲེལ་ཡོད་རྒྱུ་ཆ་ཀློག་པའི་དབང་ཆ་ཡོད་པ་མ་ཟད། ཡུལ་དངོས་སོང་ནས་ཞིབ་གཤེར་བྱེད་པའི་དབང་ཆ་ཡོད།
གློག་ཤུགས་ཁེ་ལས་དང་སྤྱོད་མཁན་གྱིས་ལྟ་སྐུལ་ཞིབ་གཤེར་གྱི་འོས་འགན་ལག་བསྟར་བྱེད་བཞིན་པའི་གློག་ཤུགས་ལྟ་སྐུལ་ཞིབ་གཤེར་མི་སྣ་ལ་སྟབས་བདེ་སྐྲུན་དགོས།
གློག་ཤུགས་ལྟ་སྐུལ་ཞིབ་གཤེར་མི་སྣས་ལྟ་སྐུལ་ཞིབ་གཤེར་བྱེད་པའི་སྐབས་སུ་དཔང་ཡིག་སྟོན་དགོས།
ས་བཅད་དགུ་པ། ཁྲིམས་ལུགས་འགན་འཁྲི།
དོན་ཚན་ང་དགུ གློག་ཤུགས་ཁེ་ལས་སམ་ཡང་ན་སྤྱོད་མཁན་གྱིས་འདོན་སྤྲོད་གན་རྒྱ་དང་འགལ་ནས། ཕྱོགས་གཞན་པ་ལ་གྱོང་གུན་བཟོས་ན་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།
གློག་ཤུགས་ཁེ་ལས་ཀྱིས་ཁྲིམས་འདིའི་དོན་ཚན་ཉེར་བརྒྱ་དང་དོན་ཚན་ཉེར་དགུའི་ཚན་པ་དང་པོའི་གཏན་འབེབས་དང་འགལ་ནས། གློག་འདོན་སྤུས་ཚད་ཁག་ཐེག་མ་བྱེད་པའམ་ཡང་ན་སྔོན་ལ་སྤྱོད་མཁན་ལ་གློག་འདོན་མཚམས་འཇོག་པའི་བརྡ་མ་རྒྱབ་པར། སྤྱོད་མཁན་ལ་གནོད་པ་བཟོས་ན། ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།
དོན་ཚན་དྲུག་ཅུ། གློག་ཤུགས་འཁོར་སྤྱོད་དོན་རྐྱེན་གྱིས་དབང་གིས་སྤྱོད་མཁན་ནམ་ཡང་ན་མི་གཞན་པ་ལ་གནོད་པ་བཟོས་ན། གློག་ཤུགས་ཁེ་ལས་ཀྱིས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།
གློག་ཤུགས་འཁོར་སྐྱོད་དོན་རྐྱེན་ནི་གཤམ་གསལ་གྱི་རྒྱུ་རྐྱེན་གཅིག་ལས་བཟོས་པ། གློག་ཤུགས་ཁེ་ལས་ཀྱིས་སྐྱིན་ཚབ་འཇལ་བའི་འགན་འཁུར་མི་དགོས།
(གཅིག)འགོག་ཐབས་མེད་པ།
(གཉིས།)སྤྱོད་མཁན་རང་སྟེང་ན་ནོར་འཁྲུལ་ཡོད་པ།
སྤྱོད་མཁན་ནམ་ཡང་ན་མི་གཞན་པས་ནོར་འཁྲུལ་གྱིས་དབང་གིས་གློག་ཤུགས་ཁེ་ལས་སམ་ཡང་ན་སྤྱོད་མཁན་གཞན་དག་གནོད་པ་བཟོས་ན། སྤྱོད་མཁན་དེའམ་ཡང་ན་མི་གཞན་པས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།
དོན་ཚན་རེ་གཅིག་པ། ཁྲིམས་འདིའི་དོན་ཚན་བཅུ་གཅིག་པའི་ཚན་པ་གཉིས་པའི་གཏན་འབེབས་དང་འགལ་ནས། ཁྲིམས་འགལ་གྱིས་གློག་འགྱུར་སྒྲིག་གཞིའི་ས་དང་གློག་འདྲེན་སྐུད་ལམ་མམ་ཡང་ན་གློག་ཐག་འདྲེན་ལམ་བཙན་བཟུང་བྱེད་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བཀའ་ཕབ་ནས་དུས་བཅད་ཁྲོད་དག་བཅོས་བྱ་དགོས། དུས་བརྒལ་ནས་དག་བཅོས་མ་བྱེད་ན། བཙན་ཤེད་ཀྱིས་བཀག་འགོག་སེལ་དགོས།
དོན་ཚན་རེ་གཉིས་པ། ཁྲིམས་འདིའི་དོན་ཚན་བཅུ་བཞི་པའི་གཏན་འབེབས་དང་འགལ་ནས། གློག་ཤུགས་འཛུགས་སྐྲུན་ལས་དེ་གློག་ཤུགས་འཕེལ་རྒྱས་འཆར་འགོད་དང་ཐོན་ལས་སྲིད་ཇུས་དང་མི་མཐུན་ན། གློག་ཤུགས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་འཛུགས་སྐྲུན་མཚམས་འཇོག་དགོས།
ཁྲིམས་འདིའི་དོན་ཚན་བཅུ་བཞིའི་གཏན་འབེབས་དང་འགལ་ནས། གློག་ཤུགས་འཛུགས་སྐྲུན་ལས་གཞིས་རྒྱལ་ཁབ་གཏོར་དགོས་པའི་གསལ་བོ་བྱེད་པའི་གློག་ཤུགས་སྒྲིག་གཞི་དང་ལག་རྩལ་བཀོལ་ན། གློག་ཤུགས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་དགོས། རྒྱལ་ཁབ་ཀྱིས་གཏོར་དགོས་པ་གསལ་བཽ་བྱེད་པའི་གློག་ཤུགས་སྒྲིག་ཆས་གཞུང་བཞེས་བྱེད་དགོས་པ་མ་ཟད། སྒོར་ཁྲི་ལྔའི་མན་གྱི་ཆད་པ་གཅོད་དགོས།
དོན་ཚན་རེ་གསུམ་པ། ཁྲིམས་འདིའི་དོན་ཚན་ཉེར་ལྔའི་གཏན་འབེབས་དང་འགལ་ནས། ཆོག་མཆན་མ་ཐོབ་པར། གློག་འདོན་ནམ་ཡང་ན་གློག་འདོན་བདག་གཉེར་ཁུལ་འགྱུར་བ་གཏོང་ན། གློག་ཤུགས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱ་དགོས། ཁྲིམས་འགལ་གྱི་ཐོབ་བྱ་གཞུང་བཞེས་བྱ་དགོས་པ་མ་ཟད། ཁྲིམས་འགལ་ཐོབ་བྱའི་ལྡབ་ལྔའི་མན་གྱི་ཆད་པ་གཅོད་དགོས།
དོན་ཚན་རེ་བཞི་པ། ཁྲིམས་འདིའི་དོན་ཚན་ཉེར་དྲུག་པ་དང་ཉེར་དགུ་པའི་གཏན་འབེབས་དང་འགལ་ནས། གློག་འདོན་སྤྲོད་མི་བྱེད་པའམ་ཡང་ན་འདོན་མཚམས་བཞག་ན། གློག་ཤུགས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱ་དགོས། གསལ་འདེབས་བྱ་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། འབྲེལ་ཡོད་དོ་དམ་མི་སྣ་དང་ཐད་ཀའི་འགན་འཁུར་བ་ལ་སྲིད་འཛིན་ཆད་གཅོད་བྱ་དགོས།
དོན་ཚན་རེ་ལྔ། ཁྲིམས་འདིའི་དོན་ཚན་སོ་གཉིས་པའི་གཏན་འབེབས་དང་འགལ་ནས། གློག་འདོན་དང་གློག་བཀོལ་བའི་བདེ་འཇགས་ལ་གནོད་པའམ་ཡང་ན་གློག་འདོན་དང་གློག་བཀོལ་བའི་སྒྲིག་སྲོལ་ཞ་གཏོར་བརླག་ཐེབས་ན། གློག་ཤུགས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱ་དགོས། གསལ་འདེབས་བྱ་དགོས། གནས་ཚུལ་ཚབས་ཆེན་ཡིན་པའམ་ཡང་ན་དག་བཅོས་མི་བྱེད་ན། གློག་འདོན་པ་མཚམས་བཞག་ཆོག་པ་མ་ཟད། སྒོར་ཁྲི་ལྔ་མན་ཆད་ཀྱི་ཆད་པ་བཅད་ཆོག
དོན་ཚན་རེ་དྲུག་པ། ཁྲིམས་འདིའི་དོན་ཚན་སོ་གསུམ་དང་ཞེ་གསུམ། ཞེ་བཞི་བཅས་ཀྱི་གཏན་འབེབས་དང་འགལ་ནས། རྒྱལ་ཁབ་ཀྱིས་ཞིབ་དཔྱད་བྱེད་པའི་གློག་རིན་དང་གློག་བཀོལ་བའི་ཚད་སྡོམ་རྩིས་བཀོད་སྒྲིག་ཟིན་ཐོ་ལྟར་སྤྱོད་མཁན་ནས་གློག་རིན་ལེན་པ་མ་ཡིན་པ་དང་། ཚད་བཀག་བྱེད་པའི་གློག་རིན་ལས་བརྒལ་བའམ་ཡང་ན་གློག་རིན་གྱི་ཁྲོད་དུ་གླ་ཆ་གཞན་དག་ལེན་པ། དངོས་ཟོག་དོ་དམ་སྡེ་ཁག་གིས་གསལ་འདེབས་བྱ་དགོས། ཁྲིམས་འགལ་གྱིས་བསྡུ་བའི་གླ་ཆ་ཕྱིར་སྤྲོད་དགོས་པའི་བཀའ་ཕབ་དགོས་པ་མ་ཟད། ཁྲིམས་འགལ་གྱིས་བསྡུས་བའི་གླ་ཡོན་གྱི་ལྡབ་ལྔའི་མན་གྱི་ཆད་པ་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན། འབྲེལ་ཡོད་དོ་དམ་མི་སྣ་དང་ཐད་ཀའི་འགན་འཁུར་བ་ལ་སྲིད་འཛིན་ཆད་གཅོད་བྱ་དགོས།
དོན་ཚན་རེ་བདུན་པ། ཁྲིམས་འདིའི་དོན་ཚན་ཞེ་དགུ་བའི་ཚན་པ་གཉིས་པའི་གཏན་འབེབས་དང་འགལ་ནས། ཞིང་ལས་དང་ཞིང་གྲོང་གི་གློག་བཀོལ་ཚད་ཇེ་ཉུང་གཏོང་ན། གློག་ཤུགས་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱ་དགོས། གནས་ཚུལ་ཚབས་ཆེན་ཡིན། འབྲེལ་ཡོད་དོ་དམ་མི་སྣ་དང་ཐད་ཀའི་འགན་འཁུར་བལ་སྲིད་འཛིན་ཆད་གཅོད་བྱ་དགོས། གྱོད་གུན་བྱེད་ཡོབ་ན་སྐྱིན་ཚབ་འཇལ་བའི་བཀའ་ཕབ་དགོས།
དོན་ཚན་རེ་བརྒྱད་པ། ཁྲིམས་འདིའི་དོན་ཚན་ང་གཉིས་པའི་ཚན་པ་གཉིས་པ་དང་དོན་ཚན་ང་བཞི་པའི་གཏན་འབེབས་དང་འགལ་ནས། ཆོག་མཆན་མ་ཐོབ་པའམ་ཡང་ན་བདེ་འཇགས་ཀྱི་བྱེད་ཐབས་མ་སྤྱད་པར་གློག་ཤུགས་སྒྲིག་གཞིའི་མཐའ་འཁོར་རམ་ཡང་ན་ཁྲིམས་ལྟར་དབྱེ་བའི་སྒྲིག་ཤུགས་སྒྲིག་གཞིའི་སྲུང་སྐྱོབ་ཁུལ་ནས་ལས་ཀ་བྱེད་ནས། གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་པ། གློག་ཤུགས་དོ་དམ་སྡེ་ཁག་བཀའ་ཕབ་ནས་ལས་ཀ་བྱེད་མཚམས་འཇོག་དགོས། སྔར་ཡོད་རྣམ་པ་བསྐྱར་གསོ་བྱེད་དགོས་པ་མ་ཟད་གྱོད་གུན་སྐྱིན་ཚབ་འཇལ་དགོས།
དོན་ཚན་རེ་དགུ་པ། ཁྲིམས་འདིའི་དོན་ཚན་ང་གསུམ་པའི་གཏན་འབེབས་དང་འགལ་ནས། ཁྲིམས་ལྟར་བགོས་པའི་གློག་ཤུགས་སྒྲིག་གཞི་སྲུང་སྐྱོབ་ཁུལ་ནས་འཛུགས་སྐྲུན་བྱེད་པའམ་ཡང་ན་སྐྱེ་དངོས་འཛུགས་པ་དང་། དངོས་ཟོག་སྤངས་པ་སོགས་བྱེད་ནས་གློག་ཤུགས་སྒྲིག་གཞིའི་བདེ་འཇགས་ལ་གནོད་ན། ས་གནས་སྲིད་གཞུང་གིས་ཞིག་པ་དང་འབྲེག་པ་དང་གཙང་སེལ་བྱེད་དགོས་པའི་བཀའ་ཕབ་དགོས།
དོན་ཚན་བདུན་ཅུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་གནས་ཚུལ་གཅིག་ལྡན་ན། བདེ་སྐྱོང་དོ་དམ་གྱི་ཆད་གཅོད་བྱ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྐྱོང་དོ་དམ་ཆད་གཅོད་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་དགོས། ཉེས་ཆད་གྲུབ་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
(གཅིག)གློག་ཤུགས་འཛུགས་སྐྲུན་ནམ་ཡང་ན་གློག་ཤུགས་སྒྲིག་གཞི་སྐྲུན་པར་བཀག་འགོག་བྱེད་ནས། གློག་ཤུགས་འཛུགས་སྐྲུན་ནམ་ཡང་ན་གློག་ཤུགས་སྒྲིག་གཞི་ཞིག་གསོ་དེ་རྒྱུན་ལྡན་ལྟར་གྲུབ་མི་ཐུབ་པ།
(གཉིས།)གློག་ཤུགས་ཐོན་སྐྱེད་ཁེ་ལས་དང་གློག་འགྱུར་ཁང་དང་། གློག་ཤུགས་ཏུའུ་སྙོམས་སྒྲིག་གཞི་དང་གློག་འདོན་ཁེ་ལས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་བྱེད་ནས། ཐོན་སྐྱེད་དང་ལས་དང་འཚོང་གཉེར་སོགས་རྒྱུན་ལྡན་བྱེད་མི་ཐུབ་པ།
(གསུམ།)འོས་འགན་སྒྲུབ་བཞིན་པའི་གློག་གཤེར་མི་སྣའམ་ཡང་ན་གླ་བསྡུ་མི་སྣ་ལ་རྡུང་བ་དང་དམའ་འབེབས་བྱེད་པ།
(བཞི།)གློག་ཤུགས་ལྟ་སྐུལ་ཞིབ་གཤེར་མི་སྣས་ཁྲིམས་ལྟར་འོས་འགན་ལག་བསྟར་ལ་བཀག་འགོག་དང་དང་ལེན་མི་བྱེད་པ།
དོན་ཚན་དོན་གཅིག གློག་ནུས་རྐུ་བ། གློག་ཤུགས་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་ཕབ་ནས། གློག་རིན་གསབ་སྤྲོད་བྱེད་དགོས་པ་མ་ཟད་སྤྲོད་དགོས་པའི་གློག་རིན་གྱི་ལྡབ་ལྔའི་མན་གྱི་ཆད་པ་གཅོད་དགོས། ཉེས་དོན་གྲུབ་ན། ཉེས་དོན་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
དོན་ཚན་དོན་གཉིས། གློག་ཤུགས་སྒྲིག་གཞི་རྐུ་བའམ་ཡང་ན་གློག་ཤུགས་སྒྲིག་གཞི་ལ་གཏོར་བརླག་བྱེད་ཐབས་ཀྱིས་ཐུན་མོང་གི་བདེ་འཇགས་ལ་གནོད་ན། ཉེས་དོན་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
དོན་ཚན་དོན་གསུམ། གློག་ཤུགས་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣས་འགན་དབང་རང་བྱུང་དུ་སྤྱོད་པ། ལས་འགན་སྣང་མེད་བྱེད་པ། ཉེ་ཕྱོགས་གཡོ་ཟོལ་བྱེད་ནས། ཉེས་དོན་གྲུབ་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས། ཉེས་དོན་གྲུབ་མེད་ན། ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱ་དགོས།
དོན་ཚན་དོན་བཞི། གློག་ཤུགས་ཁེ་ལས་ལས་བཟོ་བས་སྒྲིག་ཁྲིམས་དང་འགལ་པ་དང་། ཏུའུ་སྙོམས་འགལ་པའམ་ཡང་ན་ཏུའུ་སྙོམས་མཛུབ་སྟོན་ལ་ཁས་མི་ལེན་པར། དོན་རྐྱེན་ཚབས་ཆེན་བཟོས་ན། ཉེས་དོན་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
གློག་ཤུགས་ཁེ་ལས་ལས་བཟོ་པས་བསམ་བཟོས་ནས་གློག་ཤུགས་སྒྲིག་གཞི་ཞིག་གསོའམ་ཡང་ན་ཉེན་སྐྱོབ་གློག་འདོན་ལ་འགོར་འགྱངས་བྱེད་ནས། མཇུག་འབྲས་ཚབས་ཆེན་བཟོས་ན། ཉེས་དོན་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
གློག་ཤུགས་ཁེ་ལས་དོ་དམ་མི་སྣ་དང་གློག་བཤེར་མི་སྣ་དང་གླ་བསྡུ་མི་སྣས་སྤྱོད་མཁན་འཇིགས་སྐུལ་བྱེད་པ་དང་། གློག་ལས་སྒེར་ཇུས་བྱེད་པ་སོགས་བྱེད་ནས་ཉེས་དོན་གྲུབ་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས། ཉེས་དོན་གྲུབ་མེད་ན། ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱ་དགོས།
ས་བཅད་བཅུ་པ། ཟུར་བསྣན་དོན་ཚན།
དོན་ཚན་དོན་ལྔ་པ། ཁྲིམས་འདིའི་༡༩༩༦ལོའི་ཟླ་༤པའི་ཚེས་༡ཉིན་ནས་ལག་བསྟར་བྱ་དགོས།