ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་གྲངས་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-12-02  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་གྲངས་བཅའ་ཁྲིམས།

ཁོངས་གཏོགས་རིམ་པའི་རྣམ་གྲངས།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཅའ་ཁྲིམས་མཛོད་ཁང་།

ཁོངས་གཏོགས་རྣམ་གྲངས།དྲ་རྒྱ།

ཁོངས་གཏོགས་ས་ཁུལ།

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  

ཁྱབ་བསྒྲགས་ཡིག་རྟགས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁང་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སོ་ལྔ་པ།

ཁྱབ་བསྒྲགས་དུས་ཚོད། ༢༠༡༩ལོའི་ཟླ༡༠ཚེས༢༦ཉིན།

ནུས་ཆོད་དུས་ཚོད།༡༠༢༠ལོའི་ཟླ༡ཚེས༡ཉིན།

ནུས་མེད་དུས་ཚོད།

ནུས་ཤུགས་འདོན་ཚུལ།ནུས་ལྡན།

 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་གྲངས་བཅའ་ཁྲིམས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་བཅུ་བཞི་བའི་ཚོགས་འདུ་༢༠༡༩ལོའི་ཟླ༡༠ཚེས༢༦ཉིན་གྲོས་འཆམ་བྱུང་སྟེ་ཁྱབ་བསྒྲགས་བྱས། ༢༠༢༠ལོའི་ཟླ༡པའི་ཚེས༡ཉིན་ནས་ལག་བསྟར་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཞི་ཅིན་ཕིང་།

༢༠༡༨ལོའི་ཟླ༡༠ཚེས༢༦ཉིན།

 

དཀར་ཆག

ས་བཅད་དང་པོ།  སྤྱིའི་དོན་ཚན།

ས་བཅད་གཉིས་པ།  ལྟེ་བའི་གསང་གྲངས།  གསང་གྲངས་དཀྱུས་མ།

ས་བཅད་གསུམ་པ།  ཚོང་སྤྱོད་གསང་གྲངས།

ས་བཅད་བཞི་པ།  ཁྲིམས་ལུགས་འགན་འཁྲི།

ས་བཅད་ལྔ་བ།    ཞར་བྱུང་དོན་ཚན།

ས་བཅད་དང་པོ།  སྤྱིའི་དོན་ཚན།

དོན་ཚན་དང་པོ།  གསང་གྲངས་ཀྱི་བཀོད་སྤྱོད་དང་དོ་དམ་ཚད་ལྡན་ཡོང་ཆེད། གསང་གྲངས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད། དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་འགན་སྲུང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱིའི་ཁེ་ཕན་སྲུང་སྐྱོང་། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་པའི་ཁྲིམས་མཐུན་ཁེ་དབང་སྲུང་བའི་ཆེད་དུ་བཅའ་ཁྲིམས་འདི་གཏན་ལ་ཕབ།

 

དོན་ཚན་གཉིས་པ།  བཅའ་ཁྲིམས་འདིའི་ནང་གི་གསང་གྲངས་ཅེས་པ་ནི་ཆེད་བཙུགས་བརྗེ་སྤོར་བྱེད་ཐབས་སྤྱད་དེ་ཆ་འཕྲིན་སོགས་ལ་གསང་སྣོན་སྲུང་སྐྱོང་དང་བདེ་སྲུང་བདེན་དཔང་ར་སྤྲོད་བྱེད་པའི་ལག་རྩལ་དང་ཐོན་རྫས། ཞབས་ཞུ་ལ་གོ།

 

དོན་ཚན་གསུམ་པ།  གསང་གྲངས་ལས་དོན་གྱིས་རྒྱུན་འཁྱོངས་དང་། གཅིག་གྱུར་འགོ་ཁྲིད་དང་རིམ་བགོས་འགན་འཁུར། གསར་སྤེལ་འཕེལ་རྒྱས། ཡོངས་ཁྱབ་ལ་ཞབས་འདེགས། ཁྲིམས་ལྟར་དོ་དམ། བདེ་འཇགས་འགན་སྲུང་གི་རྩ་དོན་བརྩི་སྲུང་བྱ་དགོས།

 

དོན་ཚན་བཞི་པ།  ཀྲུང་གོ་གུང་ཁྲན་ཏང་གིས་གསང་གྲངས་ལས་དོན་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱ་དགོས། ཀྲུང་དབྱང་གསང་གྲངས་ལས་དོན་འགོ་འཛིན་ལས་ཁུངས་ཀྱིས་རྒྱལ་ཡོངས་གསང་གྲངས་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་ལག་བསྟར་བྱས་ཏེ་རྒྱལ་ཁབ་གསང་གྲངས་ལས་དོན་གྱི་ཐབས་ཇུས་སྲིད་ཇུས་ཆེན་པོ་བཙུགས་པ་དང་། རྒྱལ་ཁབ་གསང་གྲངས་ལས་དོན་གྱི་དོན་ཚན་གལ་ཆེན་དང་ལས་དོན་གཙོ་བོ་མཐུན་སྡེབ་བྱས་ཏེ་རྒྱལ་ཁབ་གསང་གྲངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་སྤེལ་བྱ་དགོས།

 

དོན་ཚན་ལྔ་པ།  རྒྱལ་ཁབ་གསང་གྲངས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གསང་གྲངས་ལས་དོན་དོ་དམ་བྱེད་པའི་འགན་ཁུར་དགོས། རྫོང་རིམ་པའི་གོང་གི་གསང་གྲངས་དོ་དམ་སྡེ་ཁག་སོ་སོས་རང་སྲིད་འཛིན་ས་ཁུལ་གྱི་གསང་གྲངས་ལས་དོན་དོ་དམ་གྱི་འགན་ཁུར་དགོས།

རྒྱལ་ཁབ་ཀྱི་ལས་ཁུངས་དང་གསང་གྲངས་ལས་དོན་ལ་འབྲེལ་བའི་ལས་ཁུངས་ཀྱིས་རང་གི་འོས་འགན་ཁྱབ་ཁོངས་ནས་རང་ལས་ཁུངས་སམ་རང་མ་ལག་གི་གསང་གྲངས་ལས་དོན་ལ་འགན་ཁུར་དགོས།

དོན་ཚན་དྲུག་པ།  རྒྱལ་ཁབ་ཀྱིས་གསང་གྲངས་ལ་རིགས་དབྱེ་དོ་དམ་ལག་བསྟར་བྱས།

གསང་གྲངས་ལ་དབྱེ་ན་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ། ཚོང་སྤྱོད་གསང་གྲངས་བཅས་ཡོད།

 

དོན་ཚན་བདུན་པ།  ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ་ནི་རྒྱལ་ཁབ་ཀྱི་གསང་བའི་ཆ་འཕྲིན་སྲུང་སྐྱོང་བྱེད་པར་སྤྱོད་པ་དང་། ལྟེ་བའི་གསང་གྲངས་ཀྱིས་སྲུང་བའི་ཆ་འཕྲིན་གྱི་ཆེས་མཐོ་བའི་ཚད་རིམ་ནི་གསང་བ་ཆེན་པོའི་ཚད་རིམ་ཡིན་པ་དང་། གསང་གྲངས་དཀྱུས་མས་སྲུང་བའི་ཆ་འཕྲིན་གྱི་ཆེས་མཐོ་བའི་ཚད་རིམ་ནི་གསང་བའི་ཚད་རིམ་ཡིན།

ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ་རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས། གསང་གྲངས་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་ལྟར་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མར་གཅིག་གྱུར་དོ་དམ་ནན་མོ་བྱ་དགོས།

 

དོན་ཚན་བརྒྱད་པ།  ཚོང་སྤྱོད་གསང་གྲངས་ནི་རྒྱལ་ཁབ་ཀྱི་གསང་བ་ལ་མི་གཏོགས་པའི་ཆ་འཕྲིན་སྲུང་བར་སྤྱོད།

སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་པས་ཁྲིམས་ལུགས་ལྟར་ཚོང་སྤྱོད་གསང་གྲངས་སྤྱད་དེ་དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་སྲུང་ན་ཆོག

 

དོན་ཚན་དགུ་པ།  རྒྱལ་ཁབ་ཀྱིས་གསང་གྲངས་ཚན་རིག་ལག་རྩལ་གྱི་ཞིབ་འཇུག་དང་བཀོལ་སྤྱོད་ལ་བསྟོད་སྐུལ་དང་རྒྱབ་སྐྱོར་བྱས་ཏེ་ཁྲིམས་ལུགས་ལྟར་གསང་གྲངས་ཁྱབ་ཁོངས་ཀྱིས་ཤེས་བྱའི་བདག་དབང་སྲུང་དགོས་ལ། གསང་གྲངས་ཀྱི་ཚན་རིག་ལག་རྩལ་ཡར་རྒྱས་དང་གསར་གཏོད་ཡོང་བར་སྐུལ་དགོས།

རྒྱལ་ཁབ་ཀྱིས་གསང་གྲངས་སྤྱོད་པའི་མི་འཇོན་ཐང་ཅན་གསོ་སྐྱོང་དང་རུ་དཔུང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གསང་གྲངས་ལས་དོན་ཁྲོད་དུ་བྱས་རྗེས་མི་དམན་པ་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་ལྟར་གཟེངས་བསྟོད་དང་བྱ་དགའ་གནང་དགོས།

 

དོན་ཚན་བཅུ་བ།  རྒྱལ་ཁབ་ཀྱིས་རྣམ་པ་གང་མང་སྤྱད་དེ་གསང་གྲངས་བདེ་འཇགས་སློབ་གསོ་ལ་ཤུགས་སྣོན་དགོས། གསང་གྲངས་བདེ་འཇགས་སློབ་གསོ་རྒྱལ་དམངས་སློབ་གསོ་མ་ལག་དང་གཞུང་ཞབས་མི་སྣའི་སློབ་གསོ་གསོ་སྦྱོང་མ་ལག་ནང་དུ་འཇུག་དགོས་ལ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་པའི་གསང་གྲངས་བདེ་འཇགས་འདུ་ཤེས་ཀྱི་ཤུགས་ཆེ་རུ་གཏོང་དགོས།

 

དོན་ཚན་བཅུ་གཅིག་པ།  རྫོང་རིམ་པའི་གོང་གི་མི་དམངས་སྲིད་གཞུང་གིས་གསང་གྲངས་ལས་དོན་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ནང་དུ་བཅུག་སྟེ་དགོས་བའི་འགྲོ་གྲོན་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་དུ་འཇོག་དགོས།

 

དོན་ཚན་བཅུ་གཉིས་པ།  རྩ་འཛུགས་སམ་མི་སྒེར་སུ་ཡིན་རུང་མི་གཞན་གྱིས་གསང་གྲངས་བཞག་སྟེ་སྲུང་བའི་ཆ་འཕྲིན་རྐུ་ཁྱེར་རམ་ཁྲིམས་འགལ་གྱིས་གཞན་གྱི་གསང་གྲངས་འགན་སྲུང་མ་ལག་ནང་དུ་འཛུལ་མི་ཆོག

རྩ་འཛུགས་སམ་མི་སྒེར་སུ་ཡིན་རུང་གསང་གྲངས་བེད་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱིའི་ཁེ་ཕན། མི་གཞན་པའི་ཁཻིམས་མཐུན་ཁེ་ཕན་སོགས་ལ་གནོད་པའི་ཁྲིམས་འགལ་ཉེས་ཆད་བྱ་འགུལ་སྒྲུབ་མི་ཆོག

 

ས་བཅད་གཉིས་པ།  ལྟེ་བའི་གསང་གྲངས།  གསང་གྲངས་དཀྱུས་མ།

དོན་ཚན་བཅུ་གསུམ་པ།  རྒྱལ་ཁབ་ཀྱིས་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་ཚན་རིག་འཆར་འགོད་དང་དོ་དམ། བཀོལ་སྤྱོད་ལ་ཤུགས་སྣོན་དགོས། ལམ་ལུགས་འཛུགས་སྐྲུན་ཤུགས་ཆེ་རུ་གཏོང་ནས་དོ་དམ་བྱེད་ཐབས་ཇེ་ལེགས་སུ་གཏོང་སྟེ་གསང་གྲངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཤུགས་ཆེ་རུ་གཏོང་དགོས།

 

དོན་ཚན་བཅུ་བཞི་པ།  སྐུད་ལྡན་དང་སྐུད་མེད་འབྲེལ་གཏུག་ཁྲོད་དུ་བརྒྱུད་པའི་རྒྱལ་ཁབ་ཀྱི་གསང་བའི་ཆ་འཕྲིན་དང་དེ་མིན་རྒྱལ་ཁབ་ཀྱི་གསང་བའི་ཆ་འཕྲིན་ཉར་ཚགས་དང་ཐག་གཅོད་བྱས་པའི་ཆ་འཕྲིན་མ་ལག་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་ལྟར་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ་སྤྱོད་པར་གསང་བསྣན་སྲུང་སྐྱོང་དང་བདེ་འཇགས་དཔང་དངོས་བདེན་པ་ཡིན་པར་ར་སྤྲོད་བྱ་དགོས།

 

དོན་ཚན་བཅོ་ལྔ་པ།  ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མར་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད། ཞབས་ཞུ། ཞིབ་དཔྱད་ཚད་ལེན། སྒྲིག་ཆས། བཀོལ་སྤྱོད་དང་མེད་པར་བཟོ་བ་སོགས་ཀྱི་ལས་དོན་སྒྲུབ་པའི་ལས་ཁུངསགཤམ་ནས་སྤྱི་མིང་ལ་གསང་གྲངས་ལས་དོན་ལས་ཁུངས་ཞེས་བྱ།་ཀྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་དང་དེ་མིན་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་ཚད་གཞིའི་རེ་འདུན་ལྟར་བདེ་འཇགས་དོ་དམ་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་སྟེ་གསང་སྦས་བྱེད་ཐབས་དང་གསང་སྦས་འགན་འཁྲི་ལམ་ལུགས་ནན་མོ་སྤྱད་དེ་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་བདེ་འཇགས་ཁག་ཐེག་བྱ་དགོས།

 

དོན་ཚན་བཅུ་དྲུག་པ།  གསང་གྲངས་དོ་དམ་སྡེ་ཁག་གིས་ཁྲིམས་ལུགས་ལྟར་གསང་གྲངས་ལས་དོན་ལས་ཁུངས་ཀྱི་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་ལས་དོན་ལ་མཛུབ་སྟོན་དང་ལྟ་རྟོག ཞིབ་བཤེར་བྱེད་ན་གསང་གྲངས་ལས་དོན་ལས་ཁུངས་ཀྱིས་མཐུན་སྦྱོར་བྱ་དགོས།

 

དོན་ཚན་བཅུ་བདུན་པ།  གསང་གྲངས་དོ་དམ་སྡེ་ཁག་གིས་ལས་ཀའི་དགོས་མཁོ་ལྟར་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་བདེ་འཇགས་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་བདེ་འཇགས་ཉེན་ཁ་དཔྱད་འཇོག ཆ་འཕྲིན་བརྡ་ཁྱབ། དོན་དག་གལ་ཆེན་གྲོས་མོལ་དང་མཁོ་བསྟུན་ཐག་གཅོད་སོགས་ཀྱི་རམ་འདེགས་སྒྲིག་གཞི་བཙུགས་ཏེ་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་བདེ་འཇགས་དོ་དམ་གྱི་གཅིག་གྱུར་མཉམ་འགུལ་དང་རིམ་ལྡན་ནུས་མཐོ་ཁག་ཐེག་བྱ་དགོས།

གསང་གྲངས་ལས་དོན་ལས་ཁུངས་ཀྱིས་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ་ཤོར་བའམ་ཡང་ན་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་གལ་ཆེན་དང་ཉེན་ཁ་ལྐོག་གྱུར་ཅན་ལྡན་པ་ཤེས་ན་དུས་ཐོག་ཏུ་དེར་མཐུན་གྱི་བྱེད་ཐབས་སྤྱད་དེ་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་དང་གསང་གྲངས་དོ་དམ་སྡེ་ཁག་ལ་སྙན་ཞུ་ཞུས་དགོས་ལ། གསང་སྲུང་སྲིད་འཛིན་སྡེ་ཁག་དང་གསང་གྲངས་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྩ་འཛུགས་བྱས་ཏེ་ཞིབ་བཤེར་དང་ཐག་གཅོད་བྱ་དགོས་ལ། དེ་མིན་འབྲེལ་ཡོད་ཀྱི་གསང་གྲངས་ལས་དོན་ལས་ཁུངས་ལ་མཛུབ་སྟོན་གྱིས་དུས་ཐོག་ཏུ་ཉེན་ཁ་ལྐོག་གྱུར་ཅན་མེད་པར་བྱ་དགོས།

 

དོན་ཚན་བཅོ་བརྒྱད་པ།  རྒྱལ་ཁབ་ཀྱིས་གསང་གྲངས་ལས་དོན་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རང་གི་ལས་ཀའི་འོས་འགན་ལག་བསྟར་བྱེད་པར་འགན་སྲུང་བྱ་དགོས།

རྒྱལ་ཁབ་ཀྱིས་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་ལས་དོན་ལ་མཁོ་ཞིང་བསྟུན་པའི་མི་སྣ་བསྡུ་ལེན་དང་བདམ་གསེས་སྐོང་འཐེན། གསང་སྲུང་། དཔྱད་ཞིབ། གསོ་སྦྱོང་། ལྟ་སྐྱོང་། བྱ་དགའ་ཆད་པ། བརྗེ་རེས། ཕྱིར་བཤོལ་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་དགོས།

 

དོན་ཚན་བཅུ་དགུ་པ།  གསང་གྲངས་དོ་དམ་སྡེ་ཁག་གིས་ལས་དོན་གྱི་དགོས་མཁོ་རྐྱེན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་ལྟར་སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན། མཚོ་ཁའི་འགག་སྒོ་སོགས་ཀྱི་སྡེ་ཁག་གིས་ལྟར་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ། འབྲེལ་ཡོད་དངོས་རྫས་དང་མི་སྣར་ཞིབ་བཤེར་བྱ་མི་དགོས་པའི་སྟབས་བདེ་བསྐྲུན་ཏེ་འབྲེལ་ཡོད་སྡེ་ཁག་གིས་རམ་འདེགས་བྱ་དགོས།

 

དོན་ཚན་ཉི་ཤུ་པ།  གསང་གྲངས་དོ་དམ་སྡེ་ཁག་དང་གསང་གྲངས་ལས་དོན་ལས་ཁུངས་ཀྱིས་ལྟ་རྟོག་དང་བདེ་འཇགས་ཞིབ་བཤེར་ལམ་ལུགས་ནན་མོ་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས་ལ། ལས་དོན་མི་སྣས་བཅའ་ཁྲིམས་དང་སྒྲིག་ལམ་སོགས་བརྩི་སྲུང་བྱས་པའི་གནས་ཚུལ་ལ་ལྟ་རྟོག་བྱས་ཏེ་ཁྲིམས་ལུགས་ལྟར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དུས་བཅད་དམ་དུས་བཅད་མིན་པར་བདེ་འཇགས་ཞིབ་བཤེར་སྤེལ་རྒྱུ་རྩ་འཛུགས་བྱ་དགོས།

 

ས་བཅད་གསུམ་པ།  ཚོང་སྤྱོད་གསང་གྲངས།

དོན་ཚན་ཉེར་གཅིག་པ།  རྒྱལ་ཁབ་ཀྱིས་ཚོང་སྤྱོད་གསང་གྲངས་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་དང་རིག་གཞུང་སྐོར་གྱི་བསམ་བློ་བརྗེ་རེས། གྲུབ་འབྲས་བསྒྱུར་སྤེལ་དང་ཁྱབ་གདལ་བཀོལ་སྤྱོད་བྱེད་པར་བསྟོད་སྐུལ་དང་། གཅིག་གྱུར་དང་འགྲན་རྩོད། གོ་རིམ་ལྡན་པའི་ཚོང་སྤྱོད་གསང་གྲངས་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་སྟེ་ཚོང་སྤྱོད་གསང་གྲངས་ཐོན་ལས་འཕེལ་རྒྱས་འགྲོ་བར་བསྟོད་སྐུལ་དང་སྐུལ་འདེད་གཏོང་དགོས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆུང་མེད་པའི་རྩ་དོན་སྲུང་སྟེ་ཁྲིམས་ལུགས་ལྟར་ཕྱིར་འཚོང་མ་རྐང་འཇོག་པའི་ཁེ་ལས་ནང་དུ་འདུ་བའི་ཚོང་སྤྱོད་གསང་གྲངས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། ཕྱིར་འཚོང་། ཞབས་ཞུ། ཕྱིར་གཏོང་ནང་འདྲེན་སོགས་ཀྱི་སྡེ་ཁག་འོག་ནས་སྤྱི་མིང་ལ་ཚོང་སྤྱོད་གསང་གྲངས་ལས་གཉེར་སྡེ་ཁག་ཅེས་འབོད།ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། རྒྱལ་ཁབ་ཀྱིས་ཕྱིར་འཚོང་མ་རྐང་འཇོག་པའི་བརྒྱུད་རིམ་ཁྲོད་དུ་རང་འདོད་གྱི་རྩ་དོན་དང་ཚོང་ལས་ཀྱི་འགྲོ་ལུགས་གཞིར་བཟུང་སྟེ་ཚོང་སྤྱོད་གསང་གྲངས་ལག་རྩལ་མཉམ་ལས་སྤེལ་བར་བསྟོད་སྐུལ་བྱ་དགོས། སྲིད་འཛིན་ལས་ཁུངས་དང་དེ་མིན་ལས་དོན་མི་སྣས་སྲིད་འཛིན་ཐབས་ཤེས་སྤྱད་དེ་ཚོང་སྤྱོད་གསང་གྲངས་ལག་རྩལ་བཙན་གྱིས་གཞན་ལ་བསྐོར་མི་ཆོག

ཚོང་སྤྱོད་གསང་གྲངས་ཀྱི་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད། ཕྱིར་འཚོང་། ཞབས་ཞུ་དང་ཕྱིར་གཏོང་ནང་འདྲེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱིའི་ཁེ་ཕན་ནམ་མི་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་གཏོང་མི་ཆོག

 

དོན་ཚན་ཉེར་གཉིས་པ།  རྒྱལ་ཁབ་ཀྱིས་ཚོང་སྤྱོད་གསང་གྲངས་ཚད་གཞིའི་མ་ལག་བཙུགས་ཏེ་ཇེ་ལེགས་སུ་གཏོང་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཚད་གཞི་ཅན་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྒྱལ་ཁབ་གསང་གྲངས་དོ་དམ་སྡེ་ཀག་གིས་རང་གི་འགན་འཁྲིར་གཞིར་བཟུང་སྟེ་ཚོང་སྤྱོད་གསང་གྲངས་རྒྱལ་ཁབ་ཀྱི་ཚད་ལྡན་དང་ལས་རིགས་ཀྱི་ཚད་ལྡན་འཛུགས་པར་རྩ་འཛུགས་བྱ་དགོས།

རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཚོགས་པ་དང་ཁེ་ལས་ཀྱིས་རང་འགུལ་གསར་གཏོད་ལག་རྩལ་སྤྱད་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞིའི་འབྲེལ་ཡོད་ལག་རྩལ་རེ་འདུན་ལས་མཐོ་བའི་ཚོང་སྤྱོད་གསང་གྲངས་ཚོགས་པའི་ཚད་གཞི་དང་ཁེ་ལས་ཀྱི་ཚད་གཞི་གཏན་འབེབས་བྱ་དགོས།

 

དོན་ཚན་ཉེར་གསུམ་པ།  རྒྱལ་ཁབ་ཀྱིས་ཚོང་སྤྱོད་གསང་གྲངས་རྒྱལ་སྤྱིའི་ཚད་ལྡན་གྱི་བྱ་འགུལ་དང་ཚོང་སྤྱོད་གསང་གྲངས་རྒྱལ་སྤྱིའི་ཚད་ལྡན་དུ་བཟོ་རྒྱུ་ལ་ཞུགས་པར་སྐུལ་འདེད་དང་། ཚོང་སྤྱོད་གསང་གྲངས་ཀྲུང་གོའི་ཚད་གཞི་དང་ཕྱི་རྒྱལ་གྱི་ཚད་གཞིའི་བར་གྱི་བསྒྱུར་བཀོད་ནུས་པ་སྐུལ་དགོས།

རྒྱལ་ཁབ་ཀྱིས་ཁེ་ལས་དང་སྤྱི་ཚོགས་ཚོགས་པ། སློབ་གསོ། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ཚོང་སྤྱོད་གསང་གྲངས་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་བྱ་འགུལ་ལ་ཞུགས་པར་བསྟོད་སྐུལ་བྱ་དགོས།

 

དོན་ཚན་ཉེར་བཞི་པ།  ཚོང་སྤྱོད་གསང་གྲངས་ལས་གཉེར་ལས་ཁུངས་ཀྱིས་ཚོང་སྤྱོད་གསང་གྲངས་བྱ་འགུལ་སྤེལ་དུས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཚོང་སྤྱོད་གསང་གྲངས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་དེ་མིན་ལས་གཉེར་ལས་ཁུངས་དེས་སྤྱི་བསྒྲགས་བྱས་པའི་ཚད་གཞིའི་ལག་རྩལ་གྱི་རེ་འདུན་དང་མཐུན་དགོས།

རྒྱལ་ཁབ་ཀྱིས་ཚོང་སྤྱོད་གསང་གྲངས་ལས་གཉེར་ལས་ཁུངས་ཀྱིས་ཚོང་སྤྱོད་གསང་གྲངས་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་དང་ལས་རིགས་ཚད་གཞི་སྤྱད་དེ་ཚོང་སྤྱོད་གསང་གྲངས་ཀྱི་འགོག་སྲུང་ནུས་པ་མཐོར་འདེགས་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་དགོས།

 

དོན་ཚན་ཉེར་ལྔ་པ།  རྒྱལ་ཁབ་ཀྱིས་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དཔང་ཡིག་བདེན་མིན་ར་སྤྲོད་ཀྱི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དཔང་ཡིག་ར་སྤྲོད་ལག་རྩལ་ཚད་ལྡན་དང་སྒྲིག་ལམ་གཏན་འབེབས་བྱ་དགོས་ལ། ཚོང་སྤྱོད་གསང་གྲངས་ལས་གཉེར་ལས་ཁུངས་ཀྱིས་རང་འཐད་ཀྱིས་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དང་དཔང་ཡིག་ར་སྤྲོད་དང་ལེན་བྱེད་པར་བསྟོད་སྐུལ་བྱས་ཏེ་ཚོང་རའི་འགྲན་རྩོད་ཀྱི་ནུས་ཤུགས་མཐོར་འདེགས་གཏོང་དགོས།

ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དང་དཔང་ཡིག་ར་སྤྲོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་འབྲེལ་ཡོད་ཀྱི་ཐོབ་ཐང་བླངས་ཏེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་སྒྲིག་ལམ་དང་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དཔང་ཡིག་ར་སྤྲོད་ལག་རྩལ་གྱི་ཚད་ལྡན་དང་སྒྲིག་ལམ་ལྟར་ཚོང་སྤྱོད་གསང་གྲངས་ཀྱི་ལྲ་ཞིབ་ཚད་ལེན་དང་དཔང་ཡིག་ར་སྤྲོད་བྱ་དགོས།

ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དང་དཔང་ཡིག་ར་སྤྲོད་ཀྱི་ལས་ཁུངས་ཀྱིས་དེའི་བརྒྱུད་རིམ་ཁྲོད་དུ་ཤེས་པའི་རྒྱལ་ཁབ་ཀྱི་གསང་བ་དང་ཚོང་ལས་གསང་བར་གསང་སྲུང་གི་འོས་འགན་འཁུར་དགོས།

 

དོན་ཚན་ཉེར་དྲུག་པ།  རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཇུས་དམངས་འཚོ། སྤྱི་ཚོགས་སྤྱིའི་ཁེ་ཕན་ལ་འབྲེལ་བའི་ཚོང་སྤྱོད་གསང་གྲངས་ཐོན་རྫས་ཁྲིམས་ལུགས་ལྟར་དྲ་རྒྱའི་གནད་འགག་སྒྲིག་ཆས་དང་དྲ་རྒྱའི་བདེ་འཇགས་ཆེད་སྤྱོད་ཐོན་རྫས་དཀར་ཆག་ནང་དུ་འགོད་དགོས་ལ། ཐོབ་ཐང་ལྡན་པའི་ལས་ཁུངས་ཀྱིས་ལྟ་ཞིབ་ཚད་ལེན་དང་དངཔ་ཡིག་ར་སྤྲོད་བྱས་རྗེས་ད་གཟོད་ཕྱིར་འཚོང་ངམ་འདོན་སྤྲོད་བྱེད་ཆོག ལྟ་ཞིབ་ཚད་ལེན་བསྐྱར་ཟློས་མི་བྱེད་པའི་ཆེད་དུ་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དང་དཔང་ཡིག་ར་སྤྲོད་བྱས་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་སྒྲིག་ལམ་སྤྱད་ན་ཆོག།

ཚོང་སྤྱོད་གསང་གྲངས་ཞབས་ཞུས་དྲ་རྒྱའི་གནད་འགག་སྒྲིག་ཆས་དང་དྲ་རྒྱའི་བདེ་འཇགས་ཆེད་སྤྱོད་ཐོན་རྫས་སྤྱོད་ན་ཚོང་སྤྱོད་གསང་གྲངས་དཔང་ཡིག་ར་སྤྲོད་བྱེད་པའི་ལས་ཁུངས་ཀྱིས་དེའི་ཚོང་སྤྱོད་གསང་གྲངས་ཞབས་ཞུ་ཚད་ལོན་མིན་ར་སྤྲོད་བྱ་དགོས།

 

དོན་ཚན་ཉེར་བདུན་པ།  བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་གྱི་རེ་འདུན་ལྟར་ཚོང་སྤྱོད་གསང་གྲངས་སྤྱད་ན་སྲུང་དགོས་པའི་ཆ་འཕྲིན་གལ་ཆེན་གཞི་རྩའི་སྒྲིག་ཆས་སྤྱོད་དགོས། དེའི་འཁོར་སྐྱོད་བྱེད་མཁན་གྱིས་ཚོང་སྤྱོད་གསང་གྲངས་སྤྱད་དེ་སྲུང་དགོས་ལ། རང་འཐད་དམ་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་ལས་ཁུངས་ལ་བཅོལ་ཏེ་ཚོང་སྤྱོད་གསང་གྲངས་ཉེར་སྤྱོད་ཀྱི་བདེ་འཇགས་རང་བཞིན་ཚོད་དཔག་བྱ་དགོས། ཚོད་དཔག་དང་ཚད་ལེན་བསྐྱར་ཟློས་མི་བྱེད་པའི་ཆེད་དུ་ཚོང་སྤྱོད་གསང་གྲངས་ཉེར་སྤྱོད་ཀྱི་བདེ་འཇགས་རང་བཞིན་ཚོད་དཔག་བྱས་པ་ཆ་འཕྲིན་གལ་ཆེན་གཞི་རྩའི་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་ཚད་ལེན་ཚོད་དཔག་དང་དྲ་རྒྱའི་བདེ་འཇགས་ཚད་རིམ་ཚད་ལེན་ལམ་ལུགས་འབྲེལ་མཐུད་བྱ་དགོས།

ཆ་འཕྲིན་གལ་ཆེན་གྱི་གཞི་རྩའི་སྒྲིག་ཆས་ཀྱི་འཁོར་སྐྱོད་བྱེད་མཁན་གྱིས་ཚོང་སྤྱོད་གསང་གྲངས་ལ་འབྲེལ་བའི་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་སྲིད་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་སྒྲིག་ལམ་ལྟར་རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་སྡེ་ཁག་གིས་རྒྱལ་ཁབ་གསང་གྲངས་དོ་དམ་སྡེ་ཁག་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྩ་འཛུགས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཞིབ་བཤེར་བརྒྱུད་དགོས།

 

དོན་ཚན་ཉེར་བརྒྱད་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཚོང་དོན་གཙོ་གཉེར་སྡེ་ཁག་དང་རྒྱལ་ཁབ་གསང་གྲངས་དོ་དམ་སྡེ་ཁག་གིས་ཁྲིམས་ལུགས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱིའི་ཁེ་ཕན་ལ་འབྲེལ་ཞིང་གསང་བསྣན་སྲུང་སྐྱོང་གི་ནུས་པ་ལྡན་པའི་ཚོང་སྤྱོད་གསང་གྲངས་ལ་ནང་འདྲེན་ཆོག་མཆན་ལག་བསྟར་བྱ་དགསོ་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱིའི་ཁེ་ཕན་ལ་འབྲེལ་བའམ་ཀྲུང་གོས་རྒྱལ་སྤྱིའི་འོས་འགན་ཁུར་བའི་ཚོང་སྤྱོད་གསང་གྲངས་ལ་ཕྱིར་གཏོང་གི་རྩིས་སྤྲོད་དོ་དམ་ལ་བསྟར་བྱ་དགོས། ཚོང་སྤྱོད་གསང་གྲངས་ནང་འདྲེན་ཆོག་མཆན་ཟིན་ཐོ་དང་ཕྱིར་གཏོང་རྩིས་སྤྲོད་དོ་དམ་ཟིན་ཐོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཁབ་གསང་གྲངས་དོ་དམ་སྡེ་ཁག་དང་འགག་སྒོའི་སྤྱི་ཁྱབ་ལས་ཁུངས་དང་ལྷན་དུ་གཏན་འབེབས་བྶ་ཏེ་སྤྱི་བསྒྲགས་བྱ་དགོས།

མང་ཚོགས་ཀྱིས་འཛད་སྤྱོད་བྱེད་པའི་རིགས་ལ་སྤྱད་པའི་ཚོང་སྤྱོད་གསང་གྲངས་ལ་ནང་འདྲེན་ཆོག་མཆན་དང་ཕྱིར་གཏོང་རྩིས་སྤྲོད་དོ་དམ་ལམ་ལུགས་ལག་བསྟར་མི་བྱ།

 

དོན་ཚན་ཉེར་དགུ་པ།  རྒྱལ་ཁབ་གསང་གྲངས་དོ་དམ་སྡེ་ཁག་གིས་ཚོང་སྤྱོད་གསང་གྲངས་ལག་རྩལ་སྤྱད་དེ་གློག་རྡུལ་སྲིད་དོན་གློག་རྡུལ་དཔང་ཡིག་ར་སྤྲོད་ཞབས་ཞུ་སྒྲུབ་པའི་ལས་ཁུངས་ཀྱིས་གཏན་ཁེལ་བྱ་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་སྲིད་དོན་བྱ་འགུལ་ཁྲོད་དུ་གློག་རྡུལ་མིང་འགོད་དང་གཞི་གྲངས་གློག་ཡིག་སྤྱོད་པའི་དོ་དམ་གྱི་འགན་ཁུར་དགོས།

 

དོན་ཚན་སུམ་ཅུ་པ།  ཚོང་སྤྱོད་གསང་གྲངས་ཁྱབས་ཁོངས་ཀྱི་ལས་རིགས་མཐུན་ཚོགས་སོགས་ཀྱི་རྩ་འཛུགས་ཀྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་དེ་མིན་སྒྲིག་ཡིག་གི་སྒྲིག་ལམ་ལྟར་ཚོང་སྤྱོད་གསང་གྲངས་ལས་གཉེར་ལས་ཁུངས་ཀྱིས་ཆ་འཕྲིན་དང་ལག་རྩལ། གསོ་སྦྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཚོང་སྤྱོད་གསང་གྲངས་ལས་གཉེར་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་ཚོང་སྤྱོད་ལསང་གྲངས་བྱ་འགུལ་སྤེལ་བར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས་ལ། ལས་རིགས་རང་བཅག་ལ་ཤུགས་སྣོན་དང་ལས་རིགས་གཞུང་དྲང་འཛུགས་སྐྲུན་སྐུལ་འདེད། ལས་རིགས་བདེ་ཐང་གིས་འཕེལ་རྒྱས་འགྲོ་བར་སྐུལ་དགོས།

 

དོན་ཚན་སོ་གཅིག་པ།  གསང་གྲངས་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ནམ་རྒྱུན་ལྟ་སྐུལ་དོ་དམ་དང་སྐབས་བསྟུན་འཐེན་ཞིབ་ཟུང་འབྲེལ་གྱི་ཚོང་སྤྱོད་གསང་གྲངས་དོན་སྔོན་དོན་མཇུག་ལྟ་སྐུལ་དོ་དམ་ལམ་ལུགད་འཛུགས་དགོས་ལ། གཅིག་གྱུར་གྱི་ཚོང་སྤྱོད་གསང་གྲངས་ལྟ་སྐུལ་དོ་དམ་ཆ་འཕྲིན་སྟེགས་བུ་བཙུགས་ཏེ་དོན་སྔོན་དོན་མཇུག་གི་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ཡིད་རྟོན་མ་ལག་སྦྲེལ་མཐུད་སྐུལ་འདེད་དང་། ཚོང་སྤྱོད་གསང་གྲངས་ལས་གཉེར་ལས་ཁུངས་ཀྱི་རང་བཅག་དང་སྤྱི་ཚོགས་ལྟ་སྐུལ་དོ་དམ་ཤུགས་སྣོན་རྒྱག་དགོས།

གསང་གྲངས་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག དེ་མིན་ལས་དོན་མི་སྣས་ཚོང་སྤྱོད་གསང་གྲངས་ལས་གཉེར་སྡེ་ཁག་དང་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དང་དཔང་ཡིག་ར་སྤྲོད་ཀྱི་ལས་ཁུངས་ཀྱིས་དེར་ཚབ་རྟགས་འགོ་མ་སོགས་གསང་གྲངས་ལ་འབྲེལ་བའི་ཆེད་དོན་ཆ་འཕྲིན་བསྒྲགས་དགོས་པའི་རེ་བ་འདོན་མི་ཆོག་ལ། འགན་འཁྲི་ལག་བསྟར་བྱེད་སྐབས་ཤེས་པའི་ཚོད་ལས་གསང་གྲངས་དང་མི་འྒེར་གྱི་གསང་བ་ནན་མོར་སྲུང་དགོས་པ་ལས་བསྒྲགས་མི་ཆོག་ལ་ཁྲིམས་འགལ་གྱིས་མི་གཞན་ལ་མཁོ་འདོན་བྱ་མི་ཆོག

 

ས་བཅད་བཞི་པ།  ཁྲིམས་ལུགས་འགན་འཁྲི།

དོན་ཚན་སོ་གཉིས་པ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གིས་པའི་སྒྲིག་ལམ་དང་འགལ་ཏེ་མི་གཞན་གྱི་གསང་གྲངས་བསྣན་ཏེ་སྲུང་བའི་ཆ་འཕྲོན་གཡོ་འཕྲོག་དང་། ཁྲིམས་འགལ་གྱིས་མི་གཞན་གྱི་གསང་སྲུང་མ་ལག་ནང་དུ་འཛུལ་བའམ་གསང་གྲངས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱིའི་ཁེ་ཕན། མི་གཞན་པའི་ཁྲིམས་མཐུན་ཁེ་དབང་སོགས་ལ་གནོད་པའི་ཁྲིམས་འགལ་བྱ་འགུལ་སྤེལ་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམསདང་འབྲེལ་ཡོད་བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ་གྱི་སྒྲིག་ལམ་ལྟར་ཁྲིམས་འགན་རྩད་གཅོད་བྱ་དགོས།

 

དོན་ཚན་སོ་གསུམ་པ།  བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་པའི་སྒྲིག་ལམ་དང་འགལ་ཏེ་རེ་འདུན་ལྟར་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ་མ་བཀོལ་ན་གསང་གྲངས་དོ་དམ་སྡེ་ཁག་གིས་འགན་དཀྲི་དགོས་པའམ་ཁྲིམས་འགལ་བྱ་སྤྱོད་ཀྱི་མཚམས་འཇོག་ཏུ་བཅུག་ནས་ཐ་ཚིག་སྒྲོག་དགོས། གནས་ཚུལ་ཚབས་ཆེན་ཡིན་ན་གསང་གྲངས་དོ་དམ་སྡེ་ཁག་གིསའབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་བའི་མི་སྣ་གཞན་པར་ཁྲིམས་ལུགས་ལྟར་ཆད་པའམ་ཐག་གཅོད་བྱ་དགོས་པའི་བསམ་འཆར་འདོན་དགོས།

 

དོན་ཚན་སོ་བཞི་པ།  བཅའ་ཁྲིམས་འདིའི་སྒྲིག་ལམ་དང་འགལ་ཏེ་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ་ཕྱིར་ཤོར་གྱི་དོན་རྐྱེན་བྱུང་ན་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་དང་གསང་གྲངས་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་དང་སྡེ་ཁག་གིས་ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་བའི་མི་སྣ་གཞན་པར་ཁྲིམས་ལུགས་ལྟར་ཆད་པ་གཅོད་དགོས་པའམ་ཐག་གཅོད་བྱ་དགོས་པའི་བསམ་འཆར་འདོན་དགོས།

བཅའ་ཁྲིམས་འདིའི་དོན་ཚན་བཅུ་བདུན་པའི་དུམ་ཚན་གཉིས་པའི་སྒྲིག་ལམ་ལ་འགལ་ཏེ་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མ་ཕྱིར་གཏོང་བྱས་པའམ་ལྟེ་བའི་གསང་གྲངས་དང་གསང་གྲངས་དཀྱུས་མའི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་གལ་ཆེན་དང་ལྐོག་གྱུར་ཉེན་ཁ་ལྡན་པ་ཤེས་ཏེ་དུས་ཐོག་ཏུ་མཁོ་བསྟུན་བྱེད་ཐབས་མ་སྤྱད་པའམ་དུས་ཐོག་ཏུ་སྙན་ཞུ་མ་བྱས་ན་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་དང་གསང་གྲངས་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་དང་སྡེ་ཁག་གིས་ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་བའི་མི་སྣ་གཞན་པར་ཁྲིམས་ལུགས་ལྟར་ཆད་པ་གཅོད་དགོས་པའམ་ཐག་གཅོད་བྱ་དགོས་པའི་བསམ་འཆར་འདོན་དགོས།

 

དོན་ཚན་སོ་ལྔ་པ།  ཚོང་སྤྱོད་གསང་གྲངས་ཞིབ་དཔྱད་ཚད་ལེན་དང་དཔང་ཡིག་ར་སྤྲོད་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་ལྔ་པའི་ཁག་གཉིས་པ་དང་གསུམ་པའི་སྒྲིག་ལམ་ལ་འགལ་ཏེ་ཚོང་སྤྱོད་གསང་གྲངས་ལྟ་ཞིབ་ཚད་ལེན་དང་དཔང་ཡིག་ར་སྤྲོད་བྱས་ན་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གསང་གྲངས་དོ་དམ་སྡེ་ཁག་དང་ལྷན་དུ་འགན་དཀྲི་དགོས་པའམ་ཁྲིམས་འགལ་བྱ་སྤྱོད་ཀྱི་མཚམས་འཇོག་ཏུ་བཅུག་ནས་ཐ་ཚིག་སྒྲོག་དགོས་ལ་ཁྲིམས་འགལ་ལས་བླངས་པ་དག་གཞུང་བཞེས་བྱ་དགོས། ཁྲིམས་འགལ་ལས་བླངས་པ་ཁྲི་སུམ་ཅུའི་ཡན་ཡིན་ན་ཐོབ་པའི་ལྡབ་གཅིག་ཡན་དང་ལྡབ་གསུམ་མན་གྱི་ཆད་པ་གཅོད་དགོས། ཁྲིམས་འགལ་ལས་བླངས་པ་མེད་པའམ་བླངས་པ་སྒོར་ཁྲི་སུམ་ཅུར་མི་འདིང་ན་སྒོར་ཁྲི་གཅིག་ཡན་དང་ཁྲི་སུམ་ཅུའི་མན་གྱི་ཆད་པ་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན་ཁྲིམས་ལུགས་ལྟར་འབྲེལ་ཡོད་ཐོབ་ཐང་མེད་པར་བཟོ་དགོས།

 

དོན་ཚན་སོ་དྲུག་པ།  བཅའ་ཁྲིམས་འདིའི་དོན་ཚན་ཉེར་དྲུག་གི་སྒྲིག་ལམ་དང་འགལ་ཏེ་ཞིབ་དཔྱད་ཚད་ལེན་དང་དཔང་ཡིག་ར་སྤྲོད་མ་བྱས་པའམ་བྱས་ཤིང་ཚད་ལྡན་མིན་པའི་ཚོང་སྤྱོད་གསང་གྲངས་ཐོན་རྫས་འདོན་པའམཡང་ན་ཞིབ་དཔྱད་ཚད་ལེན་དང་དཔང་ཡིག་ར་སྤྲོད་མ་བྱས་པའམ་བྱས་ཤིང་ཚད་ལྡན་མིན་པའི་ཚོང་སྤྱོད་ཞབས་ཞུ་འདོན་སྤྲོད་བྱས་ན་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གསང་གྲངས་དོ་དམ་སྡེ་ཁག་དང་ལྷན་དུ་འགན་དཀྲི་དགོས་པའམ་ཁྲིམས་འགལ་བྱ་སྤྱོད་ཀྱི་མཚམས་འཇོག་ཏུ་བཅུག་ནས་ཐ་ཚིག་སྒྲོག་དགོས་ལ་ཁྲིམས་འགལ་ལས་བླངས་པ་དག་གཞུང་བཞེས་བྱ་དགོས། ཁྲིམས་འགལ་ལས་བླངས་པ་ཁྲི་བཅུའི་ཡན་ཡིན་ན་ཐོབ་པའི་ལྡབ་གཅིག་ཡན་དང་ལྡབ་གསུམ་མན་གྱི་ཆད་པ་གཅོད་དགོས། ཁྲིམས་འགལ་ལས་བླངས་པ་མེད་པའམ་བླངས་པ་སྒོར་ཁྲི་བཅུ་མི་འདིང་ན་སྒོར་ཁྲི་གསུམ་ཡན་དང་ཁྲི་བཅུའི་མན་གྱི་ཆད་པ་གཅོད་དགོས།

 

དོན་ཚན་སོ་བདུན་པ།  ཆ་འཕྲིན་གལ་ཆེན་གཞི་རྩིའི་སྒྲིག་ཆས་ཀྱི་འཁོར་སྐྱོད་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་གྱི་ཁག་དང་པོའི་སྒྲིག་ལམ་དང་འགལ་ཏེ་རེ་འདུན་ལྟར་ཚོང་སྤྱོད་གསང་གྲངས་མ་སྤྱད་པའམ་རེ་འདུན་ལྟར་ཚོང་སྤྱོད་གསང་གྲངས་བཀོལ་སྤྱོད་བདེ་འཇགས་ཚོད་དཔག་མ་བྱས་ན་གསང་གྲངས་དོ་དམ་སྡེ་ཁག་གིས་འགན་དཀྲིས་ཏེ་བཅོས་བསྒྱུར་བྱེད་དུ་འཇུག་དགོས་ལ་ཐ་ཚིག་སྒྲོག་དགོས། བཅོས་བསྒྱུར་མི་བྱེད་པའམ་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་མཇུག་འབྲས་བཟོ་ན་སྒོར་ཁྲི་བཅུའི་ཡན་དང་ཁྲི་བརྒྱའི་མན་གྱི་ཆད་པ་གཅོད་དགོས་ལ། ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣར་སྒོར་ཁྲི་གཅིག་ཡན་དང་ཁྲི་བཅུའི་མན་གྱི་ཆད་པ་གཅོད་དགོས།

ཆ་འཕྲིན་གལ་ཆེན་གཞི་རྩིའི་སྒྲིག་ཆས་ཀྱི་འཁོར་སྐྱོད་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་གྱི་ཁག་གཉིས་པའི་སྒྲིག་ལམ་དང་འགལ་ཏེ་བདེ་འཇགས་ཞིབ་བཤེར་མ་བྱས་པའམ་བྱས་ཤིང་ཚད་ལྡན་མིན་པའི་ཐོན་རྫས་སམ་ཞབས་ཞུ་སྤྱད་ན་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་འགན་དཀྲིས་ཏེ་བེད་སྤྱོད་ཀྱི་མཚམས་འཇོག་ཏུ་འཇུག་དགོས་ལ། ཉོ་སྒྲུབ་འགྲོ་སོང་གི་ལྡབ་གཅིག་ཡན་དང་ལྡབ་བཅུའི་མན་གྱི་ཆད་པ་གཅོད་དགོས། ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་གྱི་འགན་ཁུར་བའི་མི་སྣར་སྒོར་ཁྲི་གཅིག་ཡན་དང་ཁྲི་བཅུའི་མན་གྱི་ཆད་པ་གཅོད་དགོས།

 

དོན་ཚན་སོ་བརྒྱད་པ།  བཅའ་ཁྲིམས་འདིའི་དོན་ཚན་ཉེར་བརྒྱད་པའི་སྒྲིག་ལམ་དང་འགལ་ཏེ་ནང་འདྲེན་ཆོག་མཆན་དང་ཕྱིར་གཏོང་རྩིས་སྤྲོད་ཀྱི་སྒྲིག་ལམ་ལག་བསྟར་བྱས་ན་ནང་འདྲེན་ཕྱིར་གཏོང་ཚོང་སྤྱོད་གསང་གྲངས་སྤྱད་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚོང་དོན་གཙོ་གཉེར་སྡེ་ཁག་གམ་འགག་སྒོས་ཁྲིམས་ལུགས་ལྟར་ཆད་པ་གཅོད་དགོས།

 

དོན་ཚན་སོ་དགུ་པ།  བཅའ་ཁྲིམས་འདིའི་དོན་ཚན་ཉེར་དགུ་པའི་སྒྲིག་ལམ་དང་འགལ་ཏེ་གློག་རྡུལ་སྲིད་དོན་གློག་རྡུལ་དཔང་ཡིག་ར་སྤྲོད་ཞབས་ཞུ་གཏན་ཁེལ་མ་བྱས་པར་ལས་གཉེར་བྱས་ན་གསང་གྲངས་དོ་དམ་སྡེ་ཁག་གིས་འགན་དཀྲིས་ཏེ་བཅོས་བསྒྱུར་བྱེད་དུ་འཇུག་དགོས་ལ་ཐ་ཚིག་སྒྲོག་དགོས་ལ། ཁྲིམས་འགལ་ཐོན་རྫས་དང་ཁྲིམས་འགལ་ལས་བླངས་པ་གཞུང་བཞེས་བྱ་དགོས། ཁྲིམས་འགལ་ལས་བླངས་པ་སྒོར་ཁྲི་སུམ་ཅུའི་ཡན་ཟིན་ན་དེའི་ལྡབ་གཅིག་ཡན་དང་ལྡབ་གསུམ་མན་གྱི་ཆད་པ་གཅོད་དགོས། ཁྲིམས་འགལ་ལས་བླངས་པ་མེད་པའམ་བླངས་པ་སྒོར་ཁྲི་སུམ་ཅུ་མི་འདིང་ན་སྒོར་ཁྲི་བཅུའི་ཡན་དང་ཁྲི་སུམ་ཅུའི་མན་གྱི་ཆད་པ་གཅོད་དགོས།

 

དོན་ཚན་བཞི་ཅུ་པ།  གསང་གྲངས་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་ལས་དོན་མི་སྣས་གསང་གྲངས་ལས་དོན་ཁྲོད་དུ་འགན་དབང་གང་བྱུང་དུ་སྤྱོད་པ་དང་རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་ལམ་ཁྲིམས་འགལ་གྱིས་མི་གཞན་ལ་འོས་འགན་སྒྲུབ་དུས་སུ་ཤེས་བྱུང་བའི་ཚོང་ལས་གསང་བ་དང་མི་སྒེར་གྱི་གསང་བ་བསྒྲགས་ན་ཁྲིམས་ལུགས་ལྟར་ཆད་པ་གཅོད་དགོས།

 

དོན་ཚན་ཞེ་གཅིག་པ།  བཅའ་ཁྲིམས་འདིའི་སྒྲིག་ལམ་དང་འགལ་ཏེ་ཉེས་བ་བཟོས་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱ་དགོས། མི་གཞན་ལ་གནོད་སྐྱོན་བཟོས་ན་ཁྲིམས་ལུགས་ལྟར་དམངས་དོན་འགན་འཁྲི་ཁུར་དགོས།

 

ས་བཅད་ལྔ་བ།    ཞར་བྱུང་དོན་ཚན།

དོན་ཚན་ཞེ་གཉིས་པ།  རྒྱལ་ཁབ་གསང་གྲངས་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་དང་སྲིད་འཛིན་སྒྲིག་སྲོལ་གྱི་སྒྲིག་ལམ་ལྟར་གསང་གྲངས་དོ་དམ་ལམ་ལུགས་འཛུགས་དགོས།

 

དོན་ཚན་ཞེ་གསུམ་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་གི་གསང་གྲངས་ལས་དོན་དོ་དམ་བྱ་ཐབས་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདིའི་སྒྲིག་ལམ་ལྟར་འཛུགས་དགོས།

 

དོན་ཚན་ཞེ་བཞི་པ།  བཅའ་ཁྲིམས་འདི་༢༠༢༠ལོའི་ཟླ༡ཚེས༡ཉིན་ནས་ལག་བསྟར་བྱ་དགོས།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号