སྐུད་ཐོག་མཛུབ་སྟོན།

         “12348”བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་ནི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་ཀྱི་ཆེད་སྤྱོད་ཁ་པར་དང་གློག་འཕྲིན་དྲ་རྒྱ་སྤྱད་དེ་ཁྲིམས་རྩོད་པ་དང་།གཞུང་དཔང་བ།གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་མི་སྣ།ཤང་དང་གྲོང་རྡལ་གྱི་ཁྲིམས་འཛིན་ཁང་གི་ལས་དོན་མི་སྣ་སོགས་ཁྲིམས་ལུགས་ཞབས་ཞུའི་མི་སྣ་གཅིག་གྱུར་ཐོག་སྒྲིག་འཛུགས་བྱེད་དེ།རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་རྩ་འཛུགས་ལ་ཁ་ཕྱོགས་དེ་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་པའི་རྣམ་པ་ཞིག་ཡིན།

        ཉིན་ཞག་མེད་པར་ཞབས་ཞུ་བྱེད་ལ།ཞབས་ཞུའི་ནང་དོན་ལ་ཁྲིམས་དོན་རོགས་རམ་དང་།ཁྲིམས་རྩོད་པ།སྤྱི་དཔང་།ཁྲིམས་འཛིན་ཆོད་སྡོམ།འདུམ་སྒྲིག་་་མི་དམངས་བར་འདུམ་སོགས་ཡོད།དྲིས་པའི་ཁྲིམས་དོན་སླ་མོ་ཅན་ལ་ཐད་གར་སྐུད་ཐོག་ནས་ལན་འདེབས་ལ།དཀའ་མོ་ཅན་ནི་འདྲི་མཁན་གྱི་མིང་སོགས་ཐོ་འགོད་བྱས་ཏེ་དུས་ཚོད་༤༨་ནང་དུ་ཕྱི་ལན་འདེབས་རྒྱུ་རེད།ཞབས་ཞུའི་ནང་དོན་མ་ཡིན་པའི་དྲི་བ་གཞན་ཡིན་ཚེ།འབྲེལ་ཡོད་ཀྱི་འགན་ལེན་ལས་ཁུངས་གཞན་སར་ལམ་ཁྲིད་བྱས་ཏེ་ཐག་བཅོད་བྱའོ།